Skip to main content Skip to search
28 Aug 2018
1 min 58 sec
Rating
0
No votes yet
Video Overview
Creators: 
Sonam Chophel, Dawa Tshering

༉  གླུ་གཞས་རྐང་གཉིས་མ་གཅིག་རྐང་གཉིས་མ་ཟེར་མི་འདི་ ལ་ཡག་ལུང་སྒོ་ལས་རིན་ཆེན་གྱིས་འཐེནམ་ཨིནམ་ད་ གླུ་གཞས་བརྩམས་པ་པོ་འདི་ག་ཨིན་ན་ ཁ་གསལ་ཅིག་མ་ཤེས་རུང་ ཁོ་གིས་ གླུ་གཞས་འདི་ གཡུས་ཁའི་མི་རྒས་ཤོས་ཚུ་ལས་ལྷབ་ལྷབ་ཨིན་མས། ཁོང་གི་གཡུས་ཁ་ལུ་གླུ་གཞས་འདི་ ལོ་ངོ་ལེ་ཤ་ཅིག་གི་ཧེ་མ་ དུས་སྟོན་ག་ཅི་བཟུམ་ཅིག་ན་ཡང་འཐེན་ནི་ཡོད་རུང་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ ཕྱི་གླིང་པའི་ཞབས་བྲོ་འདི་ཚུ་ལུ་སྤྲོ་བ་ལེན་ཏེ་ ང་བཅས་ར་འདི་བཟུམ་གྱི་གླུ་གཞས་ཚུ་ལྷབ་སྦྱང་འབད་ནི་འདི་ ལཱ་ཁག་སྦེ་ཚོར་ཏེ་ གནམ་མེད་ས་མེད་ཅིག་སྤྲོ་བ་མི་ལེན་པས། གླུ་གཞས་འདི་དུས་སྟོན་ཁག་ཆེ་ཏོག་ཏོ་དང་མི་དམངས་འཛོམས་སར་ དེ་ལས་ལཱ་འབད་བའི་སྐབས་སུ་ཡང་འཐེན་ནི་ཡོདཔ་ད་ ཚིག་འདི་ནང་ མཆོད་རྟེན་འདི་གླུ་གཞས་འདིའི་རྒྱན་བཟུམ་ཅིག་སྦེ་བཞག་སྟེ་ བུམོ་ཅིག་ལུ་འཇའ་རིངམ་འདུག་ ཟེར་བསྟོད་པ་རྐྱབ་ཨིན་མས།

Show More

  • རིན་ཆེན། Rinchen རྐང་གཉིས་མ་གཅིག་རྐང་གཉིས་མ། །ཨའོ་ས་ལས་ཨའོ། །
  • རིན་ཆེན། Rinchen ཕུག་ལ་གི་མཆོད་རྟེན་རྐང་གཉིས་མ། །ཨའོ་ས་ལས་ཨའོ། །
  • རིན་ཆེན། Rinchen ཕྱི་མཇལ་བའི་སྐུ་དཀར་མདངས་མས་སྨོ། །ཨའོ་ས་ལས་ཨའོ། །
    The outer
  • རིན་ཆེན། Rinchen ནང་མཇལ་བའི་བྱིན་རླབས་ཆེ་བས་སྨོ། །ཨའོ་ས་ལས་ཨའོ། །
  • རིན་ཆེན། Rinchen གཏམ་གསུང་གཉིས་མ་གཅིག་གསུང་གཉིས་མ། །ཨའོ་ས་ལས་ཨའོ། །
  • རིན་ཆེན། Rinchen ཁྱོད་གཡུས་ཀྱི་སྨན་ཆུང་གསུང་གཉིས་མ། །ཨའོ་ས་ལས་ཨའོ། །
  • རིན་ཆེན། Rinchen ཕྱི་བལྟ་བའི་ངོ་རིས་ལེགས་པས་སྨོ། །ཨའོ་ས་ལས་ཨའོ། །
  • རིན་ཆེན། Rinchen ནང་ཉན་མའི་(པའི་)གསུང་སྐད་ཧན་མས་སྨོ། །ཨའོ་ས་ལས་ཨའོ། །
  • རིན་ཆེན། Rinchen འ་ནཱིམ་ཅིག་ཨིན་མས་ ཟེར་ཞུ་ནི་ལགས།། །།