Skip to main content Skip to search
29 Aug 2018
5 min 20 sec
Video Overview
Creators: 
Sonam Tobgye, Sangay Tshomo

༉  ལྷུན་རྩེ་ཆ་འོག་ སྨིན་རྒྱས་རྒེད་འོག་ལས་ ཚེ་རིང་བཟང་མོ་གིས་འཐེན་མི་ དགུང་སྟོད་བརྒྱ་ཡང་འཛོམས་ཤོག་ཟེར་མི་བོད་སྒྲའི་གླུ་གཞས་འདི་ ང་བཅས་ར་ག་ར་འབད་རུང་ ཚར་ཅིག་གཅིག་ཁར་འཛོམས་པའི་མཐའ་མ་ སོ་སོ་ཁ་འབྱལ་འགྱོ་བའི་སྐབས་འཐེན་མི་ བོད་སྒྲའི་གླུ་གཞས་ཡོངས་གྲགས་ཅན་ཅིག་ཨིནམ་ད་ སྤྱིར་བཏང་གླུ་གཞས་འདི་ དུས་སྟོན་ག་ཅི་བཟུམ་ནང་ཡང་འཐེན་བཏུབ་ཨིན་རུང་ འདི་གི་ཚིག་ནང་ སྤྱིར་བཏང་མི་དང་འཕྱད་ནི་འདི་འཇམ་ཏོང་ཏོ་ཡོད་རུང་ རང་གི་ཕམ་དང་འཕྱད་ནི་འདི་ལཱ་ཁག་ཡོདཔ་ལས་ འཛོམས་པའི་མཐའ་མར་ཁ་འབྲལ་སོ་སོ་སྦེ་འགྱོ་མ་བཅུག་ཟེར་ དཀོན་མཆོག་གསུམ་ལུ་གསོལཝ་བཏབ་ཨིན་པས།

The song "Gungtey Jayang Dzomsho" (May One Hundred Skies Meet) is a popular Boedra song usually performed during leisure times. Though the song can be used during any occasion or event, when looking at the lyrics one can see it should be sung during a meeting or departure. The verses say that ordinary people can meet each other at any time, but the meeting of parents is a rare occasion. It uses metaphors in pairs to express this: the sky and the sun, mountains and lions, reindeer and meadows.

Transcript search
No results found for this search
0 of 0
  • ཚེ་རིང་བཟང་མོ། Tshering Zangmo
    དགུང་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །
    Sky assembles hundreds and thousands times, But congregation of sun is rare as gold.
  • ཚེ་རིང་བཟང་མོ། Tshering Zangmo
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །
    Even its rare as gold today they had met, Lets there be no exodus god.
  • ཚེ་རིང་བཟང་མོ། Tshering Zangmo
    གངས་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས། །སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། །སེང་ཆེན་སེར་མོ་(དཀར་མོ་)འཛོམས་པ་གསེར་ལས་དཀོན། །
    Mountain assembles hundreds and thousands times, But congregation of white lion is rare as gold.
  • ཚེ་རིང་བཟང་མོ། Tshering Zangmo
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །
    Even its rare as gold today they had met, Lets there be no exodus god.
  • ཚེ་རིང་བཟང་མོ། Tshering Zangmo
    སྤང་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས། །ཤཝ་རྒས་རྭ་བཅུ་འཛོམས་པ་གསེར་ལས་དཀོན། །ཤཝ་རྒས་རྭ་བཅུ་འཛོམས་པ་གསེར་ལས་དཀོན། །
    Meadow assembles hundreds and thousands times, But congregation of stag is rare as gold.
  • ཚེ་རིང་བཟང་མོ། Tshering Zangmo
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །
    Even its rare as gold today they had met, Lets there be no exodus god.
  • ཚེ་རིང་བཟང་མོ། Tshering Zangmo
    མཚོ་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས། །གསེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན། །གསེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན། །
    Oceans assembles hundreds and thousands times, But congregation of golden fish is rare as gold.
  • ཚེ་རིང་བཟང་མོ། Tshering Zangmo
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །
    Even its rare as gold today they had met, Lets there be no exodus god.
  • ཚེ་རིང་བཟང་མོ། Tshering Zangmo
    གཡུས་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས། །དྲིན་ཅན་ཕ་མ་འཛོམས་པ་གསེར་ལས་དཀོན། །དྲིན་ཅན་ཕ་མ་འཛོམས་པ་གསེར་ལས་དཀོན། །
    Village assembles hundreds and thousands times, But congregation of parents is rare as gold.
  • ཚེ་རིང་བཟང་མོ། Tshering Zangmo
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ། །འཛོམས་ཀྱང་འབྲལ་བ་མ་གནང་དཀོན་མཆོག་གསུམ།། །།
    Even its rare as gold today they had met, Lets there be no exodus god.