Video Overview
The song "Dhamo Nga Rang Kye Sa" is an ode to the arrow. Its lyrics are in praise of an arrow created by Kign Gaser. According to Pasang, young children sing this song as they go to the archery range.
- Loong-Go
- པ་སངས། Pasangང་ང་བཅས་ལ་ཡག་གི་གཡུས་ཁར་ལགས་ དང་ཕུ་ལས་ ང་བཅས་དཔེ་དང་སྲོལ་འབད་བ་ཅིན་ མདའ་རེ་རྐྱབ་ འ་ནི་སྤང་ནང་ལས་ཕ་འགྱོ་ དེ་ལས་མདའ་རེ་རྐྱབ་ གཞོནམ་འདི་ཚུ་མདའ་རྩེད་སྡེ་སྒོར་རེ་བརྡུང་འབདཝ་ད་ མདའ་རྐྱབ་ས་ཧེ་མ་འགྱོཝ་ད་རང་མདའ་རྐྱབ་ བུམོ་འདི་ཚུ་གི་ཞབས་ཁྲ་རྐྱབ་ད་ མདའ་མོ་ང་རང་སྐྱེལ་ས་དགའ་ཡང་དགའ་ཟེར་ཞབས་བྲོ་གཅིག་འཐོན་ནི་ཡོད་ལགས།
- པ་སངས། Pasangམདའ་མོ་ང་ར་སྐྱེས་སུ་དགའ་ཡང་དགའ། །མདའ་མོ་ང་ར་སྐྱེས་སུ་སྐྱིད་ཡང་སྐྱིད། །
- པ་སངས། Pasangམདའ་མོ་སྐྱེས་བ་ཙ་རི་བྲག་ལ་སྐྱེས། །མདའ་མོ་གཅོད་པ་གེ་སར་རྒྱལ་པོས་གཅོད། །
- པ་སངས། Pasangམདའ་མོ་དྲང་པ་ཤེས་ལྕངམ་སྒྲོལ་མས་དྲང་། །མདའ་མོ་མགུ་ལ་སྤང་དཀྱི་མི་འདི། །
- པ་སངས། Pasangཕ་ཀི་འཇའ་མཚོན་གནས་ལྔ་ཤར་བ་འདྲ། །མདའ་མོ་མགུ་ལ་སྒྲོག་ཅིག་ལ་བཞོན་མཚམས་འདི། །
- པ་སངས། Pasangམདའ་མོ་མགུ་ལ་སྒྲོག་ཅིག་ལ་བཞོན་མཚམས་འདི། །དགུངས་སྟོད་ཡིལ་ལ་རླུང་་དར་འཕྱར་བ་འདྲ། །
- པ་སངས། Pasangམདའ་མོ་མགུ་ལ་སྒྲོག་གཉིས་བཞོན་མཚམས་འདི། །ཐང་དཀར་རྒོད་པ་གནམ་ལུ་ལྡིང་བ་འདྲ། །
- པ་སངས། Pasangམདའ་མོ་མགུ་ལ་སྒྲོག་གསུམ་བཞོན་མཚམས་འདི། །སྒོམ་ཆེན་སྒྲུབ་ཐོབ་ཅན་གྱི་སྤ་འཁར་འདྲ། །
- པ་སངས། Pasangམདའ་མོ་མགུ་ལ་སྒྲོག་བཞི་བཞོན་མཚམས་འདི། །གུར་གཅིག་དཀར་པོ་སྤང་ལུ་སྤུབས་པ་འདྲ། །
- པ་སངས། Pasangམདའ་མོ་མཇུག་ལ་ལྕགས་གཅིག་ལྡབས་མི་འདི། །ཁམས་པ་ཨ་གསར་ཅན་གྱི་ཀྲིང་ཀ་འདྲ། །
- པ་སངས། Pasangམདའ་མོ་ཕར་བརྐྱབ་འབའ་མིའི་ལ་གཡས་ཕྱོགས་ན། །མདའ་མོ་ཚུར་བརྐྱབ་འབའ་མིའི་ལ་གཡོན་ཕྱོགས་ན། །.
- པ་སངས། Pasangརྒྱལ་ཁབ་དབང་ལུ་སྡུད་པའི་བཀྲ་ཤིས་ཤོག །རྒྱལ་ཁབ་དབང་ལུ་སྡུད་པའི་ལ་སྨོན་ལམ་ཤོག །