Skip to main content Skip to search
30 Aug 2018
4 min 19 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Sangay Tshomo

ལྷུན་རྩེ་ཆ་འོག་ སྟོང་ཕུ་བསྒང་ལས་ བཀའ་འགྱུར་གྱིས་འཐེན་མི་ ང་གྲུབ་ཐོབ་བླ་མ་ཟེར་མི་འདི་ དཀའཝ་སྤྱད་དེ་ ཁོ་རའི་རྩ་བའི་བླམ་འདི་ སེམས་ཁར་དྲན་དོ་ཟེར་བའི་ བོད་སྒྲའི་གླུ་གཞས་རྙིངམ་ཅིག་ཨིནམ་ད་ གྲུབ་ཐོབ་བླམ་ཟེར་མི་འདི་ ག་ཨིན་ན་གཏན་གཏན་ཅིག་མ་ཤེས་རུང་ མཚན་འདི་ལྟ་བའི་སྐབས་ ཁོ་བླམ་སྦོམ་ཅིག་ཨིནམ་ཧ་གོ་ཚུགས་པས། གླུ་གཞས་ཀྱི་ཚིག་ཚུ་དང་འཁྲིལ་བ་ཅིན་ སྒྲུབ་ཐོབ་བླམ་འདི་ ཁཝ་སྟུག་པག་པ་སྦེ་ཆགས་པའི་འོག་ལུ་ དཀའཝ་སྤྱད་པའི་སྐབས་ ཁོ་གི་མི་ཚེ་ནང་སྐྱབས་མཛད་ཐབས་ལུ་ རྩ་བའི་བླམ་འདི་སེམས་ཁར་དྲན་ཡོདཔ་ད་ ད་རུང་འདི་དང་བསྟུན་ གཡུས་ཁར་བཞུགས་མི་ ཁོ་རའི་ཕམ་དང་གཞན་ཡང་ མི་ཚེའི་ནང་ཉེ་བར་མཁོ་བའི་མི་ཚུ་ཡང་སེམས་ཁར་དྲན་ཡི་ ཟེར་ཨིན་མས།

Show More

  • བཀའན་འགྱུར། Kanjur
    ང་གྲུབ་ཐོབ་ལ་ཅིག་འཐོན་སོང་གྲུབ་ཐོབ་བླ་མ་ཡིན། །རླུང་རྟ་ཡོད་ལ་མོ་ལ་སོ་ཁ་བའི་འོག་ཏུ་འབྱུང་སོང་། །
    I became saint, Having wind horse(kham) originated from snow.
  • བཀའན་འགྱུར། Kanjur
    ཁ་བའི་འོག་ཏུ་མཚོ་གྲིམ་པ་ལ་སོ་རྡོ་རྗེ་བླ་མ་དྲན་སོང་། །རྡོ་རྗེ་བླ་མ་འགྲོ་སོང་ཡ་ལ་སོ་རི་མཐོ་ནང་ལ་སོང་། །
    Dreaming of lake under snow reminds tewcher, Reminding of teacher went to hermitage.
  • བཀའན་འགྱུར། Kanjur
    རི་མཐོ་ལ་ནང་དུ་མཚོ་གྲིམ་པ་ལ་སོ་གྲིམ་པ་བློ་ལས་མ་ཡལ། །གྲིམ་པ་ལ་རྣོ་བ་ཁུར་ཚེ་ཡ་ལ་སོ་ཕ་ཁྱིམ་གངས་ཅན་དྲན་སོང་། །
    Thinking of lake at hermitage the desire never vanished, When desire comes time and again misses village in ridges.
  • བཀའན་འགྱུར། Kanjur
    ང་འཇིགས་པ་རི་ཡི་ལ་སྒོམ་སྒོམ་ཆེན་བླ་མ་དྲན་ཡི། །སྒོམ་ཆེན་བླ་མ་དྲན་ས་ལས་སྣོན། །
    Being afraid of medidating in ridge misses root teacher, Misses perfect root teacher alot.
  • བཀའན་འགྱུར། Kanjur
    དྲིན་ཅན་རྡོ་རྗེ་བླ་མ་ལ་ང་། །དཀོན་མཆོག་དྲན་པའི་སྨོན་ཕྱག་ལའི་བསྣམས། །
    Please benevolent Dorji Lama, Hold me with you am missing Triple gem.
  • བཀའན་འགྱུར། Kanjur
    ཕྱག་དང་རྟེན་འབྲེལ་དཀོན་མཆོག་ལ་ཡོད། །རྟེན་ཕྱོགས་ལྷ་ཡང་ཞལ་ཁ་ཤོར། །
    There is omen and hand in Triple gem, Even the celestial god has laugh.
  • བཀའན་འགྱུར། Kanjur
    ཡི་དྭགས་འདི་སུ་ང་ཐུགས་རྗེ། །ཐུགས་རྗེ་དཀོན་མཆོག་ནི་དགའ་བ་ཡིན། །
    Please grace me hungry ghost, There is happiness grace by Triple gem.
  • བཀའན་འགྱུར། Kanjur
    ས་དག་ཀླུ་ནི་ཆོས་དང་ཉན། །ཆང་ཕུད་ཙང་མ་གཏོར་ཙམ་ལས་ཡིན། །
    Local lords and serpent listen to the dharma, I just want to offer first alcohol.
  • བཀའན་འགྱུར། Kanjur
    ཚོང་ཚོང་ཨ་མ་ཇོ་མོ་ལ་ང་། །སྤུ་བ་ཞྭམ་གྱི་ཉིན་ཞག་ཤར་བྱང་ཡིན། །
    Me tshong tshong Ama Jomo,
  • བཀའན་འགྱུར། Kanjur
    ཉིན་ཞག་