Skip to main content Skip to search
01 Sep 2018
6 min 28 sec
Video Overview
Creators: 
Norzin Lhamo

The ramming mud song called "Om Sangla mani Padme Hung Hri" is very popular in Bhutan and is sung especially during the construction of typical Bhutanese house made of rammed earth. These age-old songs are solely sung by the group of people of western Bhutan, in particular Punakha, Wangdiphodrang, Thimphu, Dagana, Chhukha, Haa and Paro.

 

ཨོཾ་ས་ལ་མ་ཎི་པདྨེ་ཧཱུཾ་ཧྲཱི་ཟེར་མི་ ཡོངས་གྲགས་ཅན་གྱི་པར་གཞས་འདི་ སྤྱིར་བཏང་ང་བཅས་ར་ རང་ལུགས་ཀྱི་ཁྱིམ་རྐྱབ་པའི་སྐབས་འཐེནམ་ཨིནམ་ད་ འདི་བཟུམ་གྱི་དང་ཕུའི་གླུ་གཞས་འདི་ཚུ་ མང་ཤོས་ཅིག་ སྤུན་ན་དང་ དབང་འདུས་ཕོ་བྲང་ དར་དཀར་ན་དང་ཆུ་ཁ་ འདི་ལས་ ཧཱ་དང་སྤ་རོ་ལ་སོགས་པའི་ ནུབ་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་གིས་འཐེན་ཨིན། 

 

Transcript search
No results found for this search
0 of 0
  • དགོན་མཁར་གྱི་ཨམ་སྲུ་ཚུ། Goenkhar Women
    ཨ་་་ཨོམ་ས་ལ་མ་ཎི་པདྨེ་ཧཱུཾ་ལ། །གསུང་ཡས་ས་ལ་མ་ཎི་ལ་པདྨེ་ཧཱུཾ།
  • དགོན་མཁར་གྱི་ཨམ་སྲུ་ཚུ། Goenkhar Women
    ཨ་་་རི་ཅིག་ནོར་བུ་རི་གི་རྩེ་མོ་ལས་ལ། །ཡངས་པའི་གླུ་གི་གདན་ས་ལ་ཡོད་ཟེར་ཡོད། །
  • དགོན་མཁར་གྱི་ཨམ་སྲུ་ཚུ། Goenkhar Women
    ཨ་་་བལ་ལ་བལ་གྱི་བ་ག་རུ་སེ་རུ་ལ། །བལ་ལ་མ་བལ་འཚོ་ཁ་ལ་འགྱུར་སེ་འགྱུར། །
  • དགོན་མཁར་གྱི་ཨམ་སྲུ་ཚུ། Goenkhar Women
    ཨ་་་མི་ལ་གཞན་དང་གཞན་ལུ་བལ་མི་བཙོང་ལ། །བུ་ཆུང་ཆོས་ལ་འགྲོ་བའི་ལ་རས་གཟན་ཨིན། །
  • དགོན་མཁར་གྱི་ཨམ་སྲུ་ཚུ། Goenkhar Women
    ཨ་་་རི་ཅིག་ནོར་བུ་རི་གི་སྐེད་པ་ལས་ལ། །མར་གསེར་ལས་འབྱུང་པའི་ལ་གདན་ས་ཡོད། །
  • དགོན་མཁར་གྱི་ཨམ་སྲུ་ཚུ། Goenkhar Women
    ཨ་་་དཀརཔོ་ལ་མར་གྱི་མཆོད་རྟེན་བཞེངས་སེ་བཞེངས་ལ། །དཀརཔོ་ལ་མར་གྱི་མཆོད་རྟེན་བཞེངས་སེ་བཞེངས། །
  • དགོན་མཁར་གྱི་ཨམ་སྲུ་ཚུ། Goenkhar Women
    ཨ་་་མི་ལ་གཞན་དང་གཞན་ལུ་མར་མི་བཙོང་ལ། །བུ་ཆུང་ཆོས་ལ་འགྲོ་བའི་ལ་ཁྱོས་མ་ཨིན། །
  • དགོན་མཁར་གྱི་ཨམ་སྲུ་ཚུ། Goenkhar Women
    ཨ་་་་་རི་ཅིག་ནོར་བུ་རི་གི་རྩ་བ་ལས་ལ། །ཡབ་ཡུལ་གཉིས་ཀྱི་གདན་ས་ལ་ཡོད་ཟེར་ཡོད། །
  • དགོན་མཁར་གྱི་ཨམ་སྲུ་ཚུ། Goenkhar Women
    ཨ་་་་་ཟས་ནོར་ལོངས་སྤྱོད་རི་དེ་བྱུར་སེ་བྱུར་ལ། །ཟས་ནོར་ལོངས་སྤྱོད་རི་དེ་ལ་བྱུར་སེ་བྱུར། །
  • དགོན་མཁར་གྱི་ཨམ་སྲུ་ཚུ། Goenkhar Women
    ཨ་་་་་མི་ལ་གཞན་དང་གཞན་ལུ་ཆུམ་མི་བཙོང་ལ། །བུ་ཆུང་ཆོས་ལ་འགྲོ་བའི་ལ་ཆུམ་རྒྱགས་ཨིན། །