Skip to main content Skip to search
29 Aug 2018
6 min 26 sec
Rating
0
No votes yet
Video Overview
Creators: 
Sonam Chophel, Sangay Tshomo

༉  ལྷུན་རྩེ་ཆ་འོག་ བུ་དུར་ལས་ ཚེ་དབང་ལྷ་མོ་གིས་འཐེན་ཏེ་ཡོད་མི་ བྱ་ལེགས་མོ་ཚེ་རིང་མི་བཞུགས་ཟེར་མི་བོད་སྒྲའི་གླུ་གཞས་འདི་ ཕམ་སྤུན་ཆ་དང་ཆ་རོགས་འཆམ་མཐུན་ཚུ་ མ་འཕྱད་པར་ཡུན་རིངམོ་གི་རྒྱབ་ལས་འཕྱད་དེ་འཛོམས་ཞིནམ་ལས་ ལོག་སྟེ་ཁ་འབྱལ་བའི་སྐབས་ལུ་འཐེན་ནི་གི་སྐྱོ་གླུ་ཅིག་ཨིནམ་ད་ གླུ་གཞས་འདི་དང་འཁྲིལ་བ་ཅིན་ མི་ཚེ་འདི་ནང་འཕྱད་ནི་འདི་ལཱ་ཁག་ཡོདཔ་ལས་ གཅིག་གིས་གཅིག་འཕྱད་ནི་གི་རེ་བ་མེད་དེ་འབད་རུང་ ད་ལྟོ་ཚར་གཅིག་ ཅིག་ཁར་འཕྱད་ཚུགས་མི་འདི་ ཚེ་སྔོན་གྱི་ལས་འཕྲོ་ལས་བརྟེན་ཨིནམ་ལས་ དགའ་བ་དང་སྐྱིད་པ་ཡོད་པའི་གུ་ལུ་ ན་བ་དང་ཚ་བ་ལ་སོགས་པ་མེད་ ཟེར་འཐེནམ་ཨིན་པས།

Show More

  • ཚེ་དབང་ལྷ་མོ། Tshewang Lhamo
    བྱ་ལེགས་མོ་ཚེ་རིང་མི་བཞུགས། །བྱ་ལེགས་ལ་ཚེ་རིང་ལ་བཞུགས་ཡོད། །བྱ་ལེགས་ལ་ཚེ་རིང་ལ་བཞུགས་ཡོད། །
    Beautiful longevity bird won’t exist in, But the beautiful longevity bird has resided.
  • ཚེ་དབང་ལྷ་མོ། Tshewang Lhamo
    བྱ་ལེགས་མོ་ཚེ་རིང་བཞུགས་ན། །དགུང་སངས་ཀྱི་ཕྱོགས་ལ་བཞུགས་ཡོད། །དགུང་སངས་ཀྱི་ཕྱོགས་ལ་བཞུགས་ཡོད། །
    If beautiful longevity birds exist in, Will resides in sky.
  • ཚེ་དབང་ལྷ་མོ། Tshewang Lhamo
    དགུང་དང་ལ་ཁྲི་གདུགས་ཉི་མ། །འཛོམས་ཡོང་བསམ་པ་ཡིད་ལ་མ་བྱུང་། །མཇལ་ཡོང་བསམ་པ་ཡིད་ལ་མ་བྱུང་། །
    The sky and the sun, Had never thought of coming together.
  • ཚེ་དབང་ལྷ་མོ། Tshewang Lhamo
    དུས་ད་ལ་ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཨིན་པ། །ད་ལྟོ་གི་སྨོན་ལམ་ཡིན་པ། །
    Today had come together ones, Is the fate of former life.
  • ཚེ་དབང་ལྷ་མོ། Tshewang Lhamo
    ཡོད་དོ་ལ་སོགས་ཡོད་དོ་ལ་ཡོད་དོ། །དགའ་བ་ལ་སོགས་སྐྱིད་པོ་ལ་ཡོད་དོ། །དགའ་བ་ལ་སོགས་སྐྱིད་པོ་ལ་ཡོད་དོ། །
    There exists happiness and peace.
  • ཚེ་དབང་ལྷ་མོ། Tshewang Lhamo
    མེད་དོ་ལ་སོགས་མེད་དོ་ལ་མེད་དོ། །ན་བ་ལ་སོགས་ཚ་བ་ལ་མེད་དོ། །ན་བ་ལ་སོགས་ཚ་བ་ལ་མེད་དོ། །
    There is no sickness
  • ཚེ་དབང་ལྷ་མོ། Tshewang Lhamo
    ཁྱོད་རྣམ་པ་གངས་སྟོད་མཐོན་པོ། །ངེད་རྣམ་པ་སེང་གེ་ལ་དཀར་མོ། །ངེད་རྣམ་པ་སེང་གེ་ལ་དཀར་མོ། །
    Tomorrow you will be heights of ice-peak, Me (I) will be the white lion.
  • ཚེ་དབང་ལྷ་མོ། Tshewang Lhamo
    གངས་དང་ལ་སེང་ཆེན་གཉིས་པོ། །འཛོམས་ཡོང་བསམ་པ་ཡིད་ལ་ལ་མ་བྱུང་། །མཇལ་ཡོང་བསམ་པ་ཡིད་ལ་ལ་མ་བྱུང་། །
    The height of ice-peak and lion, Had never thought of being together.
  • ཚེ་དབང་ལྷ་མོ། Tshewang Lhamo
    དུས་ད་ལ་ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ། །ད་ལྟོ་གི་སྨོན་ལམ་ལ་ཡིན་པ། །
    Today had come together ones, Is the fate of former life.
  • ཚེ་དབང་ལྷ་མོ། Tshewang Lhamo
    ཡོད་དོ་ལ་སོགས་ཡོད་ལ་ཡོད་དོ། །དགའ་བ་ལ་སོགས་སྐྱིད་པོ་ལ་ཡོད་དོ། །དགའ་བ་ལ་སོགས་སྐྱིད་པོ་ལ་ཡོད་དོ། །
    There exists happiness and peace.
  • ཚེ་དབང་ལྷ་མོ། Tshewang Lhamo
    མེད་དོ་ལ་སོགས་མེད་དོ་ལ་མེད་དོ། །ན་བ་ལ་སོགས་ཚ་བ་ལ་མེད་དོ། །ན་བ་ལ་སོགས་ཚ་བ་ལ་མེད་དོ། །
    There is no sickness
  • ཚེ་དབང་ལྷ་མོ། Tshewang Lhamo
    ཁྱོད་རྣམ་པ་སྤང་སྟོད་མཐོན་པོ། །ངེད་རྣམ་པ་ཤཝ་རྒས་རྭ་བཅུ། །ངེད་རྣམ་པ་ཤཝ་རྒས་རྭ་བཅུ། །
    Tomorrow you will be meadow, Me (I) will be stag.
  • ཚེ་དབང་ལྷ་མོ། Tshewang Lhamo
    སྤང་དང་ལ་ཤཝ་རྒས་རྭ་བཅུ། །འཛོམས་ཡོང་བསམ་པ་ཡིད་ལ་ལ་མ་བྱུང་། །མཇལ་ཡོང་བསམ་པ་ཡིད་ལ་ལ་མ་འབྱུང་། །
    The meadow and stag, Had never thought of coming together.
  • ཚེ་དབང་ལྷ་མོ། Tshewang Lhamo
    དུས་ད་ལ་ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ། །ད་ལྟོ་གི་སྨོན་ལམ་ལ་ཡིན་པ། །
    Today had come together ones, Is the fate of former life?
  • ཚེ་དབང་ལྷ་མོ། Tshewang Lhamo
    ཡོད་དོ་ལ་སོགས་ཡོད་དོ་ལ་ཡོད་དོ། །དགའ་བ་ལ་སོགས་སྐྱིད་པོ་ལ་ཡོད་དོ། །དགའ་བ་ལ་སོགས་སྐྱིད་པོ་ལ་ཡོད་དོ། །
    There exists happiness and peace.
  • ཚེ་དབང་ལྷ་མོ། Tshewang Lhamo
    མེད་དོ་ལ་སོགས་མེད་དོ་མེད་དོ། །ན་བ་ལ་སོགས་ཚ་བ་ལ་མེད་དོ། །ན་བ་ལ་སོགས་ཚ་བ་ལ་མེད་དོ། །
    There is no sickness
  • ཚེ་དབང་ལྷ་མོ། Tshewang Lhamo
    ཁྱེད་རྣམ་པ་གངས་་་་་གཡུས་བཟང་མཐོན་པོ། །ངེད་རྣམ་པ་དྲིན་ཆེན་ལ་ཕ་མ། །ངེད་རྣམ་པ་དྲིན་ཆེན་ལ་ཕ་མ། །
    Tomorrow you will be mount…[singer makes error] village, Me (I) will be a gracious parent.
  • ཚེ་དབང་ལྷ་མོ། Tshewang Lhamo
    གཡུས་དང་ལ་དྲིན་ཆེན་ཕ་མ། །འཛོམས་ཡོང་བསམ་པ་ཡིད་ལ་ལ་མ་བྱུང་། །མཇལ་ཡོང་བསམ་པ་ཡིད་ལ་ལ་མ་བྱུང་། །
    The village and gracious parents, Had never thought of coming together.
  • ཚེ་དབང་ལྷ་མོ། Tshewang Lhamo
    དུས་ད་ལ་ལན་གཅིག་འཛོམས་པ། །ཚེ་སྔོན་གྱི་ལས་འཕྲོ་ལ་ཡིན་པ། །ད་ལྟོ་གི་སྨོན་ལམ་ལ་ཡིན་པ། །
    Today had come together ones, Is the fate of former life.
  • ཚེ་དབང་ལྷ་མོ་ Tshewang Lhamo
    ལགས་སོ།། །།
    Thank you.