Skip to main content Skip to search
01 Sep 2018
6 min 5 sec
Video Overview
Creators: 
Norzin Lhamo

This is a Boedra song by an unknown composer. The song describes the devotional and compassionate nature of several figures such as a sun, mountain, orphan, lama, boy, parent, and soul mate. The song presented here seems to be a mistake in its lyrics. However different versions of the song can be heard across the Bhutan.

 

འབྲུག་མི་ངོ་མ་ཤེས་མི་ཅིག་གིས་ བརྩམས་བཞག་མི་གླུ་གཞས་འདི་ བོད་སྒྲའི་གྲལ་ཁར་ཚུགཔ་ཨིནམ་ད་ འདི་ནང་རང་བཞིན་ལྷུན་གྱིས་གྲུབ་པའི་ ཉིམ་དང་ཟླཝ་ གང་དང་དའུ་བུཚ་ བླམ་དང་ཕམ་ འདི་ལས་ཚེ་གཅིག་གི་གཉེན་དང་གྲོགས་ཀྱི་སྐོར་ལས་ འགྲེན་བཤད་རྐྱབ་མས། གླུ་གཞས་ཀྱི་ཚིག་འདི་ འཛོལ་འཛོལཝ་བཟུམ་ཅིག་ཡོད་རུང་ གླུ་གཞས་འདི་ འབྲུག་རྒྱལ་ཁབ་མཐའ་དབུས་མེདཔ་ན་ གོཝ་གོ་ས་ར་ཡོདཔ་ཨིན། 

 

Transcript search
No results found for this search
0 of 0
  • དགོན་མཁར་གྱི་ཨམ་སྲུ་ཚུ། women from Goenkha
    དགུང་གི་དགུང་སངས་མཐོན་པོ་དགུང་གི་དགུང་སངས་མཐོན་པོ། ཁྲི་གདུགས་ཉི་མ་ཉི་ཟེར་ལུས་ལ་རྒྱན་ཤོག ཁྲི་གདུགས་ཉི་མ་ཉི་ཟེར་ལུས་ལ་རྒྱན་ཤོག །
  • དགོན་མཁར་གྱི་ཨམ་སྲུ་ཚུ། women from Goenkha
    ཉི་ཟེར་ལུས་ལ་རྒྱན་རུང་ཉི་ཟེར་་ལུས་ལ་རྒྱན་རུང་། འཕྲིན་ལས་མ་མཇལ་དགུང་གི་ཕྱོགས་སུ་བྱོན་ཤོག འཕྲིན་ལས་མ་མཇལ་དགུང་གི་ཕྱོགས་སུ་བྱོན་ཤོག །
  • དགོན་མཁར་གྱི་ཨམ་སྲུ་ཚུ། women from Goenkha
    གངས་ཀྱི་གངས་སྟོད་མཐོན་པོ་གངས་ཀྱི་གངས་སྟོད་མཐོན་པོ། དར་སེང་དཀར་མོ་དར་ཕྲུག་ལུས་ལ་རྒྱན་ཤོག དར་སེང་དཀར་མོ་དར་ཕྲུག་ལུས་ལ་རྒྱན་ཤོག །
  • དགོན་མཁར་གྱི་ཨམ་སྲུ་ཚུ། women from Goenkha
    དར་ཕྲུག་ལུས་ལ་རྒྱན་རུང་དར་ཕྲུག་ལུས་ལ་རྒྱན་རུང་། འཕྲིན་ལས་མ་མཇལ་དགུང་གི་ཕྱོག་སུ་བྱོན་ཤོག འཕྲིན་ལས་མ་མཇལ་དགུང་གི་ཕྱོགས་སུ་བྱོན་ཤོག །
  • དགོན་མཁར་གྱི་ཨམ་སྲུ་ཚུ། women from Goenkha
    དགོན་གྱི་དགོན་ས་མཐོན་པོ་དགོན་གྱི་དགོན་ས་མཐོན་པོ། མཚན་ལྡན་བླ་མ་སྐྱབས་སླུ་ལུས་ལ་རྒྱན་ཤོག མཚན་ལྡན་བླ་མ་སྐྱབས་སླུ་ལུས་ལ་རྒྱན་ཤོག །
  • དགོན་མཁར་གྱི་ཨམ་སྲུ་ཚུ། women from Goenkha
    སྐྱབས་སླུ་ལུས་ལ་རྒྱན་རུང་སྐྱབས་སླུ་ལུས་ལ་རྒྱན་རུང་། འཕྲིན་ལས་མ་མཇལ་དགུང་གི་ཕྱོགས་སུ་བྱོན་ཤོག འཕྲིན་ལས་མ་མཇལ་དགུང་གི་ཕྱོགས་སུ་བྱོན་ཤོག །
  • དགོན་མཁར་གྱི་ཨམ་སྲུ་ཚུ། women from Goenkha
    རྫོང་གི་རྫོང་ཆེན་མཐོན་པོ་རྫོང་གི་རྫོང་ཆེན་ཐོན་པོ། དབང་ཆེན་དཔོན་པོ་མཚོ་མ་ལུས་ལ་རྒྱན་ཤོག དབང་ཆེན་དཔོན་པོ་མཚོ་མ་ལུས་ལ་རྒྱན་ཤོག །
  • དགོན་མཁར་གྱི་ཨམ་སྲུ་ཚུ། women from Goenkha
    མཚོ་མ་ལུས་ལ་རྒྱན་རུང་མཚོ་མ་ལུས་ལ་རྒྱན་རུང་། འཕྲིན་ལས་མ་མཇལ་དགུང་གི་ཕྱོགས་སུ་བྱོན་ཤོག འཕྲིན་ལས་མ་མཇལ་དགུང་གི་ཕྱོགས་སུ་བྱོན་ཤོག །
  • དགོན་མཁར་གྱི་ཨམ་སྲུ་ཚུ། women from Goenkha
    གཡུས་ཀྱི་གཡུས་བཟང་མཐོན་པོ་གཡུས་ཀྱི་གཡུས་བཟང་ཐོན་པོ། ཡབ་ཡུམ་གཉིས་ཀུ་སྨིན་ཆུང་ལུས་ལ་རྒྱན་ཤོག ཡབ་ཡུམ་གཉིས་ཀུ་སྨིན་ཆུང་ལུས་ལ་རྒྱན་ཤོག །
  • དགོན་མཁར་གྱི་ཨམ་སྲུ་ཚུ། women from Goenkha
    སྨིན་ཆུང་ལུས་ལ་རྒྱན་རུང་སྨིན་ཆུང་ལུས་ལ་རྒྱན་རུང་། འཕྲིན་ལས་མ་མཇལ་དགུང་གི་ཕྱོགས་སུ་བྱོན་ཤོག འཕྲིན་ལས་མ་མཇལ་དགུང་གི་ཕྱོགས་སུ་བྱོན་ཤོག །