Skip to main content Skip to search
05 Sep 2018
3 min 29 sec
Video Overview
Creators: 
Dawa Tshering, Tseten Tshering

Tandin from Kethoka village, in Bongo Gewog (county) in Chukha district, sings an old local song called "Grap Tharing" (The Faraway Attendant). This is one of the local songs of Kethokha village and is only sung by the people of Chukha and is not popular in other regions of the country. The lyrics of the song are rather sad and so it is not performed on any special occasions, gatherings or celebrations but is rather sung during leisure times or working hours. Though the song originated in Chukha district, the main composer of the song is still unknown.

 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྐྱེས་ཏོག་ཁ་གཡུས་ཚན་ནང་ལས་རྟ་མགྲིན་གྱིས་ གླུ་གཞས་ སྒརཔ་ཐག་རིང་ཟེར་མི་ཅིག་འཐེན་ནི་འདུག གླུ་གཞས་འདི་ སྐྱེས་ཏོག་ཁ་གཡུས་ཚན་ནང་ལུ་འཐེན་སྲོལ་ཡོད་པའི་རང་ལུགས་ཀྱི་གླུ་གཞས་ཅིག་ཨིནམ་ད་ ས་གནས་གཞན་ཁ་ལུ་ ཡོངས་གྲགས་འབད་འཐེན་ནི་མེདཔ་ཨིན་པས། གླུ་གཞས་འདི་ སྐྱོ་གླུ་ཅིག་ཨིནམ་ལས་ དལ་ཁོམ་ཡོདཔ་ད་དང་ ཞིང་ནང་ལས་ཕར་ལཱ་འབད་བའི་སྐབས་འཐེནམ་མ་གཏོགས་ དུས་སྟོན་དང་དགའ་སྟོན་གྱི་སྐབས་ལུ་འཐེན་ནི་མེདཔ་ཨིན་མས། གླུ་གཞས་འདི་ ཆུ་ཁ་རྫོང་ཁག་ནང་ལས་བྱུང་བྱུངམ་ཨིན་རུང་ ག་གིས་བརྩམས་བརྩམས་ཨིན་ན་དང་བྱུང་རབ་ཚུ་མི་ཤེས་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • རྟ་མགྲིན་ Tandin
    སྒརཔ་ཐག་རིང་རྒྱང་གི་གཉེན་འགྲོགས་སྨོ་དབའེ། །འཕྲལ་སྨོན་ལམ་ཡོད་པ་འགྱུར་བས་སྨོ། །
  • རྟ་མགྲིན་ Tandin
    མཇུག་གནམ་བསྐོས་མེད་པ་སྟོང་ཡི་ས་(བཏང་ཡི་ས་)སྨོ། །ད་ཕྱྭ་ཁུག་ཞག་གསུམ་རྐྱབ་རུང་རྐྱབ། །
  • རྟ་མགྲིན་ Tandin
    ད་མཚན་ལྡན་དེ་གུ་བཀལ་རུང་བཀལ་སྨོ། །རང་གཉེན་འགྲོགས་མི་འགྱོ་ཐག་ཆད་ཨིན། །
  • རྟ་མགྲིན་ Tandin
    སྒརཔ་ཁྱོད་ར་བཞག་ཡུན་རིངམོ་ཨིན་ན་དབའེ། །བུམོ་དེ་སྨོ་དམ་ཚིག་ཆུངམ་ཨིན་ན། །
  • རྟ་མགྲིན་ Tandin
    བུམོ་དེ་སྨོ་བལྟ་སྟེ་མ་ལོག་རུང་དབའེ། །བུ་བཙས་པ་བལྟ་སྟེ་ལོག་དགོ་སྨོ།། །།