Skip to main content Skip to search
29 Aug 2018
5 min 49 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Sangay Tshomo

༉  དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ ང་བཅས་ར་ཕམ་སྤུན་ཆ་དང་ལྟ་ལྟོ་ཚང་ སློབ་དཔོན་དང་སློབ་ཕྲུག་ཚུ་ འཛོམས་སྡོད་པའི་སྐབས་འཐེན་ནི་གི་གླུ་གཞས་ཅིག་ཨིནམ་ད་ དཔེར་ན་ དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ཏེ་འདུག ཨིན་ཏེ་འབད་རུང་ ཁྲི་གདུགས་ཉི་མ་འཛོམས་ནི་འདི་ གསེར་ལས་ཡང་དཀོནམ་མས་ གསེར་ལས་དཀོན་ཏེ་འབད་རུང་ ད་རེས་འཛོམས་ཆི་ཡི་ ད་རེས་འཛོམས་མི་འདི་ འབྲལ་བ་མེད་པའི་སྨོན་ལམ་ཞུཝ་ཨིན་པས། སྤྱིར་བཏང་གིས་གླུ་གཞས་འདི་ དུས་སྟོན་ག་ཅི་བཟུམ་ནང་ཡང་འཐེནམ་ཨིནརུང་ མང་ཤོས་ཅིག་ ང་བཅས་རའི་ཕམ་འདི་ཚུ་དང་ ཁ་འབྱལ་བའི་སྐབས་སུ་འཐེན་དོ་ཡོདཔ་སྦེ་ཚོར་མི་འདི་ གླུ་གཞས་ཀྱི་ཚིག་འདི་ནང་ མི་གཞན་ཚུ་དང་མཉམ་ཅིག་ འཇམ་ཏོང་ཏོ་སྦེ་འཕྱད་ཚུགས་རུང་ རང་གི་ཕམ་དང་འཕྱད་ནི་འདི་ལཱ་ཁག་ཡོདཔ་ལས་ ད་རེས་གཅིག་ཁར་འཛོམས་འདི་སོ་སོར་ཁ་མ་འབྲལ་བ་སྡོད་གེ་ ཟེར་བའི་ཚུལ་ཅིག་ཨིན་མས། གླུ་གཞས་འདི་ནང་ གནམ་དང་ཉིམ་ གངས་དང་སེངྒེ་ སྤང་དང་ཤ་བ་ཚུ་ལུ་དཔེ་སྦྱར་ཏེ་ཡོདཔ་ད་ གླུ་གཞས་འདི་ རྒེད་འོག་དེ་ནང་ལས་ར་ ཨམ་ཚེ་རིང་བཟང་མོ་གིས་འཐེན་མི་ དགུང་སྟོད་བརྒྱ་ཡང་འཛོམས་ས་ཟེར་མི་དང་ཅོག་ར་འཐད་རུང་ གདངས་དབྱངས་ཨ་ཙི་མ་འདྲཝ་སྦེ་འཐེན་ཏེ་འདུག

Show More

  • ཆོས་སྒྲོན། Choden
    དགུང་སྟོད་བརྒྱ་ཡང་འཛོམས་ས་ཡོ་སྟོང་ཡང་འཛོམས། །ཁྲི་གདུགས་འཛོམས་པ་ཡོ་གསེར་ལས་དཀོན། །ཁྲི་གདུགས་ཉི་མ་འཛོམས་པ་ཡོ་གསེར་ལས་དཀོན། །
    Sky assembles hundreds and thousands times, But congregation of sun is rare as gold.
  • ཆོས་སྒྲོན། Choden
    གསེར་ལས་དཀོན་ཀྱང་ད་རེས་ཡོ་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་ཡོ་ངེའི་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་ཡོ་ངེའི་དཀོན་མཆོག་གསུམ། །
    Even its rare as gold today they had met, Lets there be no exodus god.
  • ཆོས་སྒྲོན། Choden
    གངས་སྟོད་བརྒྱ་ཡང་འཛོམས་ས་ཡོ་སྟོང་ཡང་འཛོམས། །སེང་ཆེན་དཀར་མོ་འཛོམས་པ་ཡོ་གསེར་ལས་དཀོན། །སེང་ཆེན་དཀར་མོ་འཛོམས་པ་ཡོ་གསེར་ལས་དཀོན། །
    Mountain assembles hundreds and thousands times, But congregation of white lion is rare as gold.
  • ཆོས་སྒྲོན། Choden
    གསེར་ལས་དཀོན་ཀྱང་ད་རེས་ཡོ་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་ཡོ་ངེའི་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་ཡོ་ངེའི་དཀོན་མཆོག་གསུམ། །
    Even its rare as gold today they had met, Lets there be no exodus god.
  • ཆོས་སྒྲོན། Choden
    སྤང་སྟོད་བརྒྱ་ཡང་འཛོམས་ས་ཡོ་སྟོང་ཡང་འཛོམས། །ཤཝ་རྒས་རྭ་བཅུ་འཛོམས་པ་ཡོ་གསེར་ལས་དཀོན། །ཤཝ་རྒས་རྭ་བཅུ་འཛོམས་པ་ཡོ་གསེར་ལས་དཀོན། །
    Meadow assembles hundreds and thousands times, But congregation of stag is rare as gold.
  • ཆོས་སྒྲོན། Choden
    གསེར་ལས་དཀོན་ཀྱང་ད་རེས་ཡོ་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་ཡོ་ངེའི་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་ཡོ་ངེའི་དཀོན་མཆོག་གསུམ། །
    Even its rare as gold today they had met, Lets there be no exodus god.
  • ཆོས་སྒྲོན། Choden
    མཚོ་སྟོད་བརྒྱ་ཡང་འཛོམས་ས་ཡོ་སྟོང་ཡང་འཛོམས། །ཉའུ་ཅུང་སེར་མོ་འཛོམས་པ་ཡོ་གསེར་ལས་དཀོན། །ཉའུ་ཅུང་སེར་མོ་འཛོམས་པ་ཡོ་གསེར་ལས་དཀོན། །
    Oceans assembles hundreds and thousands times, But congregation of golden fish is rare as gold.
  • ཆོས་སྒྲོན། Choden
    གསེར་ལས་དཀོན་ཀྱང་ད་རེས་ཡོ་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་ཡོ་ངེའི་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་ཡོ་ངེའི་དཀོན་མཆོག་གསུམ། །
    Even its rare as gold today they had met, Lets there be no exodus god.
  • ཆོས་སྒྲོན། Choden
    གཡུས་སྟོད་བརྒྱ་ཡང་འཛོམས་ས་ཡོ་སྟོང་ཡང་འཛོམས། །དྲིན་ཅན་ཕ་མ་འཛོམས་པ་ཡོ་གསེར་ལས་དཀོན། །
    Village assembles hundreds and thousands times, But congregation of parents is rare as gold.
  • ཆོས་སྒྲོན། Choden
    གསེར་ལས་དཀོན་ཀྱང་ད་རེས་ཡོ་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མེ་པའི་ཡོ་སྨོན་ལམ་ཞུ། །འཛོམས་ཀྱང་འབྲལ་བ་མེད་པའི་ཡོ་སྨོན་ལམ་ཞུ།། །།
    Even its rare as gold today they had met, Lets there be no exodus god.