Video Overview
ལྷུན་རྩེ་བྲག་སྒོང་ལས་ པདྨ་ལྷ་མོ་གིས་འཐེན་མི་ རྒྱ་ལུ་སྐྱེས་པའི་རྨ་བྱ་ཟེར་མི་འདི་ བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ཨིནམ་ད་ གླུ་གཞས་འདི་ ད་རེས་ནངས་པར་ འཐེན་སྲོལ་གནམ་མེད་ས་མེད་ཅིག་མི་གོ་དོ་ཡོདཔ་ད་ དུས་རབས་ཉི་ཤུ་པ་ནང་འབད་བ་ཅིན་ གླུ་གཞས་འདི་གནམ་མེད་ས་མེད་ཡོངས་གྲགས་ཆེ་ཏོག་ཏོ་སྦེ་འཐེན་སྲོལ་ཡོདཔ་ཨིན། འདི་བཟུམ་སྦེ་ར་ དང་ཕུ་གི་གླུ་གཞས་ཚུ་ ཧན་ཏོང་ཏོ་ དགའ་ཏོག་ཏོ་ལེ་ཤ་ཅིག་ར་ ཉམས་དང་ཉམས་བཞིན་དུ་ཡོད་མི་དེ་ཡང་ གླུ་གཞས་ཀྱི་ནང་དོན་ཚུ་མང་ཤོས་ར་ བསྐོར་གཏམ་མཚམས་ཅིག་ཡོདཔ་ལས་ གླུ་གཞས་ཀྱི་ཁུངས་དང་དགོས་པ་ཚུ་ཧ་མ་གོ་བའི་སྟབས་ཀྱིས་ རྩིས་མཐོང་དང་དག་སྣང་མ་བསྐྱེད་པ་ལས་བརྟེན་ ཉམས་འགྱོཝ་ཨིན་པས། གླུ་གཞས་འདི་ནང་གི་ལེའུ་དང་པ་གི་འབད་བ་ཅིན་ རྒྱ་ལུ་སྐྱེས་མི་རྨ་བྱ་འདི་ སྐྱེས་ཡང་རྒྱ་ལུ་སྐྱེས་སྐྱེསཝ་ཨིནམ་མ་ཚད་ སྦོམ་ཡང་རྒྱུ་ལུ་ར་སྦོམ་སྦོམ་ཨིན་ ཨིནམ་ད་ལུ་ རྒྱ་གར་ལུ་ཚ་དྲོད་ཆེཝ་ལས་བརྟེན་ཏེ་ ཚདཔ་གིས་འགོར་ཆི་ཡི་ དེ་འབད་ནི་དེ་གིས་ ཚདཔ་གི་སྨན་འདི་ སྨན་ཆེན་ག་བུར་ཨིནམ་ལས་བརྟེན་ སྨན་ཆེན་ག་བུར་དྲན་ཆི་ཡི་ ཟེར་འཐེནམ་ཨིན་པས།
- India
- Tibet
- པདྨ་ལྷ་མོ། Pema Lhamoརྒྱ་ལུ་སྐྱེས་པའི་རྨ་བྱ། །གསུང་དབྱངས་ཨེ་མོ་རུག་རུག །སྭོ་ཡ་ལ། སྐྱེས་ཡང་རྒྱ་ལུ་སྐྱེས་སོང་། །སྭོ་ཡ་ལ། སྦོམ་ཡང་རྒྱ་ལུ་སྦོམ་སོང་། །Peacock born in India, Born in India and also brought up in India.
- པདྨ་ལྷ་མོ། Pema Lhamoསྦོམ་ཡང་རྒྱ་ནི་་་་་་ རྒྱ་ནི་ཚད་པས་བསྒོར་ཚེ། །གསུང་དབྱངས་ཨེ་མོ་རུག་རུག །སྭོ་ཡ་ལ། སྨན་ཆེན་ག་བུར་དྲན་སོང་། །སྭོ་ཡ་ལ། སྨན་ཆེན་ག་བུར་དྲན་སོང་། །Brought up in India…{singer makes error} When heat waits, Peacock misses happiness.
- པདྨ་ལྷ་མོ། Pema Lhamoབོད་ལ་སྐྱེས་པའི་ཁྲུང་ཁྲུང་། །གསུང་དང་ཨེ་མོ་རུག་རུག སྭོ་ཡ་ལ། སྐྱེས་ཡང་བོད་ལུ་སྐྱེས་སོང་། །སྭོ་ཡ་ལ། སྦོམ་ཡང་བོད་ལུ་སྦོམ་སོང་། །Heron born in Tibet, Born in Tibet and also brought up in Tibet.
- པདྨ་ལྷ་མོ། Pema Lhamoབོད་ནི་ཁ་བས་གང་ཚེ། །གསུང་དབྱངས་ཨེ་མོ་རུག་རུག །སྭོ་ཡ་ལ། རྐང་ལ་ལྷམ་བུ་དྲན་སོང་། །སྭོ་ཡ་ལ། རྐང་ལ་ལྷམ་བུ་དྲན་སོང་། །When Tibet is full of snow, Leg misses shoes.
- པདྨ་ལྷ་མོ། Pema Lhamoགཡུས་ལ་སྐྱེས་པའི་སྤྲང་མོ། །གསུང་དབྱངས་ཨེ་མོ་རུག་རུག །སྭོ་ཡ་ལ། སྐྱེས་ཡང་གཡུས་ལུ་སྐྱེས་སོང་། །སྭོ་ཡ་ལ། སྦོམ་ཡང་གཡུས་ལུ་སྦོམ་སོང་། །Tramp born in village, Born in village and also brought up in village.
- པདྨ་ལྷ་མོ། Pema Lhamoསྦོམ་ཡང་གཡུས་ལུ་སྦོམ་ཚེ། །གསུང་ཡང་ཨེ་མོ་རུག་རུག །སྭོ་ཡ་ལ། དམ་པའི་ལྷ་ཆོས་དྲན་སོང་། །སྭོ་ཡ་ལ། དམ་པའི་ལྷ་ཆོས་དྲན་སོང་། །When brought up in village, Is missing dharma. Time and again song is mistaken
- པདྨ་ལྷ་མོ་ Pema Lhamoཡ་ལགས་སོ། གླུ་གཞས་འཛོལ་སོ་ཡི་ལགས།། །།