Skip to main content Skip to search
29 Aug 2018
3 min 6 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Sangay Tshomo

ལྷུན་རྩེ་རྫོང་ཁག་ སྨིན་རྒྱས་རྒེད་འོག་ ཞམ་གཡུས་ཚན་ལས་ རྣམ་རྒྱལ་སྒྲོལ་མ་གིས་འཐེན་མི་ བྱ་མོ་སེར་མི་མགུ་ཏོ་ཟེར་མི་འདི་ བཀྲ་ཤིས་བོད་སྒྲའི་གླུ་གཞས་ཅིག་ཨིནམ་ད་ གླུ་གཞས་ཀྱི་ཚིག་ནང་ བྱ་མོ་སེར་མིའི་བྱ་ཅིག་ལུ་དཔེ་བཀོད་དེ་ཡོད་པའི་ཚིག་ཚུ་ཡོདཔ་ད་ དོན་ལུ་ བྱིན་རླབས་ཅན་གྱི་བླམ་ཅིག་གི་བསྟོད་གླུ་བཟུམ་ཅིག་ཡང་ཨིན་པས། བྱ་འདི་མགུ་གཏད་གནམ་ལུ་གཏད་ ནམ་མཁའ་དང་མཉམ་པའི་བཀྲ་ཤིས་ཤོག་ བྱ་མོ་སེར་མིའི་རྐང་པ་ས་ལུ་གཏད་ ས་ཕྱོགས་བྱིན་གྱིས་བརླབ་པའི་བཀྲ་ཤིས་ཤོག་ བྱ་མོའི་སྒོང་རྡོག་འབྲུ་ལུ་གཏད་ འབྲུ་ལ་གང་སྟོང་མེད་པའི་བཀྲ་ཤིས་ཤོག་ཟེར་ བཀྲ་ཤིས་པའི་ཚིག་ཚུ་ཡོདཔ་ལས་ ཞབས་བྲོ་རྐྱབ་པའི་སྐབས་ལུ་ མཇུག་ལུ་བཀྲ་ཤིས་རྐྱབ་དོ་ཡོདཔ་ད་ གླུ་གཞས་དེ་ཡང་བཀྲ་ཤིས་སྦེ་རྐྱབ་བཏུབ་པའི་གླུ་གཞས་ཅིག་ཨིན་མས།

Show More

  • རྣམ་རྒྱལ་སྒྲོལ་མ། Namgay Dema
    སྭོ་ བྱ་མོ་སེར་མི་མགུ་གཏད་ཡ་གནམ་ལུ་གཏད། །གནམ་ཁ་དང་མཉམ་པའི་ཡ་བཀྲིས་ཤོག །
    The head of yellow bird rise to sky, Let there be auspicious as equivalent to the sky.
  • རྣམ་རྒྱལ་སྒྲོལ་མ། Namgay Dema
    སྭོ་ བྱ་མོ་སེར་མི་རྐང་པ་ཡ་ས་ལུ་གཏད། །ས་ཆུ་བྱིན་གྱིས་རླབས་པའི་ཡ་བཀྲིས་ཤོག །
    The leg of yellow bird steps on earth, Let there be auspicious as earth blessed.
  • རྣམ་རྒྱལ་སྒྲོལ་མ། སྭོ་ བྱ་མོ་སེར་མི་སྒོང་རྡོག་ཡ་འབྲུ་ལ་གཏད། །འབྲུ་ལ་གང་སྟོང་མེད་པའི་ཡ་བཀྲིས་ཤོག །
    Namgay Dema:, The egg of yellow bird hatch on grains, Let there be auspicious as stable grains.
  • རྣམ་རྒྱལ་སྒྲོལ་མ། Namgay Dema
    སྭོ་ བྱ་མོ་སེར་མི་གཤོག་པ་ཡ་འབྲུ་ལ་གཏད། །འབྲུ་ལ་ཁང་སྟོང་མེད་་་་་་་ འབྲུ་འདི་མཁའ་དང་མཉམ་པའི་ཡ་བཀྲིས་ཤོག ། འབྲུ་ལ་མཁའ་དང་མཉམ་པའི་ཡ་གཡང་ཆགས་ཤོག །
    The feather of yellow bird rest on grains, Empty grain…[singer makes error] Let there be auspicious as grain equivalent to sky.
  • རྣམ་རྒྱལ་སྒྲོལ་མ། Namgay Dema
    སྭོ་ བྱ་མོ་སེར་མི་གཤོག་པ་ཡ་ཆུ་ལུ་གཏད། །ཆུ་ལ་འབབ་ཐོགས་ཡོད་པའི་ཡ་བཀྲིས་ཤོག །ཆུ་ལ་འབབ་ཐོགས་ཡོད་པའི་ཡ་གཡང་ཆགས་ཤོག །
    The feather of yellow bird touches water, Let there be auspicious as fall and rise of water.
  • རྣམ་རྒྱལ་སྒྲོལ་མ། Namgay Dema
    སྭོ་ ཐོག་མི་ཡི་གང་བའི་ཡ་བཀྲིས་ཤོག །བར་འབྲུ་ཡིས་གང་བའི་ཡ་གཡང་ཆགས་ཤོག །
    Let there be auspicious as top full of people, Let there be flourished of grains in mid.
  • རྣམ་རྒྱལ་སྒྲོལ་མ། Namgay Dema
    སྭོ་ སྒོ་ནོར་ཡི་(ནོར་གྱིས་)གང་བའི་ཡ་བཀྲིས་ཤོག །སྒོ་ནོར་ཡི་(ནོར་གྱིས་)གང་བའི་ཡ་གཡང་ཆགས་ཤོག། ལགས་སོ།། །།
    Let there be auspicious as house full of animals, Let there be flourished of house full of animals.