Video Overview
བློ་སྤོབས་དང་རྒྱུད་བསྐུལ་ཅན་གྱི་གླུ་གཞས་ ཨོཾ་མེ་བྱང་ཆུབ་ཟེར་མི་བོད་སྒྲའི་གླུ་གཞས་འདི་ ལྷུན་རྩེ་རྫོང་ཁག་བྲག་སྒོང་ལས་ འཕྲིན་ལས་དཔལ་སྒྲོན་གྱིས་འཐེནམ་ཨིན་མས། གླུ་གཞས་འདི་ནང་ ཤར་གྱི་རི་ལུ་མ་འགྱོ་ ཤར་གྱི་རི་ལུ་འགྱོ་བ་ཅིན་ ལམ་ཁར་ཤིང་ཆེན་མ་དང་ཆུ་ཆེན་མ་ དེ་ལས་རྡོ་ཆེན་མ་ཚུ་འཕྱད་འོང་ མ་འགྱོ་ཟེར་སླབ་ད་ལུ་ ཤིང་ཆེན་མ་དང་འཕྱད་རུང་ སྟ་རི་སྤུན་གསུམ་རང་ལུ་ཡོད་ ཆུ་ཆེན་མ་དང་འཕྱད་རུང་ ཟམ་སྤུན་གསུམ་རང་ལུ་ཡོད་ རྡོ་ཆེན་མ་དང་འཕྱད་རུང་ ཐོཝ་སྤུན་གསུམ་རང་ལུ་ཡོད་ཟེར་ ཨའི་གིས་གཅེས་འབད་བའི་བུམོ་དེ་ ཕར་ཚུར་མ་བཏང་པར་བཞག་ནི་གི་ཐབས་ཅིག་ཨིན་རུང་ བུམོ་གིས་ཉན་མ་བཏུབ་པར་འགྱོ་འགྱོཝ་གི་སྐོར་ལས་ཨིན་པས། མ་གཞི་གླུ་གཞས་འདི་དང་འདྲ་སུ་ཅིག་ གདངས་དབྱངས་སོ་སོ་ཅིག་ཡང་ ཕྱོགས་བཞི་བསྐོར་ར་རྐྱབ་སྟེ་འཐེན་ནི་ཡོདཔ་ད་ མོ་གིས་འཐེན་མི་ནང་ཤར་རི་རྐྱངམ་ཅིག་ལས་བརྒལ་འཐོན་ནི་མིན་འདུག
- Lhuntse
- འཕྲིན་ལས་དཔལ་སྒྲོན། Thinley Peldenཨོཾ་མེ་བྱང་ཆུབ་མ་ཎི་ལ་པདྨེ་ཧཱུཾ་ལ། །དབྱངས་སུ་དམ་པའི་ཆོས་ནི་ལ་སྐྱབས་སུ་མཆི། །The enlightened ones mantra, Bless with perfect dharma.
- འཕྲིན་ལས་དཔལ་སྒྲོན། Thinley Peldenཤར་རི་ལ་མི་འགྲོ་ལ་ཨ་མ་ཡི་བུ་མོ། །ཤར་རི་ལ་འགྲོ་ན་ལ་ཤིང་ཆེན་མང་དང་འཕྲད། །I won’t travel to east forest mother’s daughter, If travel to the east forest will come across big logs.
- འཕྲིན་ལས་དཔལ་སྒྲོན། Thinley Peldenཤིང་ཆེན་མང་དང་འཕྲད་རུང་ལ་ཨ་མ་ཡི་བུ་མོ། །ངེའི་སྟ་རི་སྤུན་གསུམ་ལ་གློ་ལ་རང་བཞག །ངེའི་སྟ་རི་སྤུན་གསུམ་ལ་གློ་ལ་རང་བཞག །Even come across big logs mother’s daughter, I do have three kin axes in me.
- འཕྲིན་ལས་དཔལ་སྒྲོན། Thinley Peldenཨོཾ་མེ་བྱང་ཆུབ་མ་ཎི་ལ་པདྨེ་ཧཱུཾ་ལ། །དབྱངས་སུ་དམ་པའི་ཆོས་ནི་ལ་སྐྱབས་སུ་མཆི། །The enlightened ones mantra, Bless with perfect dharma.
- འཕྲིན་ལས་དཔལ་སྒྲོན། Thinley Peldenཤར་རི་ལ་མི་འགྲོ་ལ་ཨ་མ་ཡི་བུ་མོ། །ཤར་རི་ལ་འགྲོ་ན་ལ་ཆུ་ཆེན་མང་དང་འཕྲད། །I won’t travel to the east forest mother’s daughter, If travel to east forest, will come across big river.
- འཕྲིན་ལས་དཔལ་སྒྲོན། Thinley Peldenཆུ་ཆེན་མང་དང་འཕྲད་རུང་ལ་ཨ་མ་ཡི་བུ་མོ། །ངེའི་ཟམ་པ་སྤུན་གསུམ་ལ་གློ་ལ་རང་བཞག །ངེའི་ཟམ་པ་སྤུན་གསུམ་ལ་གློ་ལ་རང་བཞག །Even come across big rivers mother’s daughter, I do have three kin bridges in me.
- འཕྲིན་ལས་དཔལ་སྒྲོན། Thinley Peldenཤར་རི་ལ་མི་འགྲོ་ལ་ཨ་མ་ཡི་བུ་མོ། །ཤར་རི་ལ་འགྲོ་ན་ལ་རྡོ་ཆེན་མང་དང་འཕྲད། །I won’t travel to the east forest mother’s daughter, If travel to the east forest, will come across big rocks.
- འཕྲིན་ལས་དཔལ་སྒྲོན། Thinley Peldenརྡོ་ཆེན་མང་དང་འཕྲད་རུང་ལ་ཨ་མ་ཡི་བུ་མོ། །ངེའི་ཐོ་བོ་སྤུན་གསུམ་ལ་གློ་ལ་རང་བཞག །ངེའི་ཐོ་བོ་སྤུན་གསུམ་ལ་གློ་ལ་རང་བཞག །ལགས་སོ།། །།Even come across big rocks mother’s daughter, I do have three kin hammers in me. Thank you.