Skip to main content Skip to search
01 Sep 2018
4 min 59 sec
Video Overview
Creators: 
Penchela

Druba from Samdrupcholing sings a Zhungdra song that was mainly performed during annual rituals and tshechus (festivals). This song can be danced to as well and sung by both men and women.

༉  གླུ་གཞས་ལྷམ་པ་མ་འདྲཝ་ལེ་ཤ་ཅིག་ཡོདཔའི་ནང་གསེས་ལས་ ཀྲོང་གསར་བྲག་སྟེང་ བསམ་ཆོས་གླིང་ལས་ཨིན་མི་སྒྲུབ་པ་གིས་འཐེན་ཡོད་མི་གླུ་གཞས་ ཨོཾ་རི་སངས་རི་ལ་ཟེར་མི་འདི་ ག་ཏེ་ལས་བྱུང་ཡི་ག་དང་ ག་གིས་བརྩམས་ཅི་ག་མི་ཤེས་དོ་ཡོདཔ་ད་ ཨོཾ་རི་སངས་རི་ལ་ཟེར་མི་ཚིག་འདི་ ཡོངས་གྲགས་ཅིག་ཨིན་རུང་ གླུ་གཞས་ཀྱི་ནང་དོན་འདི་སོ་སོ་ཅིག་ར་ཨིན་པས། དེ་ཡང་ འོད་ཟེར་སྒྲོལ་མ་ཟེར་མི་ཅིག་ རང་གཡུས་བཀོ་བཞག་སྟེ་ཐག་རིང་སར་མི་ཡུལ་འཁྱམས་སྡོད་པའི་སྐབས་ཀྱི་སྐྱོ་སྣང་ལངས་པའི་སྐྱོ་གླུ་ཅིག་ཨིན་མས། ཨིན་རུང་ ཚེ་སྔོན་གྱི་ལས་ཨིནམ་ལས་ འབད་ཐབས་གཞན་ག་ནི་ཡང་མེད་པར་ སེམས་སྐྱོ་མོ་ལངས་ཏེ་འཐེན་འཐེནམ་གྱི་གླུ་གཞས་ཅིག་ཨིན་པས།

Transcript search
No results found for this search
0 of 0
  • གྲུ་པ། Duba
    ལགས་སོ།
  • ཨོཾ་རི་སངས་རི་ལ། །ཤིང་མོ་སྐྱེས་བ་རྒྱ་མཚོ་ལ་ནི་ཁ་ནས་སྐྱེས་ལ། །འོད་ཟེར་སྒྲོལ་མ་ཐང་དཀར་ལ་ནི་རྒྱལ་པོ་འདྲ་ལ། །འོད་ཟེར་སྒྲོལ་མ་ཐང་དཀར་ལ་ནི་རྒྱལ་པོ་འདྲ། །
  • གྲུ་པ། Duba
    ཨོཾ་རི་སངས་རི་ལ། །ཤོག་རྩལ་ལྕི་བ་རང་ཡུལ་ལ་ཕྱོགས་སུ་བཞག་ལ། །རང་ཡུལ་བཞག་ནས་མི་གཡུས་ལ་ནི་དྲན་པ་འབྱུང་ལ། །རང་ཡུལ་བཞག་ནས་མི་ཡུལ་ལ་ནི་དྲན་པ་འབྱུང་། །
  • གྲུ་པ། Duba
    ཨོཾ་རི་སངས་རི་ལ། །མི་ཡུལ་དྲན་པ་ཚེ་སྔོན་ལ་ལས་ལ་བཀོད་ལ། །འོད་ཟེར་སྒྲོལ་མ་ཐུགས་སེམས་ལ་ནི་མ་སྐྱོ་ཤིག །འོད་ཟེར་སྒྲོལ་མ་ཐུགས་སེམས་ལ་ནི་མ་སྐྱོ་ཤིག །
  • གྲུ་པ། Duba
    ཨོཾ་རི་སངས་རི་ལ། །ཕུ་ཡི་ཤིང་ནི་བ་ལུ་ལ་སུ་ལུ་ཤིང་ལ། །འོད་ཟེར་སྒྲོལ་མ་བྱི་ཅུང་ལ་ནི་སྐལ་བཟང་འདྲ། །འོད་ཟེར་སྒྲོལ་མ་བྱི་ཅུང་ལ་ནི་སྐལ་བཟང་འདྲ། །
  • གྲུ་པ། Duba
    ཨོཾ་རི་སངས་རི་ལ། །ལྟོད་མོ་ཆེ་བ་རང་གི་ལ་ཡུལ་ལ་བཞག་ལ། །རང་ཡུལ་བཞག་ནས་མི་ཡུལ་ལ་ནི་དྲན་པ་འབྱུང་ལ། །རང་ཡུལ་བཞག་ནས་མི་ཡུལ་ལ་ནི་དྲན་པ་འབྱུང་། །
  • གྲུ་པ། Duba
    ཨོཾ་རི་སངས་རི་ལ། །མི་ཡུལ་དྲན་པ་ཚེ་སྔོན་ལ་ལས་ལ་བཀོད་ལ། །འོད་ཟེར་སྒྲོལ་མ་ཐུགས་སེམས་ལ་ནི་མོ་སྐྱོ་ཤིག་ལ། །འོད་ཟེར་སྒྲོལ་མ་ཐུགས་སེམས་ལ་ནི་མོ་སྐྱོ་ཤིག །
  • གྲུ་པ། Duba
    ཨོཾ་རི་སངས་རི་ལ། །གཏན་ཀྱང་གླིང་གི་རྟ་རས་ལ་གྲུ་བཞི་ནང་ལ། །འོད་ཟེར་སྒྲོལ་མ་ཆར་རླུང་ལ་ནི་ཨེར་ཀ་འདྲ། །འོད་ཟེར་སྒྲོལ་མ་ཆར་རླུང་ལ་ནི་ཨེར་ཀ་འདྲ། །
  • གྲུ་པ། Duba
    ཨོཾ་རི་སངས་རི་ལ། །གསུང་སྐད་ཧན་པ་རང་ཡུལ་ལ་ཕྱོགས་ལ་བཞག་ལ། །རང་ཡུལ་བཞག་ནས་མི་ཡུལ་ལ་ནི་དྲན་པ་འབྱུང་ལ། །རང་ཡུལ་བཞག་ནས་མི་ཡུལ་ལ་ནི་དྲན་པ་འབྱུང་། །
  • གྲུ་པ། Duba
    ཨོཾ་རི་སངས་རི་ལ། །མི་ཡུལ་དྲན་པ་ཚེས་སྔོན་ལ་ལས་ལ་་་
  • (Speaker coughs) བཀོད་ལ། །
  • (Speaker coughs)
  • འོད་ཟེར་སྒྲོལ་མ་ཐུགས་སེམས་ལ་ནི་མ་སྐྱོ་ཤིག །འོད་ཟེར་སྒྲོལ་མ་ཐུགས་སེམས་ལ་ནི་མ་སྐྱོ་ཤིག །
  • གྲུ་པ། Duba
    འ་ནེ་སྦེ་ཨིན་ད། ཨའུ་སྐད་ཀྱི་མི་བཏུབ་པས་ད།