Video Overview
ལྷུན་རྩེ་ཆ་འོག་ བྲག་སྒོང་ལས་པདྨ་ལྷ་མོ་གིས་འཐེན་མི་ རྨ་བྱ་ག་ལ་འགྲོ་འགྲོ་ཟེར་མི་བོད་སྒྲའི་གླུ་གཞས་རྙིངམ་འདི་ནང་ ནང་པ་སངས་རྒྱས་པའི་ལུགས་ལས་ ཕྱོགས་ལྔ་སྦེ་ཡོད་པའི་ཕྱོགས་རེ་ནང་ སངས་རྒྱས་རེ་བཞུགས་ཡོད་པའི་རྒྱལ་བ་རིགས་ལྔ་ཚུ་མཇལ་བའི་སྐོར་ལས་ཨིནམ་ད་ རྨ་བྱ་ཤར་ཕྱོགས་ལུ་འགྱོ་བ་ཅིན་ ཤར་རྡོ་རྗེ་སེམས་དཔའ་མཇལ་ཤོག་ཟེར་དང་ ལྷོ་ལུ་འགྱོ་བ་ཅིན་ ལྷོ་རིན་ཆེན་འབྱུང་གནས་མཇལ་ཤོག་ ནུབ་ལུ་འགྱོ་བ་ཅིན་ ནུབ་སྣང་བ་མཐའ་ཡས་མཇལ་ཤོག་ བྱང་ལུ་འགྱོ་བ་ཅིན་ བྱང་དོན་ཡོད་གྲུབ་པ་མཇལ་ཤོག་ཟེར་ དེ་ལས་རྒྱལ་བ་རིགས་ལྔ་ཡོད་པའི་ནང་ལས་ མོ་གིས་འཐེན་མི་གླུ་གཞས་འདི་ནང་ དབུས་ཕྱོགས་འདི་འཐོན་ནི་མིན་འདུག གླུ་གཞས་འདི་གིས་ ཕྱོགས་དང་བསྟུན་པའི་རྒྱལ་བ་རིགས་ལྔཔོ་ཚུ་ ངོ་སྤྲོད་འབདཝ་ཨིན་པས།
"Maja Gala Dro Dro" is an old popular religious bodra song. The lyrics locate the five directional Buddhas. Dorji Sempa resides in the East, Rinchen Jungney in the South, Nangwa Thaye in the West and Doenyoe Dondup in the North. All of them encountered by a beautiful peacock. The showing of the peacock made it easier for devotees to supplicate to the Buddhas.
- Lhuntse
- པདྨ་ལྷ་མོ། Pema Lhamoརྨ་བྱ་ག་ལ་འགྲོ་འགྲོ། །རྨ་བྱ་ག་ལ་འགྲོ་འགྲོ། །ཉི་མའི་ཤར་ལ་འགྲོ་སོང་། །ནང་ལ་ཕྱུང་སེ་ཡོ་ཡོ། །ཉི་མའི་ཤར་ལ་འགྲོ་སོང་། །ནང་ལ་ཕྱུང་སེ་ཡོ་ཡོ། །Where ever peacock goes, Sun goes towards east.
- པདྨ་ལྷ་མོ། Pema Lhamoཉི་མའི་ཤར་ལ་འགྲོ་ན། །ཉི་མའི་ཤར་ལ་འགྲོ་ན། །ཤར་རྡོ་རྗེ་སེམས་དཔའ་མཇལ་ཤོག །ནང་ལ་ཕྱུང་སེ་ཡོ་ཡོ། །ཤར་རྡོ་རྗེ་སེམས་དཔའ་མཇལ་ཤོག །ནང་ལ་ཕྱུང་སེ་ཡོ་ཡོ། །If sun goes towards east, Congregate with east Vajrasattva.
- པདྨ་ལྷ་མོ། Pema Lhamoབྱ་ནི་རྨ་བྱ་་་་་་་ བྱ་ནི་རྨ་བྱ་མདོངས་སྒྲོ། །བྱ་ནི་རྨ་བྱ་མདོངས་སྒྲོ། །རྨ་བྱ་ག་ལ་འགྲོ་འགྲོ། །ཉི་མ་ལྷོ་ལུ་འགྲོ། །རྨ་བྱ་ག་ལ་འགྲོ་འགྲོ། །ཉི་མ་ལྷོ་ལུ་འགྲོ། །Bird peacock…[speaker makes error] the peacock, Where ever the peacock goes, Sun goes towards south.
- པདྨ་ལྷ་མོ། Pema Lhamoཉི་མ་ལྷོ་ལུ་འགྲོ་ན། །ཉི་མ་ལྷོ་ལུ་འགྲོ་ན། །ལྷོ་རིན་ཆེན་འབྱུང་གནས་མཇལ་ཤོག །ནང་ལ་ཕྱུང་སེ་ཡོ་ཡོ། །ལྷོ་རིན་ཆེན་འབྱུང་གནས་མཇལ་ཤོག །ནང་ལ་ཕྱུང་སེ་ཡོ་ཡོ། །If sun goes towards south, Congregate with south Ratnasambhava.
- པདྨ་ལྷ་མོ། Pema Lhamoརྨ་བྱ་ག་ལ་འགྲོ་འགྲོ། །རྨ་བྱ་ག་ལ་འགྲོ་འགྲོ། །རྨ་་་་ ཉི་མ་ནུབ་ལ་འགྲོ་སོང་། །ནང་ལ་ཕྱུང་སེ་ཡོ་ཡོ། །ཉི་མ་ནུབ་ལ་འགྲོ་སོང་། །ནང་ལ་ཕྱུང་སེ་ཡོ་ཡོ། །Where ever peacock goes, Sun goes towards west.
- པདྨ་ལྷ་མོ། Pema Lhamoཉི་མ་ནུབ་ལ་འགྲོ་ན། །ཉི་མ་ནུབ་ལ་འགྲོ་ན། །ནུབ་་་་་ ནུབ་སྣང་བ་མཐའ་ཡས་མཇལ་ཤོག །ནང་ལ་ཕྱུང་སེ་ཡོ་ཡོ། །ནུབ་སྣང་བ་མཐའ་ཡས་མཇལ་ཤོག །ནང་ལ་ཕྱུང་སེ་ཡོ་ཡོ། །If sun goes towards west, Congregate with west Amitabha.
- པདྨ་ལྷ་མོ། Pema Lhamoརྨ་བྱ་ག་ལ་འགྲོ་འགྲོ། །རྨ་བྱ་ག་ལ་འགྲོ་འགྲོ། །རྨ་་་་ ཉི་མ་བྱང་ལ་འགྲོ་སོང་། །ནང་ལ་ཕྱུང་སེ་ཡོ་ཡོ། །ཉི་མ་བྱང་ལ་འགྲོ་སོང་། །ནང་ལ་ཕྱུང་སེ་ཡོ་ཡོ། །Where ever peacock goes, Peacock [singer makes error] sun goes towards north.
- པདྨ་ལྷ་མོ། Pema Lhamoཉི་མ་བྱང་ལ་འགྲོ་ན། །ཉི་མ་བྱང་ལ་འགྲོ་ན། །བྱང་་་་ བྱང་དོན་ཡོད་གྲུབ་པ་མཇལ་ཤོག །ནང་ལ་ཕྱུང་སེ་ཡོ་ཡོ། །བྱང་དོན་ཡོད་གྲུབ་པ་མཇལ་ཤོག །ནང་ལ་ཕྱུང་སེ་ཡོ་ཡོ། །If sun goes towards north, North..[Singer makes error] congregate with north Amoghasiddhi. Thank you,
- པདྨ་ལྷ་མོ་ Pema Lhamoལགས་སོ་ལགས། མི་ཤེས་པས་ དབའེ་གླུ་གཞས་འདི་ ཨི་ཧི་ཧི་ཧི་་་་་་།། །།