Video Overview
Jangchub Dema from Maenjiwong village in Sertig Gewog (county) in Samdrupjongkhar Dzongkhag (district), sings a Boedra song called "Gungtey Gungsum". The lyrics teach the listeners where the elements, higher classes of animals, and parents reside. It explains that the sun is subject to shine from the sky, lions are subjected to reside in the higher mountains, stags are supposed to reside in the meadows and parents are supposed to reside in the village.
༉ བོད་སྒྲའི་གླུ་གཞས་ དགུང་སྟོད་དགུང་གསུམ་འདི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གསེར་ཐིག་རྒེད་འོག་ སྨན་ཇི་འུང་གཡུས་ཚན་ལས་ བྱང་ཆུབ་སྒྲོལ་མ་གིས་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་ཅིག་ཨིན་པས། འདི་བཟུམ་གྱི་གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་འདི་ གདངས་དབྱངས་མ་འདྲཝ་མ་འདྲཝ་ལེ་ཤ་ཅིག་འཐེན་ནི་ཡོདཔ་ད་ ད་ལྟོ་བྱང་ཆུབ་སྒྲོལ་མ་གིས་འཐེན་མི་དེ་ཡང་ གདངས་དབྱངས་ཀྱིས་ཁྱད་པར་སྦོམ་སྦེ་བཟོ་ཡོདཔ་མ་གཏོགས་ སྤྱིར་བཏང་གི་གངས་སྟོད་དགུང་སྟོད་ཀྱི་ཚིག་ཙང་ཙ་ར་ཨིན་པས།
- Samdrupjongkhar
- Serthi
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ དགུང་སྟོད་ལ་སེ་དགུང་གསུམ་ལ་ནི་སྭོ། །Ok, high sky joins with three high skies
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ ཁྲི་གདུགས་ཉི་མ་འཛོམས་པའི་ལ་ནི་སྭོ། །Ok, there meets the blissful sun.
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ གངས་སྟོད་ལ་སེ་གངས་གསུམ་ལ་ནི་སྭོ། །Ok, high mountain joins with three high mountains
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ སེང་ཆེན་ཀརྨ་འཛོམས་པའི་ལ་ནི་སྭོ། །Ok, there meets the white snow lion
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ སྤང་སྟོད་ལ་སེ་སྤང་གསུམ་ལ་ནི་སྭོ། །Ok, high pasture joins with three pastures
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ ཤ་བ་རྭ་བཅུ་འཛོམས་པའི་ལ་ནི་སྭོ། །Ok, there meets the stag
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ ནགས་སྟོད་ལ་སེ་ནགས་གསུམ་ལ་ནི་སྭོ། །Ok, high forest joins with three forests
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ དོམ་བུར་སྙིང་དཀར་འཛོམས་པའི་ལ་ནི་སྭོ། །Laso, there meets two bears.
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ གཙང་སྟོད་ལ་སེ་གཙང་གསུམ་ལ་ནི་སྭོ། །Ok, stream join with three streams
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ ཉའུ་ཅུང་གསེར་མོ་འཛོམས་པའི་ལ་ནི་སྭོ། །Ok, there meet tiny fish
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ གཡུས་སྟོད་ལ་སེ་གཡུས་གསུམ་ལ་ནི་སྭོ། །Ok, high village joins with three villages
- བྱང་ཆུབ་སྒྲོལ་མ་ Jangchub Demaལ་སྭོ་ དྲིན་ཅན་ཕ་མ་འཛོམས་པའི་ལ་ནི་སྭོ།། འ་ནཱིམ་ཅིག་ཞུ་ནི་ཨིན་ལགས།། །།Ok, there meets a grateful father and mother. That is it.