Skip to main content Skip to search
25 Aug 2018
2 min 55 sec
Video Overview
Creators: 
Dawa Tshering

Pema Zangmo of Chukha village in Bongo Gewog (county) in Chukha district, sings an old Zhungdra (Bhutanese classical) song called "Namkha Tring May Dangpa Sem Ray Gha" (Happiness of Having Clear Sky Without Clouds). The song describes achieving happiness over the sky being clear without any clouds as it is believed to be an auspicious sign, especially when that clear night sky is littered with stars. The composer says that this auspicious sign in the sky is an indication of meeting the renowned master and getting his blessings. These kind of auspicious Zhungdra songs are performed in special gatherings and religious celebrations. Not everyone can sing or perform such kind of songs. Only experienced and skilled singers can handle the complicated tune and lyrics. The song is performed in a straight line formation with one performer taking the lead. The song is said to have been composed by Jatang Pekar Tashi during the time of Zhabdrung Ngawang Namgay (17th century).

 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ ཅུང་ཁ་གཡུས་ཚན་ནང་ལས་པདྨ་བཟང་མོ་གིས་ གཞུང་སྒྲའི་གླུ་གཞས་ གནམ་ཁ་སྤྲིན་མེད་དྭངས་པ་སེམས་རེ་དགའ་ ཟེར་མི་འདི་འཐེན་ནི་འདུག གླུ་གཞས་འདི་གིས་ གནམ་ཁ་ལུ་ས་སྨུག་མེད་པར་ ཧིང་སང་ས་སྡོད་པའི་སྐབས་ སེམས་ཁ་ལུ་དགའ་བ་དང་སྤྲོ་བ་འབྱུང་བའི་སྐོར་ལས་བཤདཔ་ཨིན་མས། དེ་ཡང་ གནམ་ཁ་ལུ་ས་སྨུག་མེད་པར་ སྐརམ་གིས་བསྐོར་ར་རྐྱབ་ད་ལུ་ རྟགས་མཚན་ལེགས་ཤོམ་ཨིནམ་སྦེ་ཡིད་ཆེས་བསྐྱེད་དེ་རྟེན་འབྲེལ་བཟང་ཡི་ ཟེར་ཨིན་མས། གླུ་གཞས་འདི་གི་ཚིག་དང་གདངས་དབྱངས་ མགུ་འཐོམ་སི་སི་ཡོདཔ་ལས་ རིག་རྩལ་དང་ཉམས་མྱོང་ཡོད་མི་ཚུ་གིས་རྐྱངམ་ཅིག་མ་གཏོགས་ འཐེན་ཚུགས་པར་ལཱ་ཁག་ཡོདཔ་ཨིན། གླུ་གཞས་འདི་ ཁ་རྒྱུན་ལྟར་དུ་འབད་བ་ཅིན་ དུས་རབས་ ༡༧ པའི་ནང་ཞབས་དྲུང་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་ལུ་ བྱ་སྟངས་པད་དཀར་བཀྲ་ཤིས་ཀྱིས་བརྩམས་བརྩམས་ ཟེར་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • པདྨ་བཟང་མོ Pema Zangmo
    ནམ་མཁའ་སྤྲིན་མེད་དྭངས་མོ་སེམས་རེ་དགའ།། ཁྲི་གདུག་ཉི་མ་བཞུགས་པ་ལ་དྭངས་རས་སྤྲོ།། སྐར་ཚོགས་ཡོངས་ཀྱི་བསྐོར་བ་བརྟེན་འབྲེལ་བཟང་།།
    The clarity of the sky is a sign of peace and happiness. And the sun surrounded by the stars and brightening the world indicate good omens.
  • པདྨ་བཟང་མོ Pema Zangmo
    ཞལ་ཡངས་ཡངས་མཇལ་བའི་ལ་དྭངས་རས་སྤྲོ།། ཞལ་ཡངས་ཡངས་མཇལ་བའི་ལ་སྨོན་ལམ་ཞུ།།
    We pray to meet all of you with good health in the near future.