Video Overview
ལྷུན་གྲུབ་རྩེ་གི་རྫོང་ཆེན་ཟེར་ ལྷུན་རྩེ་རྫོང་ཁག་ སྨིན་རྒྱས་རྒེད་འོག་ལས་ བསོད་ནམས་ཆོས་སྒྲོན་གྱིས་འཐེན་མི་འདི་ བོད་སྒྲའི་གླུ་གཞས་རྙིངམ་ཅིག་ཨིནམ་ད་ གླུ་གཞས་འདི་ནང་ ལྷུན་གྲུབ་རྩེ་གི་རྫོང་ཆེན་འདི་ ཀུ་རི་ཆུ་གསལ་ཏོག་ཏོ་སྦེ་ མཐོང་ཚུགས་པའི་བྱག་ཅིག་གུ་ ཕུ་ཀྲེ་བཟུམ་སྦེ་ཆགས་ཏེ་ཡོད་ཟེརཝ་མས། ཏེ་རྫོང་ཆེན་གཞན་ཚུ་བཟུམ་སྦེ་ར་ དེ་ཁ་ལས་ལུང་གཤོང་ཆ་མཉམ་མཐོང་ཚུགསཔ་སྦེ་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ཆགས་ཡོདཔ་ད་ གླུ་གཞས་འདི་ དུས་རབས་བར་སྐབས་ཅིག་ཁར་ ལྷུན་རྩེའི་རྫོང་དཔོན་ཅིག་གིས་བརྩམས་ཡོད་པའི་ལྷུན་རྩེ་རྫོང་ཁག་ནང་ ཡོངས་གྲགས་ཆེ་ཏོག་ཏོ་སྦེ་ཡོད་པའི་གླུ་གཞས་ཅིག་ཨིན་རུང་ འབྲུག་གི་རྒྱལ་རབས་ནང་ རྫོང་དཔོན་འདི་གིས་བརྩམས་ཅི་ཟེརཝ་ ཁ་གསལ་སྦེ་མེདཔ་ལས་ རྩོམ་པ་པོ་ག་ཨིན་ན་མི་ཤེས་པས། ཏེ་ཞིབ་འཚོལ་བ་ཚུ་དང་འཁྲིལཝ་ད་ ལྷུན་རྩེའི་རྫོང་དཔོན་འདི་ ལེ་ཤ་ཅིག་གིས་མཛད་ཡོདཔ་ད་ གོང་ས་འཇིགས་མེད་རྣམ་རྒྱལ་མཆོག་ཡང་ ཀྲོང་གསར་གཟིམ་དཔོན་མཛད་བཞུགས་པའི་སྐབས་ལུ་ ལྷུན་རྩེའི་རྫོང་དཔོན་སྦེ་ཡང་ ཕྱག་འགན་ཕུལ་ཡོདཔ་ད་ ཁོ་འཕྲལ་འཕྲལ་ལྷུན་རྩེ་ལུ་བྱོན་པའི་སྐབས་ ཀྲོང་གསར་ལས་ འབོད་སྒརཔ་དྲག་ཤོས་ཚུ་ཕྱག་ཞུ་འཁྱིད་དོ་ཡོདཔ་ད་ དེ་བསྒང་ ནུབ་ཕྱོགས་ཁ་ཐུག་གི་བོད་སྒརཔ་འདི་ན་སྟེ་ ལྷུན་གྲུབ་རྩེའི་རྫོང་ཆེན་གྱི་ གླུ་གཞས་འདི་བརྩམས་ཡོདཔ་སྦེ་ ཡིད་ཆེས་བསྐྱེདཔ་ཨིནམ་ད་ གླུ་གཞས་འདི་ནང་ ལྷུན་གྲུབ་རྩེའི་རྫོང་ཆེན་དང་ འདིའི་མཐའ་འཁོར་ཚུའི་སྐོར་ལས་བསྟོད་པ་རྐྱབ་ཨིན་རུང་ ཆོས་སྒྲོན་གྱིས་ག་ར་ཚང་མསྦེ་མ་འཐེན་པས།
- Lhuntse
- ཆོས་སྒྲོན། Chodenལྷུན་གྲུབ་རྩེ་གི་རྫོང་ཆེན། །ཕུ་ཀྲུ་(ཕུ་ཀྲེ་)ཆགས་པ་འདྲ་དོ། །ཕུ་ཀྲུ་(ཕུ་ཀྲེ་)ཆགས་པ་འདྲ། ། ཕུ་ཀྲུ་(ཕུ་ཀྲེ་)ཆགས་པ་འདྲ་རུང་། །རྟེན་འབྲེལ་བཟང་པོ་འདུག་གོ །རྟེན་འབྲེལ་བཟང་པོ་འདུག །The dzong of Lhuendrup Tse (Lhuentse) Looks like landing of pigeon. Even seeing as pigeon landing is auspicious.
- ཆོས་སྒྲོན། Chodenལྷུན་གྲུབ་རྩེ་གི་སྒོ་ནི། །གསེར་སྒོ་དངུལ་སྒོ་འདྲ་དོ། །གསེར་སྒོ་དངུལ་སྒོ་འདྲ། ། གསེར་སྒོ་དངུལ་སྒོ་འདྲ་རུང་། །རྟེན་འབྲེལ་བཟང་པོ་འདུག་གོ །རྟེན་འབྲེལ་བཟང་པོ་འདུག །The door of Lhuendrup Tse (Lhuentse) Looks like gold and silver door. Even seeing as gold and silver door is auspicious.
- ཆོས་སྒྲོན། Chodenལྷུན་གྲུབ་རྩེ་གི་ཆུ་མོ། །ཡོན་ཆབ་བཤམ་པ་འདྲ་དོ། །ཡོན་ཆབ་བཤམ་པ་འདྲ། ། ཡོན་ཆབ་བཤམ་པ་འདྲ་རུང་། །རྟེན་འབྲེལ་བཟང་པོ་འདུག་གོ །རྟེན་འབྲེལ་བཟང་པོ་འདུག །The water of Lhuendrup Tse (Lhuentse) Looks like confession of offering water, Even seeing as confession of offering water is auspicious.
- ཆོས་སྒྲོན། Chodenལེགས་པ་བསྒང་གི་ཙན་དན། །མནྜལ་ལ་ཕུལ་བ་འདྲ་དོ། །མནྜལ་ཕུལ་བ་འདྲ། ། མནྜལ་ཕུལ་བ་འདྲ་རུང་། །རྟེན་འབྲེལ་བཟང་པོ་འདུག་གོ །རྟེན་འབྲེལ་བཟང་པོ་འདུག། །།The beautiful cypress of mount, Seems like offering of Mandala. Even seeing of offering mandala is auspicious.