Skip to main content Skip to search
25 Aug 2018
3 min 10 sec
Video Overview
Creators: 
Dawa Tshering

Chonga Lham and her group sing an old Boedra song called "Neyla Zang Song Nayla Zang" (An Auspicious Sacred Place). The song revolves around Chokhor Lhasa of Tibet, which is considered to be the most sacred and auspicious place for pilgrimage. The lyrics explain that due to the sanctity of Lhasa, people can be liberated from samsara there. If one visits such a place and makes an offering, it is believed that one can achieve enlightenment. The song was composed based on a pilgrim who went to Lhasa, gets a blessing from a statue of Maitreya (the predicted future Buddha), the main relic of Lhasa, and then circumnavigating the temple and prostrating in it. A religious song of this kind can be performed during special occasions, celebrations and gatherings.

 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྐྱུང་ཁ་གཡུས་ཚན་ནང་ལས་ བཅོ་ལྔ་ལྷམོ་དང་པདྨ་བཟང་མོ་ཁོང་ཆ་རོགས་ཚུ་གིས་འབད་ འབོད་སྒྲའི་གླུ་གཞས་ གནས་ལ་བཟང་སོང་གནས་ལ་བཟང་། །ཟེར་མི་འབོད་སྒྲའི་ཞབས་བྲོ་འདི་ ལེའུ་དང་བཅསཔ་སྦེ་རྐྱབ་ཨིནམ་ད་ ལེའུ་དེ་ཡང་ གཞུང་སྒྲའི་ལེའུ་དང་འདྲ་སུ་ཅིག་སྦེ་རྐྱབ་ནི་འདུག ཞབས་བྲོ་རྐྱབ་སའི་ས་གནས་དེ་ ཕྱི་ཁ་ལུ་མདའ་རྐྱབ་སའི་ས་གོ་ནང་སྦེ་ གཡུས་ཁའི་ཨམ་སྲུ་ཚུ་གིས་འབད་རྐྱབ་ཨིན་པས། ཞབས་བྲོའི་ཚིག་དེ་ཡང་ གནས་ལ་བཟང་སོང་གནས་ལ་བཟང་། །གནས་ལ་བཟང་པོ་ཆོས་འཁོར་ལྷ་ས་རང་བཟང་། །རྟེན་ལ་བཟང་སོང་རྟེན་ལ་བཟང་། །རྟེན་ལ་བཟང་པོ་ཤཱཀྱ་མུ་ཎི་རང་བཞུགས་ཟེར་ གནས་བཟང་པོ་བོད་ལྷ་སའི་གནས་འདི་རང་བཟང་བ་མ་ཚད་ རྟེན་བཟང་པོ་དེ་ཡང་ ཤཱཀྱ་མུ་ཎི་བཞུགས་ཏེ་ཡོད་ཟེར་ ས་གནས་ཀྱི་རྟེན་དང་བཅས་པ་ལེགས་ཤོམ་ཡོད་ཟེར་ བསྟོད་པ་རྐྱབ་སྟེ་ཕུལཝ་ཨིན་པས།

Transcript search
No results found for this search
0 of 0
  • སངས་རྒྱས་ལྷ་མོ Sangay Wangmo
    ངེའི་སྐད་དེ་གིས་འབད་ བཅོ་ལྔ་ལྷ་མོའི་སྐད་དེ་མེདཔ་བཏང་ད་ནུག
  • བཅོ་ལྔ་ལྷ་མོ་དང་ སྡེ་ཚན Chonga Lham and Group
    གནས་ལ་བཟང་སོང་གནས་ལ་བཟང་གནས་ལ་བཟང་ལ། །གནས་ལ་བཟང་པོ་ཆོས་འཁོར་ལེ་ལྷ་ས་རང་བཟང་། །རྟེན་ལ་བཟང་སོང་རྟེན་ལ་བཟང་རྟེན་ལ་བཟང་ལ། །རྟེན་ལ་བཟང་སོང་ཤཱཀྱ་ལེ་མུ་ཎི་རང་བཞུགས། །
    Chokor Lhasa is the good pelgrimage and the Shacha Mani the great saint is the main religious objects inside it.
  • བཅོ་ལྔ་ལྷ་མོ་དང་ སྡེ་ཚན Chonga Lham and Group
    ཤཱཀྱ་མུ་ཎི་གསེར་ཁྲི་ལེ་སྟེང་ལ་བཞུགས་ལ། །ཕྱག་དང་མཆོད་པ་གསེར་ཁྲི་ལེ་རྩཝ་ལས་རང་ཕུལ། །
    Shacha Mani the great saint seated on the Golden throne and we made prostrations and offering from the base of the it.
  • བཅོ་ལྔ་ལྷ་མོ་དང་ སྡེ་ཚན Chonga Lham and Group
    ་་་་་་་་་་་་་་བཞུགས་པའི་ལ་དཀོན་གཉེར་འདི་ལ། །གནས་སྒོ་ཕྱེས་ནས་གནས་བཤད་ལེ་རྐྱབ་ནས་རང་ཡོང་། །
    The one who looks after the Lhakhang circumumbulate it.
  • བཅོ་ལྔ་ལྷ་མོ་དང་ སྡེ་ཚན Chonga Lham and Group
    གནས་སྒོ་ཕྱེས་ནས་གནས་བཤད་ལེ་མ་རྐྱབ་ན་ལ། །ཨོ་ལོ་རང་ནི་ས་ཐག་ལ་རྒྱང་ནས་ལེ་ཡོང་།། །།
    He had to do as he came from farway place.