Skip to main content Skip to search
28 Aug 2018
7 min 47 sec
Rating
0
No votes yet
Video Overview
Creators: 
Sonam Chophel

༉  ཧཱ་རྫོང་ཁག་ དཀར་མཚོ་རྒེད་འོག་གི་ཨམ་སྲུ་ཚུ་གིས་ ཧཱ་རྫོང་ཁག་གི་ཚེས་བཅུའི་སྐབས་ དགུང་སྟོད་མཐོན་པོ་ཟེར་མི་ བོད་སྒྲའི་ཞབས་བྲོ་རྙིངམ་ཅིག་རྐྱབ་ཨིནམ་ད་ ཞབས་བྲོ་འདི་ འགོ་མ་བཙུགས་པའི་ཧེ་མ་དང་མཇུག་བསྡུ་བའི་སྐབས་ བོད་སྒྲའི་གླུ་གཞས་ རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན་ཟེར་མི་འདི་རྐྱབ་དོ་ཡོད་མི་དེ་ ཞབས་བྲོ་རྐྱབ་སའི་ཐང་ནང་འཐོན་པའི་སྐབས་ལུ་འཐོན་འཆམ་དང་ ལོག་འཛུལ་བའི་སྐབས་ལུ་འཛུལ་འཆམ་ཟེར་ ཞབས་བྲོ་རྐྱབ་སའི་ཐང་འདི་སྦོམ་ནི་དེ་གིས་ ཐང་ནང་འཐོན་པའི་སྐབས་དང་ལོག་འཛུལ་བའི་སྐབས་ལུ་བྱ་ཆི་ཆི་སྦེ་མཐོང་ནི་གི་དོན་ལས་ ཞབས་བྲོའི་དངོས་གཞིའི་མགོ་དང་མཇུག་ལས་ དེ་སྦེ་བཙུགས་ཏེ་རྐྱབ་ཨིན་པས། ཞབས་བྲོ་གཉིས་ཆ་རའི་ནང་ རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཚིག་ཚུ་ཡོདཔ་ལས་ གླུ་གཞས་དེ་མང་ཤོས་ཅིག་ དུས་སྟོན་ཁྱད་པར་ཅན་ཚུའི་སྐབས་དང་ མི་ཚུ་དགའ་སྤྲོའི་དོན་ལུ་སྤུངས་འཛོམས་འབད་བའི་སྐབས་རྐྱབ་ཨིན།

Show More

  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    རྒྱ་ནག་ནོར་བུ་རི་གི་(ཡི་)ཕར་རྒྱབ་ན། །རྒྱ་ནག་ནོར་རི་གི་(ཡི་)ཕར་རབ་ན། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ཨོ་ལོ་ནོར་བུ་རི་གི་(ཡི་)ཚུར་རྒྱབ་ན། །ཨོ་ལོ་ནོར་བ་རི་གི་(ཡི་)ཚུར་རྒྱབ་ན། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བཞེངས་པ་རྣམས་སུ་དགོན་བཟང་ཁྲ་མོ་བཞེངས། །བཞེངས་པ་རྣམས་སུ་དགོན་བཟང་ཁྲ་མོ་བཞེངས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བཞུགས་པ་རྣམས་སུ་མཚན་ལྡན་བླ་མ་བཞུགས། །བཞུགས་པ་རྣམས་སུ་མཚན་ལྡན་བླ་མ་བཞུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    མཚན་ལྡན་བླ་མའི་ཐུགས་རིག་དགོངས་པ་གནང་། །མཚན་ལྡན་བླ་མའི་ཐུགས་རིག་དགོངས་པ་གནང་། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བྱིན་རླབས་སྲུང་སྐུད་བསྟན་པ་དར་སེ་དར། །བྱིན་རླབས་སྲུང་སྐུད་བསྟན་པ་དར་སེ་དར། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    དགུང་སངས་མཐོན་པོ་ཕྱི་ལ་བཞུགས་པས། །ཕྱི་ལ་བཞུགས་པས། ལྕགས་རི་ལེ་སེ་འདྲ། ཕྱི་ལ་བཞུགས་པས། ལྕགས་རི་ལེ་སེ་འདྲ།
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ཁྲི་གདུགས་ཉི་མ་ནང་ལ་བཞུགས་པས། །ནང་ལ་བཞུགས་པས། ནོར་བུ་ལེ་སེ་འདྲ། །ནང་ལ་བཞུགས་པས། ནོར་བུ་ལེ་སེ་འདྲ།
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གངས་སྟོད་མཐོན་པོ་ཕྱི་ལ་བཞུགས་པས། །ཕྱི་ལ་བཞུགས་པས། ལྕགས་རི་ལེ་སེ་འདྲ། །ཕྱི་ལ་བཞུགས་པས། ལྕགས་རི་ལེ་སེ་འདྲ།
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    སེང་ཆེན་དཀར་མོ་ནང་ལ་བཞུགས་པས། །ནང་ལ་བཞུགས་པས། ནོར་བུ་ལེ་སེ་འདྲ། །ནང་ལ་བཞུགས་པས། ནོར་བུ་ལེ་སེ་འདྲ།
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    སྤང་སྟོད་མཐོན་པོ་ཕྱི་ལ་བཞུགས་པས། །ཕྱི་ལ་བཞུགས་པས། ལྕགས་རི་ལེ་སེ་འདྲ། །ཕྱི་ལ་བཞུགས་པས། ལྕགས་རི་ལེ་སེ་འདྲ།
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ཤཝ་རྒས་རྭ་བཅུ་ནང་ལ་བཞུགས་པས། །ནང་ལ་བཞུགས་པས། ནོར་བུ་ལེ་སེ་འདྲ། །ནང་ལ་བཞུགས་པས། ནོར་བུ་ལེ་སེ་འདྲ།
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ནགས་སྟོད་མཐོན་པོ་ཕྱི་ལ་བཞུགས་པས། །ཕྱི་ལ་བཞུགས་པས། ལྕགས་རི་ལེ་སེ་འདྲ། །ཕྱི་ལ་བཞུགས་པས། ལྕགས་རི་ལེ་སེ་འདྲ།
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    སྟག་མོ་རི་མཛེས་ནང་ལ་བཞུགས་པས། །ནང་ལ་བཞུགས་པས། ནོར་བུ་ལེ་སེ་འདྲ། །ནང་ལ་བཞུགས་པས། ནོར་བུ་ལེ་སེ་འདྲ།
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    མཚོ་སྟོད་མཐོན་པོ་ཕྱི་ལ་བཞུགས་པས། །ཕྱི་ལ་བཞུགས་པས། ལྕགས་རི་ལེ་སེ་འདྲ། །ཕྱི་ལ་བཞུགས་པས། ལྕགས་རི་ལེ་སེ་འདྲ།
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    གསེར་མིག་ཉ་མོ་ནང་ལ་བཞུགས་པས། །ནང་ལ་བཞུགས་པས། ནོར་བུ་ལེ་སེ་འདྲ། །ནང་ལ་བཞུགས་པས། ནོར་བུ་ལེ་སེ་འདྲ།
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    རྒྱ་ནག་ནོར་བུ་རི་གི་(ཡི་)ཕར་རྒྱབ་ན། །རྒྱ་ནག་ནོར་བུ་རི་གི་(ཡི་)ཕར་རྒྱབ་ན། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    ཨོ་ལོ་ནོར་བུ་རི་གི་(ཡི་)ཚུར་རྒྱབ་ན། །ཨོ་ལོ་ནོར་བུ་རི་གི་(ཡི་)ཚུར་རྒྱབ་ན། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བཞེངས་པ་རྣམས་སུ་དགོན་བཟང་ཁྲ་མོ་བཞེངས། །བཞེངས་པ་རྣམས་སུ་དགོན་བཟང་ཁྲ་མོ་བཞེངས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བཞུགས་པ་རྣམས་སུ་མཚན་ལྡན་བླ་བཞུགས། །བཞུགས་པ་རྣམས་སུ་མཚན་ལྡན་བླ་བཞུགས། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    མཚན་ལྡན་བླ་མའི་ཐུགས་རིག་དགོངས་པ་གནང། །མཚན་ལྡན་བླ་མའི་ཐུགས་རིག་དགོངས་པ་གནང། །
  • རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancers
    བྱིན་རླབས་སྲུང་སྐུད་བསྟན་པ་དར་སེ་དར། །བྱིན་རླབས་སྲུང་སྐུད་བསྟན་པ་དར་སེ་དར།། །།