Skip to main content Skip to search
01 Sep 2018
3 min 20 sec
Video Overview
Creators: 
Yeshi Wangchuk

The song called "Druk Zhung Nga Tso Pha Yul" (Bhutan is my Home Land) is performed during the celebration of the Chodpa offering ritual. The song and the steps of this song are said to be learned from Karma Rinchen seven years ago to perform during the consecration of a temple. People still perform this song dance during occasions such as the Chodpa offering, as it is composed of auspicious lyrics and beautiful steps. 

 

མཆོད་པའི་ཆོ་ག་གི་སྐབས་ལུ་ གླུ་གཞས་ འབྲུག་གཞུང་ང་ཚོ་ཕ་ཡུལ་ཟེར་མི་འདི་ཡང་འཁྲབ་ནི་ཡོདཔ་ཨིན། གླུ་གཞས་དང་ ལེའུ་ཚུ་ཡང་ ལོ་བདུན་གི་ཧེ་མར་ ཨ་རྒས་ཀརྨ་རིན་ཆེན་ལས་ ལྷ་ཁང་གི་རབ་གནས་སྐབས་ལུ་འཁྲབ་ནིའི་དོན་ལུ་ལྷབ་སྟེ་ཡོདཔ་ཨིན་མས། ད་ལྟོའི་བར་ན་ཡང་ གླུ་གཞས་འདི་འཁྲབ་ནི་ཡོདཔ་དང་ གླུ་གཞས་ཀྱི་ཚིག་དང་ ལེའུ་ཚུ་ རྩ་ཆེ་ཏོག་ཏོ་ཡོདཔ་ལས་ རྩ་ཅན་གྱི་དུས་སྟོན་ མཆོད་པའི་ཆོ་ག་ལ་སོགས་པའི་ཚུ་ནང་ འཁྲབ་དོ་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • བུ་ལི་གི་གཡུས་མི་ Villagers of Buli
    འབྲུག་གཞུང་ངེད་ཚོ་ཕ་ཡུལ་རེད། །འབྲུག་གཞུང་ངེད་ཚོ་ཕ་ཡུལ་རེད། །ཆོས་སྲིད་སྔར་ལས་དར་ཤིང་རྒྱས། །དར་ཤིང་རྒྱས་ཤར་ལས་ཁྲི་གདུགས་ཉི་མ་ཤར། །
  • བུ་ལི་གི་གཡུས་མི་ Villagers of Buli
    འོད་ཟེར་འཛམ་གླིང་ཡོངས་ལ་ཁྱབ། །དགའ་བ་ལ་སྐྱིད་པ་འདུག །སྭོ་ཡ་ལ་་། །ང་ཚོ་མི་རིགས་མཐུན་ལམ་ཆེ།
  • བུ་ལི་གི་གཡུས་མི་ Villagers of Buli
    དམ་ཚིག་དར་གྱི་མདུད་པ་རེད། །
  • བུ་ལི་གི་གཡུས་མི་ Villagers of Buli
    ཁྱོད་ར་ཚོ་གིས་སྒྲ་སྙན་བཏང་། །ཁྱོད་ར་ཚོ་གིས་སྒྲ་སྙན་བཏང་། །ང་ཚོ་གླུ་དང་ཞབས་བྲོ་འཁྲབ། །ཞབས་བྲོ་འཁྲབ་གླུ་གར་མཆོད་པ་ལྷ་ལུ་ཕུལ། །
  • བུ་ལི་གི་གཡུས་མི་ Villagers of Buli
    ལྷ་ཡི་ཞིང་དུ་མདངས་རེ་སྤྲོ། །དགའ་བ་ལ་སྐྱིད་པ་འདུག །སྭོ་ཡ་ལ་་། །མཆོད་པའི་ལྷ་མོ་གླུ་ལ་གསོན། །
  • བུ་ལི་གི་གཡུས་མི་ Villagers of Buli
    དར་ཤིང་རྒྱས་པའི་ཞབས་བྲོ་འཁྲབ། །
  • བུ་ལི་གི་གཡུས་མི་ Villagers of Buli
    ནམ་མཁའ་བསྔོ་བསངས་ཡངས་པའི་ནང་། །ནམ་མཁའ་བསྔོ་བསངས་ཡངས་པའི་ནང་། །ཉིམ་དང་ཟླ་བ་བསྐོར་བ་རྒྱབ། །བསྐོར་བ་རྒྱབ་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །
  • བུ་ལི་གི་གཡུས་མི་ Villagers of Buli
    རྒྱལ་ཁབ་བསོད་ནམས་དབང་ཐང་རྒྱས། །དགའ་བ་ལ་སྐྱིད་པ་འདུག །སྭོ་ཡ་ལ་་། །ཉི་ཟླ་བསམ་དོན་གྲུབ་ལ་ནས། །
  • བུ་ལི་གི་གཡུས་མི་ Villagers of Buli
    གླིང་གཞི་བསྐོར་ནས་ལོག་ལ་ཡོང་། །
  • བུ་ལི་གི་གཡུས་མི་ Villagers of Buli
    རི་འགོ་ཤིང་ལ་འཛོམས་ལ་ས། །རི་འགོ་ཤིང་ལ་འཛོམས་ལ་ས། །བྱིའུ་ཅུང་གསུང་སྐད་སྙན་ལ་འཁོར། །སྙན་ལ་འཁོར་གསུང་སྐད་ལན་ཅིག་བསྒྱུར་བ་ལ། །
  • བུ་ལི་གི་གཡུས་མི་ Villagers of Buli
    དྲི་ཟའི་གླིང་བུ་འདྲ་ལ་སོ། །དགའ་བ་ལ་སྐྱིད་པ་འདུག །སྭོ་ཡ་ལ། །སྐལ་པ་བཟང་ལ་ཕུན་སུམ་ཚོགས། །
  • བུ་ལི་གི་གཡུས་མི་ Villagers of Buli
    བདེ་སྐྱིད་ཉི་མ་ཤར་བར་ཤོག །