Skip to main content Skip to search
05 Sep 2018
4 min 37 sec
Video Overview
Creators: 
Dawa Tshering, ྀTseten Tshering

Rinzin Dorji from Kethoka village, in Bongo Gewog (county) in Chukha district, sings an old local song called "Grap Yuelu" (Attendant in the Village). The song is specific to Chukha district and is not popular in other parts of the country. It is a sad song and is not performed on auspicious occasions, celebrations and gatherings but is rather sung during leisure times or while working in the field. The song has a long tune but is not performed with dance steps. It originated in Kethoka village yet the original composer remains unknown.

 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྐྱེས་ཏོག་ཁ་གཡུས་ཚན་ནང་ལས་རིན་འཛིན་རྡོ་རྗེ་གིས་ གླུ་གཞས་རྙིང་ཤོས་ཅིག་ཨིན་མི་ སྒརཔ་གཡུས་ལུ་ཟེར་མི་འདི་འཐེན་ནི་འདུག གླུ་གཞས་འདི་ ཆུ་ཁ་རྫོང་ཁག་ནང་ལས་བྱུང་ཡོདཔ་ལས་ ས་གནས་གཞན་ཁ་ལུ་ ཡོངས་གྲགས་འབད་འཐེན་སྲོལ་མེདཔ་ཨིན་པས། གླུ་གཞས་འདི་ སྐྱོ་གླུ་ཅིག་ཨིནམ་ལས་ དལ་ཁོམ་ཡོདཔ་ད་དང་ ཞིང་ནང་ལས་ཕར་ལཱ་འབད་བའི་སྐབས་འཐེནམ་སྲོལ་ཡོདཔ་མ་གཏོགས་ གཞན་དུས་སྟོན་དང་དགའ་སྟོན་གྱི་སྐབས་ལུ་འཐེན་སྲོལ་ཅིག་མེདཔ་ཨིནམ་ད་ གླུ་གཞས་འདི་གི་གདངས་དབྱངས་རིངམ་སྦེ་ཡོདཔ་ལས་ བྲོཝ་འཁྲབ་སྟེ་འཐེན་སྲོལ་མེདཔ་ཨིན་པས། གླུ་གཞས་འདི་ ཆུ་ཁ་རྫོང་ཁག་སྐྱེས་ཏོག་ཁ་གཡུས་ཚན་ནང་ལས་བྱུང་ཡོདཔ་ཨིན་རུང་ རྩོམ་པ་པོ་དང་བྱུང་རབས་ཚུ་མི་ཤེས་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • རིན་འཛིན་རྡོ་རྗེ
    དབའེ་སྒརཔ་གཡུས་ལུ་ཤར་ལས་ཁུག་ཁུག་སྨོ་དབེ།། དབའེ་བུམོ་རྒྱལ་མོ་རྒྱ་ལུ།། དབའེ་གཡོའི་སྨོ་དབའེ།། When I reached the village, Bum Gyelmo the beloved girl went to India.
  • རིན་འཛིན་རྡོ་རྗེ
    དབའེ་སྒར་ང་རང་བཞག་ཡོད།། དབའེ་རིམ་གྱི་ན།། དབའེ་བུམོ་རྒྱལ་མ་དམ་ཚིག། དབའེ་ཆུངམ་ཨིནམ་ན།། དབའེ་བུ་རང་ལུ་བལྟ་སྟེ།། དབའེ་ལོག། དབའེ་བུ་བསད་པ་བལྟ་སྟེ།། དབའེ་ལོག་ད་ཤོག། May be there is no and karma between us and may be this is the sign of not having faith to me. Even if you don't return for me but do it for your dying son.