Skip to main content Skip to search
17 Aug 2018
3 min
Rating
0
No votes yet
Video Overview
Creators: 
Rinchen Dorji

ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ རྐེད་ཏོག་ཁ་གཡུས་ཚན་ནང་ལས་ རྡོ་རྗེ་བི་དར་གྱི་ གཞུང་སྒྲའི་གླུ་གཞས་ དགུང་སྔོན་འཐོན་པོ་ཟེར་མི་འཐེན་ནི་འདུག གླུ་གཞས་འདི་ གུ་རུ་རིན་པོ་ཆེ་གི་སྐོར་ལས་དང་ གུ་རུ་འདི་འཁྲུངས་ཞིནམ་ལས་ ཆོ་འཕྲུལ་ག་བཟུམ་ཅིག་འབྱུང་ཡི་ག་སྐོར་ལས་ཨིན་མས། གླུ་གཞས་ཀྱི་ཚིག་ཚུ་ཧན་ཏོང་ཏོ་ཡོདཔ་ལས་ རྟེན་འབྲེལ་བཟང་བའི་དུསསྟོན་དང་ དགའ་སྟོན་ག་བཟུམ་ཅིག་ནང་ཡང་ཁྲབ་ནི་ཡོདཔ་ཨིན། གླུ་གཞས་འདི་རྩོད་དཔོནམ་དང་ཅིག་ཁར་ གྱལ་རིངམ་ཕྲང་སྟེ་བཟོ་ཞིནམ་ལས་ཁྲབ་ཨིན་མས། རྩོད་དཔོནམ་འདི་ གྱལ་གྱི་སྦུགས་ལུ་སྡོད་ཞིནམ་ལས་ ཞབས་ཁྲ་རྐྱབ་མི་ཚུ་ ལེའུ་དང་ གླུ་གཞས་ཚུ་འདྲན་འདྲ་འབད་འཐེན་ནི་དང་ཁྲབ་བཅུགཔ་ཨིན། གླུ་གཞས་ཀྱི་འབྱུང་ཁུངས་དང་ རྩོམ་པ་པོ་འདི་མ་ཤེསཔ་ཨིན།

Show More

  • རྡོ་རྗེ་བུ་དྷ
    དགུང་མངོན་གྱི་མཐོན་པོ་ རྒྱ་ཡི་གི་གུ་རུ་ཁམས་ཅིག་བཟང་ལ།། གུ་རུ་ཁམས་པའི་ནང་ལས་འཁྲི་གདུགས་གི་ཉི་མོ་ཅིག་བཞུགས་ལ།། འཁྲི་གདུགས་གི་ཉི་མོ་ཅིག་བཞུགས་ལ།། གཡས་པ་ལྷ་ར་གཉིས་ནང་ལྷ་ཆེན་གྱི་གར་འཆམས་ཅིག་ཞུ་གེ། ལྷ་ཆེན་གྱི་གར་འཆམས་ཅིག་ཞུ་གེ། གཡོན་མ་ཀླུ་ར་གཉིས་ནང་ ཀླུ་ཆེན་གྱི་དབང་པོ་ཅིག་མཇལ་ལ།