Skip to main content Skip to search
01 Sep 2018
2 min 25 sec
Video Overview
Creators: 
Duptho

Tashi Dema from Pang village in Thongzhang Gewog (county) in Tashiyangtse Dzongkhag (district), sings a song called "Nga Chi Pelden". It is a patriotic song, conveying the message that Bhutan is glorious and blessed by the undeceiving triple gem. The peace and happiness in the country should be promoted to the future generations. The song also stresses that people should work together to maintain this peace and happiness.

༉  བཀྲ་ཤིས་གཡང་རྩེ་སྤང་ལས་ བཀྲ་ཤིས་སྒྲོལ་མ་གིས་འཐེན་མི་ ང་བཅས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་། །ཟེར་མི་འདི་ རིག་གསར་གྱི་གླུ་གཞས་ཅིག་ཨིན་པས། གླུ་གཞས་འདི་ནང་ སྤྱི་བཏང་ང་བཅས་ར་རྒྱལ་ཁབ་ལུ་བསྟོད་པ་གིས་མ་ཚད་ བྱེ་བྲག་ཏུ་གོངམ་རིམ་བྱོན་ཚུ་ལུ་གུས་བཏུད་ཀྱི་ཚུལ་སྦེ་བརྩམས་པའི་གླུ་གཞས་ཅིག་ཨིནམ་ད་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་གི་རྒྱལ་བློན་འབངས་འཁོར་ཐམས་ཅད་ ཐུགས་མཐུན་ཁྲིམས་གཙང་གུ་ལུ་ཡོད་ནི་དེ་གིས་ དགའ་སྐྱིད་ཕུན་སུམ་ཚོགས་ཏོག་ཏོ་སྦེ་ཡོདཔ་ལས་ འདི་ཚུ་འགྱུར་བ་མེདཔ་སྦེ་གནས་བཅུག་ཟེར་བའི་སྨོན་ལམ་བཏབ་ཨིན་པས།

Transcript search
No results found for this search
0 of 0
  • བཀྲ་ཤིས་སྒྲོལ་མ Tashi Dema
    ང་བཅས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་། །
    In the country of glorious dragon
  • བཀྲ་ཤིས་སྒྲོལ་མ Tashi Dema
    བསླུ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །
    Blessed by the undeceiving Tripple Gem
  • བཀྲ་ཤིས་སྒྲོལ་མ Tashi Dema
    གོང་མ་རིམ་བྱོན་ཚུ་གི་སྐུ་དྲིན་ལས། །
    And due the benevolence of the successive superiors
  • བཀྲ་ཤིས་སྒྲོལ་མ Tashi Dema
    བདེ་སྐྱིད་་་་་་ དགའ་སྐྱིད་སྤྲོ་ཉམས་འགྱུར་སྟེ་དགའ་བས་སྨོ། །དགའ་སྐྱིད་སྤྲོ་ཉམས་འགྱུར་སྟེ་དགའ་བས་སྨོ། །
    We are delighted to enjoy the peace and happiness.
  • བཀྲ་ཤིས་སྒྲོལ་མ Tashi Dema
    རང་གི་ལམ་དང་ལུགས་སྲོལ་བཟང་པོ་འདི། །
    Our noble culture and traditions
  • བཀྲ་ཤིས་སྒྲོལ་མ Tashi Dema
    མ་(མི་)ཉམས་གོང་ལས་གོང་འཕེལ་གཏང་དགོ་པས། །
    Shall not decline rather should be promoted
  • བཀྲ་ཤིས་སྒྲོལ་མ Tashi Dema
    མ་འོངས་བུ་བརྒྱུད་ཚུ་གི་དོན་ལུ་ཡང་། །
    And for the benefits of the future generations
  • བཀྲ་ཤིས་སྒྲོལ་མ Tashi Dema
    ལམ་སྟོན་ལེགས་ཤོམ་འབད་དགོ་ང་བཅས་ར། །ལམ་སྟོན་ལེགས་ཤོམ་འབད་དགོ་ང་བཅས་ར། །
    We should guide them well.
  • བཀྲ་ཤིས་སྒྲོལ་མ Tashi Dema
    ཕྱི་ལས་བལྟ་ན་གོང་མ་དཔོན་གཡོག་དང་། །
    It is like a master and servant when viewed from outside,
  • བཀྲ་ཤིས་སྒྲོལ་མ Tashi Dema
    ནང་ལས་བལྟ་ན་ཕ་མ་སྤུན་ཆ་བཟུམ། །
    But it is like parents and siblings when looked from inside
  • བཀྲ་ཤིས་སྒྲོལ་མ Tashi Dema
    བྱམས་བརྩེ་ཕུན་སུམ་ཚོགས་པའི་མཐུན་ལམ་གྱིས། །
    With the co-operaton of sublime gentleness
  • བཀྲ་ཤིས་སྒྲོལ་མ Tashi Dema
    བདེ་སྐྱིད་ཡུན་དུ་གནས་པའི་རྟེན་འབྲེལ་ཞུ། །བདེ་སྐྱིད་ཡུན་དུ་གནས་པའི་རྟེན་འབྲེལ་ཞུ། །
    May the auspiciousness of peace and harmony remain forever
  • བཀྲ་ཤིས་སྒྲོལ་མ Tashi Dema
    ལགས་སོ་ལགས།། །།
    Okey. Thank you