Skip to main content Skip to search
28 Aug 2018
7 min 30 sec
Video Overview
Creators: 
Sonam Chophel, Dawa Tshering

༉  བཀྲིས་ལེགས་པས་ཀྱི་གླུ་གཞས་འདི་ ལ་ཡག་ལུ་ཡང་ གནམ་མེད་ས་མེད་ཡོངས་གྲགས་ཅིག་ཨིནམ་ད་ གཡུས་ཁའི་དུས་སྟོན་ག་ཅི་བཟུམ་ཅིག་འབད་རུང་ མཇུག་བསྡུ་བའི་སྐབས་ མཇུག་ལུ་བཀྲ་ཤིས་ལེགས་པས་སྒོར་དགོཔ་ད་ པ་སངས་ཀྱི་བཀྲ་ཤིས་ལེགས་པས་འདི་ ཧེ་མ་མོ་རའི་ཕམ་ཚུ་ལས་སྦྱངས་ཡོདཔ་ཨིན་པས། སྤྱིར་བཏང་ གླུ་གཞས་འདི་ ང་བཅས་རའི་འབྲུག་གི་མི་སྡེའི་ནང་ མགྱོནམ་ཚུ་ལུ་བཀའ་དྲིན་དགའ་ཚོར་བསྐྱེད་ནི་དང་ སྤྲོ་སྟོན་གྱི་དོན་ལུ་ཨིན། ཁོང་གིས་འཐེན་མི་བཀྲ་ཤིས་ལེགས་པས་འདི་ནང་ ས་གནས་ག་ཏེ་ལུ་ཡང་ ཡོངས་གྲགས་སྦེ་འཐེན་མི་འདི་དང་ཅིག་ཁར་ ཚིག་ཨ་ཙི་རེ་མ་འདྲཝ་སྦེ་ཡོད་རུང་ གདངས་འདི་ཅོག་ར་འཐདཔ་འཚམས་ཅིག་སྦེ་ཡོདཔ་ད་ གླུ་གཞས་འདི་ སྤྱིར་བཏང་གི་དུས་སྟོན་ག་ཅི་འབད་རུང་ མཇུག་བསྡུ་བའི་སྐབས་དང་ གཡུས་ཁར་ ལོ་ཆོག་དང་ཆོས་འབྲེལ་གྱི་ལཱ་ག་ཅི་བཟུམ་ནང་ཡང་འཐེན་སྲོལ་ཡོད། གླུ་གཞས་འདི་ དགའ་སྟོན་རྟེན་འབྲེལ་གྱི་དོན་ལུ་ ལས་རིམ་ག་ཅི་བཟུམ་ཅིག་འབད་རུང་ མཇུག་བསྡུ་བའི་སྐབས་ བཀྲ་ཤིས་པའི་གླུ་ཅིག་འབད་ནི་དེ་གིས་ མི་ཆེ་འབྲིང་ཆུང་གསུམ་ག་ར་ གྱལ་སྒོར་སྒོར་སྦེ་བཟོ་སྟེ་ ལིའུ་དང་བཅསཔ་སྦེ་ སྐད་ཡོད་མི་ཅིག་གིས་ བཀྲ་ཤིས་པའི་ཚིག་ཚུ་བཙུགས་སྦེ་བསྐུལ་ཏེ་འཐེནམ་ཨིན།

Pasang of Lungo village in Gasa Dzongkhag (district), tells of the Labey song which is very common in her village. She learned the song from her parents. Labey is a gesture in Bhutanese society to be hospitable towards a guest and to entertain them. The lyrics which she sung were different from a popular song "Aleybay Leybay", which is very similar in tune. The songs are sung at the end of significant events and occasions such as religious festive events like Lochhey and Choekhor. The song involves dance as well. It was sung as a sign of Tendrel (auspiciousness).

Transcript search
No results found for this search
0 of 0
  • པ་སངས། Pasang ཨ་ལེགས་པས་ལེགས་པས་དབའེ་ལེགས་པས་ས་དབའེ། །ཨ་ལེགས་པས་ཕྱོགས་ལེགས་དབའེ་ཞུ་ཆི་གེ །ཞུ་ཆི་གེ །
  • པ་སངས། Pasang དགུང་ཁྲི་གདུགས་མ་བཞེངས་ལྷ་ཁང་འདྲ་དབའེ། །ནཱ་ཁྲི་གདུགས་བཞེངས་ཚེ་ལྷ་ཕྲུག་འདྲ། །
  • པ་སངས། Pasang ནཱ་ལྷ་དང་ལྷ་ཕྲུག་གཉིས་ཀུ་ས་དབའེ། །ནཱ་གསང་ཁང་ཉིད་ལུ་ཞུ་ཆི་གེ །ཞུ་ཆི་གེ །
  • པ་སངས། Pasang ཡར་གངས་སྟོད་མ་བཞེངས་ལྷ་ཁང་འདྲ་དབའེ། །གངས་སེང་ཆེན་བཞེངས་ཚེ་ལྷ་ཕྲུག་འདྲ། །
  • པ་སངས། Pasang ནཱ་ལྷ་དང་ལྷ་ཕྲུག་དབའེ་གཉིས་ཀུ་ས་དབའེ། །ནཱ་ཁང་ཁྱིམ་ཁྲ་མོ་དབའེ་ཞུ་ཆི་གེ །ཞུ་ཆི་གེ །
  • པ་སངས། Pasang ནཱ་སྤང་གཤོང་མ་བཞེངས་ལྷ་ཁང་འདྲ་དབའེ། །སྤང་ལྷ་ཁང་བཞེངས་ཚེ་དབའེ་ལྷ་ཕྲུག་འདྲ། །ལྷ་ཕྲུག་འདྲ། །
  • པ་སངས། Pasang ནཱ་ལྷ་དང་ལྷ་ཕྲུག་དབའེ་གཉིས་ཀུ་ས་དབའེ། །ནཱ་ཁང་ཁྱིམ་ཁྲ་མོ་དབའེ་ཞུ་ཆི་གེ །ཞུ་ཆི་གེ །
  • པ་སངས། Pasang ཡར་དགོན་བཟང་མ་བཞེངས་ལྷ་ཁང་འདྲ་དབའེ། །དགོན་མཚན་ལྡན་བཞེངས་ཚེ་དབའེ་ལྷ་ཕྲུག་འདྲ། །ལྷ་ཕྲུག་འདྲ། །
  • པ་སངས། Pasang ནཱ་ལྷ་དང་ལྷ་ཕྲུག་དབའེ་གཉིས་ཀུ་ས་དབའེ། །ནཱ་ཁང་ཁྱིམ་ཁྲ་མོ་དབའེ་ཞུ་ཆི་གེ །ཞུ་ཆི་གེ །
  • པ་སངས། Pasang ཡར་རྫོང་ཆེན་མ་བཞེངས་ལྷ་ཁང་འདྲ་བའི། །རྫོང་དབང་ཆེན་བཞེངས་ཚེ་དབའེ་ལྷ་ཕྲུག་འདྲ། །ལྷ་ཕྲུག་འདྲ། །
  • པ་སངས། Pasang ནཱ་ལྷ་དང་ལྷ་ཕྲུག་དབའེ་གཉིས་ཀུ་ས་དབའེ། །ནཱ་ཁང་ཁྱིམ་ཁྲ་མོ་དབའེ་ཞུ་ཆི་གེ །ཞུ་ཆི་གེ །
  • པ་སངས། Pasang ཡར་གཡུས་བཟང་མ་བཞེངས་ལྷ་ཁང་འདྲ་དབའེ། །གཡུས་སྨན་ཆུང་བཞེངས་ཚེ་དབའེ་ལྷ་ཕྲུག་འདྲ། །ལྷ་ཕྲུག་འདྲ། །
  • པ་སངས། Pasang ནཱ་ལྷ་དང་ལྷ་ཕྲུག་དབའེ་གཉིས་ཀུ་ས་དབའེ། །ནཱ་ཁང་ཁྱིམ་ཁྲ་མོ་དབའེ་ཞུ་ཆི་གེ །ཞུ་ཆི་གེ །
  • པ་སངས། Pasang ཆུ་དྲོད་ལས་མ་ཡལ་དབའེ་ཞུ་དགོ་པས་དབའེ། །ཆུངམ་ཕང་ལས་མ་ཡལ་དབའེ་ཞུ་དགོ་པས། །ཞུ་དགོ་པས། །
  • པ་སངས། Pasang མི་ང་བཅས་འཛོམས་པའི་དབའེ་འཛོམས་ཤུལ་ན་དབའེ། །ནཱ་ལྷ་དང་བོད་ཀྱིས་དབའེ་འཛོམས་ན་འཛོམས། །འཛོམས་ན་འཛོམས། །
  • པ་སངས། Pasang ནཱ་འདྲེ་དང་འགོང་མོ་དབའེ་འཛོམས་མི་ཆོག་དབའེ། །ནཱ་འདྲེ་དང་འགོང་མོ་དབའེ་འཛོམས་མི་ཆོག །འཛོམས་མི་ཆོག །
  • པ་སངས། Pasang མི་ང་བཅས་འཆམ་པའི་དབའེ་འཆམ་ཤུལ་ན་དབའེ། །ནཱ་ལྷ་དང་བོད་ཀྱིས་དབའེ་འཆམ་ན་འཆམ། །འཆམ་ན་འཆམ། །
  • པ་སངས། Pasang ནཱ་འདྲེ་དང་འགོང་མོ་འཆམ་མི་ཆོག་དབའེ། །ནཱ་འདྲེ་དང་འགོང་མོ་དབའེ་འཆམ་མི་ཆོག །འཆམ་མི་ཆོག །
  • པ་སངས། Pasang ལོ་ན་ཧིང་འཛོམས་ས་དབའེ་དུས་ཅི་འཛོམས་དབའེ། །ལོ་སང་ཕོད་སྔ་ཐང་དབའེ་དགུང་ལས་ཡངས། །དགུང་ལས་ཡངས། །