Skip to main content Skip to search
29 Aug 2018
4 min 31 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Sangay Tshomo

༉  གླུ་གཞས་འདི་ ཡ་མཚན་ཆེ་ཏོག་ཏོ་གི་མཚན་ལྡན་བླམ་ལུ་བསྟོད་པ་ཕུལ་ཕུལཝ་ཅིག་ཨིནམ་ད་ འདི་ནང་བླ་མའི་ཞལ་གྱི་དཀྱིལ་འཁོར་དང་ སྐུ་གཟུགས་འདི་ཚུ་ ཡུལ་མཆོད་རྟེན་ལ་སོགས་པ་ཚུ་དང་དཔེ་སྦྱར་ཏེ་འདུག གླུ་གཞས་ཀྱི་ཚིག་ནང་ མཚན་ལྡན་བླམ་འདི་ གཞན་དང་མ་འདྲཝ་ཅིག་ཨིནམ་ལས་ བོད་ལྷ་སའི་མཆོད་རྟེན་དང་འདྲཝ་མ་ཚད་ སྐུ་གཟུགས་འདི་ལྷ་སའི་སྨྱུག་དང་དབྱེ་བ་མེདཔ་ད་ ཞལ་གྱི་དཀྱིལ་འཁོར་འདི་ ཚེས་ཆེན་བཅོ་ལྔའི་ཟླཝ་དང་འདྲ་བས་ཟེརཝ་མས། དེ་ལས་བླ་མའི་གསུང་སྐད་འདི་ རྒྱ་གླིང་དང་འདྲ་དོ་ཡོདཔ་ལས་ གླུ་གཞས་འདིའི་གནད་དོན་འདི་ དམ་པའི་ཆོས་ཞུ་ནིའི་དོན་ལུ་ ཆོས་དང་འབྲེལ་བའི་གནད་དོན་ཚུ་ལུ་ ཡིད་རངས་བཅུགཔ་ཨིན་མས།

Show More

  • ཤེས་རབ་དཔལ་མོ། Sherab Pemo
    ལྷ་ས་པོ་ཏོ་རྩེ་ལ། །གསེར་གྱི་མཆོད་རྟེན་བཞེངས་ཡོད་ཞེས་པའི། །སོ་ཡ་ལ། གསེར་གྱི་མཆོད་རྟེན་བཞེངས་ཡོད་བཞེས་པའི། །སྭོ་ཡ་ལ།
    On the heal of Lhasa, The golden stupa was built.
  • ཤེས་རབ་དཔལ་མོ། Sherab Pemo
    གསེར་གྱི་མཆོད་རྟེན་མ་རེད། །ངེད་ཚོ་བླ་མའི་སྐུགཟུགས་ཞེས་པའི། །སྭོ་ཡ་ལ། ངེད་ཚོ་བླ་མའི་སྐུ་གཟུགས་བཞེས་པའི། །སྭོ་ཡ་ལ།
    Is not the golden stupa, Is the body of my perfect teacher.
  • ཤེས་རབ་དཔལ་མོ། Sherab Pemo
    ལྷ་ས་པོ་ཏོ་རྩེ་ལ། །དཀར་གསལ་ཟླ་བ་ཤར་ཡོད་ལ་ཞེས་པའི། །སྭོ་ཡ་ལ། དཀར་གསལ་ཟླ་བ་ཤར་ཡོད་ལ་ཞེས་པའི། །སྭོ་ཡ་ལ།
    On the heal of Lhasa, The crescent moon has shined.
  • ཤེས་རབ་དཔལ་མོ། Sherab Pemo
    དཀར་གསལ་ཟླ་བ་མ་རེད། །ང་ཚོ་བླ་མའི་ཞལ་རས་ཞེས་པའི། །སྭོ་ཡ་ལ། ང་ཚོ་བླ་མའི་ཞལ་རས་བཞེས་པའི། །སྭོ་ཡ་ལ།
    Is not the crescent moon, Is the face of my perfect teacher.
  • ཤེས་རབ་དཔལ་མོ། Sherab Pemo
    ལྷ་ས་པོ་ཏོ་རྩེ་ལ། །ཙཱ་རི་སྨྱུག་མ་འཁྲུངས་ཡོད་ལ་ཞེས་པའི། །སྭོ་ཡ་ལ། ཙཱ་རི་སྨྱུག་མ་འཁྲུངས་ཡོད་བཞེས་པའི། །སྭོ་ཡ་ལ།
    On the heal of Lhasa, The old tsari has grown.
  • ཤེས་རབ་དཔལ་མོ། Sherab Pemo
    ཙཱ་རི་སྨྱུག་མ་མ་རེད། །ང་ཚོ་བླ་མའི་སྐུ་གཟུགས་ཞེས་པའི། །སྭོ་ཡ་ལ། ང་ཚོ་བླ་མའི་སྐུ་གཟུགས་བཞེས་པའི། །སྭོ་ཡ་ལ།
    Is not the old Tsari, Is the body of my perfect teacher.
  • ཤེས་རབ་དཔལ་མོ། Sherab Pemo
    ལྷ་ས་པོ་ཏོ་རྩེ་ལ། །གསེར་གྱི་རྒྱ་གླིང་འཕུ་ཡོད་ཞེས་པའི། །སྭོ་ཡ་ལ། གསེར་གྱི་རྒྱ་གླིང་འཕུ་ཡོད་བཞེས་པའི། །སྭོ་ཡ་ལ།
    On the heal of Lhasa, The goldern trumpet was blown.
  • ཤེས་རབ་དཔལ་མོ། Sherab Pemo
    གསེར་གྱི་རྒྱ་གླིང་མ་རེད། །ང་ཚོ་བླ་མའི་གསུང་སྐད་ཞེས་པའི། །སྭོ་ཡ་ལ། ང་ཚོ་བླ་མའི་གསུང་སྐད་བཞེས་པའི། །སྭོ་ཡ་ལ།
    Is not the blowing of golden trumpet, Is the voice my perfect teacher.
  • ཤེས་རབ་དཔལ་མོ་ Sherab Pemo
    ལགས་སོ། ཐབ་ཐོབ་ཅིག་ ཨིན་པས་ད།། །།
    Thank you.