Skip to main content Skip to search
01 Sep 2018
3 min 37 sec
Video Overview
Creators: 
Sherig Dentshog , Ngawang Loday

Dorji from Raysinang village in Zobel Gewog (county) in Pemagatshel Dzongkhag (district), sings a song called "Neychen Dongkarla" (The High Sacred Dongkarla Mountain). The Dongkarla temple is perched on a hilltop, appearing face to face anywhere from Paro and Thimphu. The lyrics speak of a mother calling her daughter Tshering Zangmo at Dongkarla to enjoy the distant view of Thimphu and Paro.

 

པདྨ་དགའ་ཚལ་རྫོང་ཁག་ བཟོ་སྦལ་རྒེད་འོག་ རས་སི་ནང་གཡུས་ཚན་ནང་ལས་ རྡོ་རྗེ་གིས་  གླུ་གཞས་གནས་ཆེན་གདོང་དཀར་ལ་ཟེར་མི་འཐེན་ནི་འདུག གདོང་དཀར་ལ་འདི་ ས་གནས་ སྤ་རོ་དང་ ཐིམ་ཕུ་གི་གདོང་ཕྱོགས་ལུ་ ག་ནི་བ་མཛེས་པའི་ སྒང་གི་སྤྱི་ཏོ་ཁ་ལུ་ཆགས་ཏེ་ཡོདཔ་ཨིན། གླུ་གཞས་ཀྱི་ཚིག་ནང་ལུ་ ཨའི་གི་ བུམོ་ཚེ་རིང་བཟང་མོ་འདི་ སྤ་རོ་དང་ ཐིམ་ཕུ་གི་ མཐོང་སྣང་བལྟ་ནིའི་དོན་ལུ་ གདོང་དཀར་ལུ་འབོ་དོ་ཡོདཔ་ཨིན། 

Transcript search
No results found for this search
0 of 0
  • རྡོ་རྗེ་ Dorji
    མཐོ་བོ་གནས་ཆེན་གདོང་དཀར་ལ་ལས། །མཐོ་བོ་གནས་ཆེན་གདོང་དཀར་ལ་ལས། །
    From the high above great holy place Dong-karla[Name of Holy place], From the high above great holy place Dong-karla[Name of Holy place],
  • རྡོ་རྗེ་ Dorji
    སྤ་མཐོ་ས་ཝང་མཐོ་མཐོང་ཡོད(མས)། །ཤོག་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་ཚེ་རིང་བཟང་མོ་ཤོག །
    Beautiful Wang valley can be viewed, so, come girl come. Tshering Zangmo the only daughter of a mother, come. come Tshering Zangmo come.
  • རྡོ་རྗེ་ Dorji
    སྤ་མཐོ་ས་ཝང་མཐོ་མཐོང་རུང་། །སྤ་མཐོ་ས་ཝང་མཐོ་མཐོང་རུང་། །
    Even if beautiful Wang valley can be view, Even if beautiful Wang valley can be view,
  • རྡོ་རྗེ་ Dorji
    སེམས་ཀྱི་སྐྱོ་རོགས་ཨིན་པས། །ཤོག་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་ཚེ་རིང་བཟང་མོ་ཤོག །
    The sorrow in mind{?} come girl come. Tshering Zangmo the only daughter of a mother, come. come Tshering Zangmo come.
  • རྡོ་རྗེ་ Dorji
    གནས་ཆེན་ས་གདོང་དཀར་ལ་ལས། །གནས་ཆེན་ས་གདོང་དཀར་ལ་ལས། །
    From the high above great holy place Dong-kala[Name of Holy place], From the high above great holy place Dong-kala[Name of Holy place],
  • རྡོ་རྗེ་ Dorji
    སྤ་ཆུ་ཝང་ཆུ་མཐོང་ཡོད། །ཤོག་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་ཚེ་རིང་བཟང་མོ་ཤོག །
    Pa Chu [Paro river] and Wang Chu [Thimphu river] can be viewed, come girl come. Tshering Zangmo the only daughter of a mother, come. come Tshering Zangmo come.
  • རྡོ་རྗེ་ Dorji
    གནས་ཆེན་ས་གདོང་དཀར་ལ་ལས། །གནས་ཆེན་ས་གདོང་དཀར་ལ་ལས། །
    From the high above great holy place Dong-kala[Name of Holy place], From the high above great holy place Dong-kala[Name of Holy place],
  • རྡོ་རྗེ་ Dorji
    མཉམ་རོགས་འགྱོ་ས་མཐོང་ཡོད། །ཤོག་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་ཚེ་རིང་བཟང་མོ་ཤོག །
    A couple passing by can be viewed, come girl come. Tshering Zangmo the only daughter of a mother, come. come Tshering Zangmo come.
  • རྡོ་རྗེ་ Dorji
    མཉམ་རོགས་འགྱོ་ས་མཐོང་རུང་། །མཉམ་རོགས་འགྱོ་ས་མཐོང་རུང་། །
    Even if couple passing by can be viewed,
  • རྡོ་རྗེ་ Dorji
    སེམས་ཀྱི་སྐྱོ་རོགས་ཨིན་པས། །ཤོག་བུ་མོ་ཤོག །ཨ་མའི་བུ་མོ་ཚེ་རིང་བཟང་མོ་ཅིག་ཤོག །ཤོག་ཚེ་རིང་བཟང་མོ་ཤོག །
    The sorrow in mind{?} come girl come. Tshering Zangmo the only daughter of a mother, come. come Tshering Zangmo come.
  • རྡོ་རྗེ་ Dorji
    བཀའ་དྲིན་ཆེ།། །།
    Thanks.