Skip to main content Skip to search
30 Aug 2018
6 min 15 sec
Video Overview
Creators: 
Sonam Tobgye, Sangay Tshomo

Kanjur from Tsenkhar Gewog sings a song called "Kokalayko", describing a rooster's body parts. It is a popular entertainment song throughout the country. The tune is similar to a normal tune sung in other districts but the lyrics are different. In his version, it compares the parts of the rooster with different examples such as monks, archers, women, etc. whereas in other districts the song only compares the rooster with the layman and their possessions (hat, garment, conch, etc.). According to his lyrics, the rooster's head if compared with a hat and its eye with the conch of a monk. He claims that the rooster's feathers are used by archers and its penis is demanded by women to sell it, though the rooster denied.

 

གླུ་གཞས་ཀོ་ཀ་ལས་ཀོ་ཟེར་མི་འདི་ བྱ་པོད་ཀྱི་གཟུགས་ལུ་འགྲེལ་བཤད་རྐྱབ་ཨིནམ་ད་ ལྷུན་རྩེ་རྫོང་ཁག་ བཙན་མཁར་རྒེད་འོག་ལས་ བཀའ་འགྱུར་གྱིས་འཐེན་མི་ སྤྲོ་བ་ཅན་གྱི་གླུ་གཞས་འདི་ རྒྱལ་ཁབ་ཀྱི་ས་གནས་མཐའ་དབུས་མེདཔ་ནང་ གནམ་མེད་ས་མེད་ཡོངས་གྲགས་ཅན་ཅིག་ཨིནམ་ད་ མི་མང་ཤོས་ཅིག་གིས་ གླུ་གཞས་འདི་ དགོད་བྲོའི་གླུ་གཞས་བཟུམ་ཅིག་སྦེ་ཡང་ མནོ་བསམ་བཏངམ་ཨིན་མས། གདངས་འདི་ སྤྱིར་བཏང་རྫོང་ཁག་གཞན་མི་ནང་འཐེན་མི་དང་ཅོག་ར་འཐད་རུང་ ཚིག་གི་ཐད་དུ་ཨ་ཙི་རེ་མ་འདྲཝ་སྦེ་ཡོད་མི་དེ་ཡང་ གླུ་གཞས་འདི་ནང་འབད་བ་ཅིན་ བྱ་པོད་ཀྱི་མགུ་ཏོ་འདི་ པད་ཞྭ་དང་འདྲཝ་ལས་ དགེ་སློང་ཁལ་ལྔ་གིས་བཙོང་གནང་ཟེར་སླབ་ད་ མི་བཙོང་ བྱ་པོད་ང་ར་དགོ་ནི་ཨིན་ཟེར་ འཐེན་ནི་འདུག དེ་བཟུམ་སྦེ་ར་ བྱ་པོད་ཀྱི་གཟུགས་ཀྱི་ཡན་ལག་ཚུ་ལུ་འགྲེལ་བཤད་རྐྱབ་སྟེ་འཐེནམ་ཨིན་མས།

Transcript search
No results found for this search
0 of 0
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །བྱ་པོ་ང་གི་མགུ་ཏོ་ནི། །ཀོ་ཀ་ལེ་ཀོ། དགེ་སློང་ཁལ་ལྔའི་པད་ཞྭ་ཡོ(ཡིན)། །ཀོ་ཀ་ལེ་ཀོ།
    Kokalayko, rooster my head is, Is hats of hundreds of monks, kokalayko. [Reminder kokalayko refers to the sound made by rooster]
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །དགེ་སློང་ཁལ་ལྔའི་པད་ཞྭ་ཡིན། །ཀོ་ཀ་ལེ་ཀོ ། ཀོ་ཀ་ལེ་ཀོ །དགེ་སློང་ཁལ་ལྔས་བཙོང་ཟེར་དོ། །
    Kokalayko, Is the hat of hundreds of monks; Kokalayko, is the head of hundreds of monks.
  • བཀའན་འགྱུར། Kanjur
    བཙོང་ཡང་མི་བཙོང་ཉོ་ཡང་མི་ཉོ། །བྱ་པོ་ང་རང་དགོ་རྒྱུ་རེད། །ཀོ་ཀ་ལེ་ཀོ །
    I won't sell, won't buy; Rooster [I] wants it, kokalayko.
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །བྱ་པོ་ང་ཡི་མིག་ཤེལ་ནི། །ཀོ་ཀ་ལེ་ཀོ ། དགེ་སློང་ཁལ་ལྔ་བཙོང་ཟེར་དོ། །ཀོ་ཀ་ལེ་ཀོ །
    Kokalayko, rooster my eye is; Ask to sell by hundreds of monks, kokalayko.
  • བཀའན་འགྱུར། Kanjur
    ང་བཙོང་ཡང་མི་བཙོང་ང་ཉོ་ཡང་མི་ཉོ། །བྱ་པོ་ང་རང་དགོ་རྒྱུ་རེད། །ཀོ་ཀ་ལེ་ཀོ །
    I won't sell, won't buy; Rooster [I] wants it, kokalayko.
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །བྱ་པོ་ང་ཡི་ཞལ་ནི་ལའི། །ཀོ་ཀ་ལེ་ཀོ ། དགེ་སློང་ཁལ་ལྔའི་དུང་དཀར་ཡིན། །ཀོ་ཀ་ལེ་ཀོ །
    Kokalayko, rooster my face is, The counch of hundreds of monks, kokalayko.
  • བཀའན་འགྱུར། Kanjur
    ང་བཙོང་ཡང་མི་བཙོང་ང་ཉོ་ཡང་མི་ཉོ། ། བྱ་པོ་ང་རང་དགོ་རྒྱུ་རེད། །ཀོ་ཀ་ལེ་ཀོ །
    I won't sell, won't buy; Rooster [I] wants it, kokalayko.
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །བྱ་པོ་ང་ཡི་[དེང་སྒེར་ནི?]། །ཀོ་ཀ་ལེ་ཀོ ། སྟག་ཤར་ཁལ་ལྔའི་[དག་ཆར་ཡོད?]། །ཀོ་ཀ་ལེ་ཀོ །
    Kokalayko, rooster my home is, The archetec of hundreds of man, kokalayko.
  • བཀའན་འགྱུར། Kanjur
    ང་བཙོང་ཡང་མི་བཙོང་ང་ཉོ་ཡང་མི་ཉོ། །བྱ་པོ་ང་རང་དགོ་རྒྱུ་རེད། །ཀོ་ཀ་ལེ་ཀོ །
    I won't sell, won't buy; Rooster [I] wants it, kokalayko.
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །བྱ་པོ་ང་ཡི་ཤམ་ཐབས་ནི། །ཀོ་ཀ་ལེ་ཀོ ། དགེ་སློང་ཁལ་ལྔས་བཙོང་ཟེར་དོ། །ཀོ་ཀ་ལེ་ཀོ །
    Kokalayko, rooster my tail is, Ask to sell by hundreds of monks, kokalayko.
  • བཀའན་འགྱུར། Kanjur
    ང་བཙོང་ཡང་མི་བཙོང་ང་ཉོ་ཡང་མི་ཉོ། །བྱ་པོ་ང་རང་དགོ་རྒྱུ་རེད། །ཀོ་ཀ་ལེ་ཀོ །
    I won't sell, won't buy; Rooster [I] wants it, kokalayko.
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །བྱ་པོ་ང་ཡི་གཤོག་སྒྲོ་འདི། །ཀོ་ཀ་ལེ་ཀོ ། མདའ་པ་དམངས་ཀྱི་ཕྱག་མདའ་ཡོ(ཡིན)། །ཀོ་ཀ་ལེ་ཀོ །
    Kokalayko, rooster my feather is, The arrow of hundreds of archer, kokalayko.
  • བཀའན་འགྱུར། Kanjur
    ང་བཙོང་ཡང་མི་བཙོང་ང་ཉོ་ཡང་མི་ཉོ། །བྱ་པོ་ང་རང་དགོ་རྒྱུ་རེད། །ཀོ་ཀ་ལེ་ཀོ །
    I won't sell, won't buy; Rooster [I] wants it, kokalayko.
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །བྱ་པོ་ང་ཡི་ལུས་ནི་ལའི། །ཀོ་ཀ་ལེ་ཀོ ། གྲོང་སྟོད་གྲོང་སྨད་ཁྱབ་པི་ཡིན། །ཀོ་ཀ་ལེ་ཀོ །
    Kokalayko, rooster my body is, Became wide in upper and lower valley, kokalayko.
  • བཀའན་འགྱུར། Kanjur
    ང་བཙོང་ཡང་མི་བཙོང་ང་ཉོ་ཡང་མི་ཉོ། །བྱ་པོ་ང་རང་དགོ་རྒྱུ་རེད། །ཀོ་ཀ་ལེ་ཀོ །
    I won't sell, won't buy; Rooster [I] wants it, kokalayko.
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །བྱ་པོ་ང་ཡི་ཅ་ལ་ནི། །ཀོ་ཀ་ལེ་ཀོ ། སྨན་ཆུང་ཁལ་ལྔས་བཙོང་ཟེར་དོ། །ཀོ་ཀ་ལེ་ཀོ །
    Kokalayko, rooster my penis is, Ask to sell by hundreds of lass, kokalayko.
  • བཀའན་འགྱུར། Kanjur
    ང་བཙོང་ཡང་མི་བཙོང་ང་ཉོ་ཡང་མི་ཉོ། །བྱ་པོ་ང་རང་དགོ་རྒྱུ་རེད། །ཀོ་ཀ་ལེ་ཀོ །
    I won't sell, won't buy; Rooster [I] wants it, kokalayko.
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །བྱ་པོ་ང་ཡི་གསང་ལམ་ནི། །ཀོ་ཀ་ལེ་ཀོ ། བ་ར་བི་རའི་ཆོག་ཟེར་དོ། །ཀོ་ཀ་ལེ་ཀོ །
    Kokalayko, rooster my buttock is, Ask to bring by wolf, kokalayko.
  • བཀའན་འགྱུར། Kanjur
    ང་བཙོང་ཡང་མི་བཙོང་ང་ཉོ་ཡང་མི་ཉོ། །བྱ་པོ་ང་རང་དགོ་རྒྱུ་རེད། །ཀོ་ཀ་ལེ་ཀོ །
    I won't sell, won't buy; Rooster [I] wants it, kokalayko.
  • བཀའན་འགྱུར། Kanjur
    ཀོ་ཀ་ལེ་ཀོ །བྱ་པོ་ང་ཡི་གསང་ལམ་ནི། ། གསེར་དང་དངུལ་གྱི་ཐོབ་སང་ཡིན། །ཀོ་ཀ་ལེ་ཀོ །
    Kokalayko, rooster my secret path is, The source of gold and silver, kokalayko.
  • བཀའན་འགྱུར། Kanjur
    ང་བཙོང་ཡང་མི་བཙོང་ང་ཉོ་ཡང་མི་ཉོ། །བྱ་པོ་ང་རང་དགོ་རྒྱུ་རེད། །ཀོ་ཀ་ལེ་ཀོ ། འོ་ད་བཏང་མ་ ཏེ་ལགས།། །། འ་ནཱི་སྦེ་བཏང་འོང་ ཏེ་ལགས།། །།
    I won't sell, won't buy; Rooster [I] wants it, kokalayko. Will sing like this.