30 Aug 2018
4 min 11 sec
Video Overview
Creators:
Sonam Tobgye, Sangay Tshomo
༉ ལྷུན་རྩེ་རྫོང་ཁག་ བུ་དུར་ལས་ ཚེ་དབང་ལྷ་མོ་གིས་འཐེན་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ གླུ་གཞས་གཞན་དང་མ་འདྲཝ་ཅིག་འཐེན་ཏེ་འདུག གླུ་གཞས་འདི་ནང་ ང་བཅས་ར་ཆ་ཁྱབ་ ཚེ་རིངམ་སྦེ་སྡོད་ཐབས་ལུ་ སངས་རྒྱས་ཚེ་དཔག་མེད་ལུ་གསོལ་བ་བཏབ་ཨིན་མས། ཏེ་གླུ་གཞས་ཀྱི་ཚིག་ཆ་མཉམ་ནང་ སངས་རྒྱས་ཚེ་དཔག་མེད་ལུ་གསོལ་བ་བཏབ་སྟེ་ ཚེའི་དངོས་གྲུབ་ཞུཝ་ཨིནམ་ད་ ཚིགས་བཅད་ཤུལ་མམ་ནང་ མོ་ར་ངོ་སྤྲོད་འབད་ཞིནམ་ལས་ མོ་རའི་པར་གྱི་བཤད་པ་རྐྱབ་ཨིན་པས།
Tshewang Lhamo for Kurtoe Gewog (county) in Lhuntse Dzongkhag (district) sings an old Boedra song. It seems to supplicate and impress the goddess of long life (Amitayus). It makes an offering to the goddess and seeks her blessing. Later in the song she introduces herself.
- Lhuntse
- ཚེ་དབང་ལྷ་མོ། Tshewang Lhamoཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི་ཡ་ཁོ་རེད། །ཡ་གླུ་བ་ལ་གླུ་ཡི་ལན་གླུ་ཡིན་ཁོ་རེད། །གླུ་ཐ་ལ་གླུ་ཡི་མགུར་གླུ་རེད། །གླུ་ཐ་ལ་གླུ་ཡི་མགུར་གླུ་རེད། །Om mani padmai hung, The song is the answer of song. The song is in sky.
- ཚེ་དབང་ལྷ་མོ། Tshewang Lhamoསྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ་ཁོ་རེད། །ཡ་གསོལ་བ་འདེབས་སུ་བྱིན་གྱིས་རློབས་ཁོ་རེད། །གསོལ་བ་འདེབས་སུ་བྱིན་གྱིས་རློབས། །The only refuge is tutelary deity and triple gem, We pray for you so you blessed us.
- ཚེ་དབང་ལྷ་མོ། Tshewang Lhamoམི་ང་འདྲ་ང་ངོ་མ་ཤེས་ན་ཁོ་རེད། །[ཡ་གུར་དཀར་པོའི་ནང་དུ་ཡིན་ཁོ་རེད། །སྦྱིན་གསུངས་འབྲུ་མོ་ཡིན། །དོན་འབྲུ་འདྲེ་གི་གོང་དུ་ཡིན། །རྗེ་བཙུན་ཚེ་གི་ལྷ་མོ་ཡིན། །?]If you don’t recognize person who I am? I dwell in white tent, Am Jinsung Drumo, seats above devils.
- ཚེ་དབང་ལྷ་མོ་ Tshewang Lhamoཕྱག་གཡས་པ་ཚེ་དར་གཡང་དར་བསྣམས་ཡ། །ཡ་ཕྱག་གཡོན་པ་སེང་གེ་འོ་མ་བསྣམས་ཡོད་གོ །འཛམ་བུ་གླིང་གི་རྟེན་འབྲེལ་བཟང་། །འཛམ་བུ་གླིང་གི་རྟེན་འབྲེལ་བཟང་། །Goddess of worldly life, Right hand holds Tsedar and Yangdar. Left hand holds milk of lion, Circumambulating right brings good auspicious in world.
- ཚེ་དབང་ལྷ་མོ། Tshewang Lhamoསྟག་གཟིག་འོད་ཀྱི་ནོར་གཡང་འདི་ཡ། །ཡ་ནོར་གཡང་ཕྱི་རུ་མར་དང་ཟླ་བ་ལྟ་བུ་སྒོར་རོ་རོ། །ཉི་མ་ལྟ་བུ་སྒྱིར་རི་རི། །The rays of Tiger and leopard wealth glory, The wealth glory looks like evening butter and moon in circle shape. Like sun in round shape, Like moon in round shape.
- ཚེ་དབང་ལྷ་མོ་ Tshewang Lhamoཟླ་བ་ལྟ་བུ་སྒོར་རོ་རོ་ཡ། །ཡ་སྐར་མ་ལྟ་བུ་སྤུངས་སེ་སྤུངས་ཡ། །འཛམ་བུ་གླིང་གི་རྟེན་འབྲེལ་བཟང་། །འཛམ་བུ་གླིང་གི་རྟེན་འབྲེལ་བཟང་། །Like stars gathered, There is good auspicious in world.
- ཚེ་དབང་ལྷ་མོ། Tshewang Lhamoང་མི་ཤི་ལྟུམ་ལྟུམ་རིལ་རི་ཡིན་ཡ། །ཡ་ང་ཤི་ན་རྗེས་མེད་ཕུང་མེད་ཡིན་ཡོད་གོ །ང་མ་ཤི་རྗེས་མེད་ཕུང་མེད་ཡིན། །
- ཚེ་དབང་ལྷ་མོ་ Tshewang Lhamoལགས་སོ།། །།I won’t die am stable, Am body less circumambulates rights. Is body less naked? Thank you.