Skip to main content Skip to search
25 Aug 2018
2 min 22 sec
Video Overview
Creators: 
Dawa Tshering, Tseten Tshering

Tandin and her friends from Ketokha village, in Bongo Gewog (county) in Chukha district, perform an old Zhungdra (Bhutanese classical) song called "Namkha Tringmey Dangpa Sem Ray Ga" (The Happiness of the Sky Being Free from Clouds). The song is said to be composed by a Tibetan religious leader, Jatang Pelkar Tashi. He later came to Bhutan and became Uma Penlop (governor) of Wangdue district. The song is dedicated to the renowned master and the dharma he spread. The song has auspicious lyrics and as such can be performed on any special occasion, celebration and gathering. It is performed in a straight line with slow steps.

 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་ རྟ་མགྲིན་དང་ཆ་རོགས་ཚུ་གིས་ གཞུང་སྒྲའི་གླུ་གཞས་ གནམ་ཁ་སྤྲིན་མེད་དྭངས་པ་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་བྱ་ཏང་པད་དཀར་བཀྲ་ཤིས་ཀྱིས་བརྩམས་བརྩམས་ཨིན་པས། ཁོ་ར་འདི་བོད་ལས་ཨིནམ་ད་ ཤུལ་ལས་འབྲུག་རྒྱལ་ཁབ་ནང་ལུ་བྱོན་ཞིནམ་ལས་ དབང་འདུས་རྫོང་ཁག་གི་ཨུ་མ་དཔོན་སློབ་ཡང་མཛད་གནང་ནུག གླུ་གཞས་འདི་གི་ཚིག་ཚུ་རྩ་ཆེ་ཏོག་ཏོ་ཡོདཔ་ལས་ རྟེན་འབྲེལ་བཟང་པོའི་ཉིནམ་དང་ གལ་ཆེ་བའི་དུས་སྟོན་དང་དགའ་སྟོན་གྱི་སྐབས་ལུ་ གྱལ་རིངམོ་སྦེ་འཕྲང་སྟེ་བཟོ་ཞིནམ་ལས་ འགྲོས་ཀྱིས་སྦེ་ ལེའུ་དང་བཅསཔ་སྦེ་འཐེནམ་ཨིན་མས། སྤྱིར་བཏང་གཞུང་སྒྲའི་རིགས་ཚུ་ལུ་ ལེའུ་འམ་བྲོ་འཁྲབ་ནི་འདི་ ད་ལྟོ་གི་གླུ་གཞས་ གནམ་ཁ་སྤྲིན་མེད་དྭངསམ་འདི་དང་འདྲ་སུ་ཅིག་མ་གཏོགས་ ཡར་མཆོང་མར་མཆོང་འབད་དེ་འཁྲབ་སྲོལ་མེདཔ་ཨིན།

Transcript search
No results found for this search
0 of 0
  • རྟ་མགྲིན་དང་སྡེ་ཚན Tandin and group
    ནམ་མཁའ་སྤྲིན་གྱི་དྭངས་མོ་སེམས་རེ་དགའ།། སྐར་ཚོགས་ཡོངས་ཀྱི་བསྐོར་བ་དྭངས་རས་སྤྲོ།། ཁྲི་གདུག་ཉི་མ་བསྐོར་བ་བརྟེན་འབྲེལ་བཟང་།། ཞལ་ཡངས་ཡངས་མཇལ་ཀྱང་ད་རུང་མཇལ།། ཞལ་ཡངས་ཡངས་མཇལ་བའི་ལ་སྨོན་ལམ་ཞུ།།
    The clear sky is the sign of peace and happiness. And the sun surrounds by the stars brightening the whole village is the sign of good omen. We met you all today and praying to meet you henceforth.