Skip to main content Skip to search
01 Sep 2018
3 min 57 sec
Video Overview
Creators: 
Sherig Dentshog

This is another version of the "Omche Sela" song from Samdrupjongkhar district. There have already been three versions recorded in Bumthang and another version in Dagana district. This version describes the impermanence of life and the suffering one needs to undergo when one reaches hell. It urges all living beings to accumulate the six syllable mantra of Chenrezig (Avalokiteshvara, the Buddha of compassion), 'Om Mani Padme Hum' in order to reach heaven in the next life. In one version of the song it glorifies the life of Guru Rinpoche while in another version it describes the life of the Dharma king Norzang and his consort Yethro Lhamo.

ལའུ་རི་ལས་ རྟེན་འབྲེལ་བཟང་མོ་གིས་འཐེན་མི་གླུ་གཞས་འདི་ བསམ་གྲུབ་ལྗོངས་མཁར་ཁ་ཐུག་ལུ་འཐེན་མི་ ཨོཾ་ཅིག་གསོན་ལ་འདི་ཨིན་མས། ད་ལྟོ་ཚུན་ཚོད་ཀྱི་བར་ན་ བུམ་ཐང་ལུ་འཐེན་མི་འདི་ ཨོཾ་ཅིག་གསོན་ལ་ངོ་མ་སྦེ་ཆ་བཞག་དོ་ཡོདཔ་ད་ ད་རུང་ དར་དཀར་ན་ཁ་ཐུག་ལས་གཅིག་དང་ བསམ་གྲུབ་ལྗོངས་མཁར་གྱི་གཅིག་རྩིསཝ་ད་ ཁག་གསུམ་དེ་ཅིག་འཐེན་ནི་འདུག ད་ལྟོའི་གླུ་གཞས་འདི་ནང་ ང་བཅས་རའི་མི་ཚེ་འདི་ རྟག་པ་བརྟན་པ་མེདཔ་མ་ཚད་ འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཅིག་ཨིནམ་ལས་ ཚེ་ཕྱི་མ་ཞིང་ཁམས་ནང་སྐྱེ་ནིའི་དོན་ལུ་ སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་འདི་བགྱངས་ ཟེར་ཨིན་མས། ཨོཾ་ཅིག་གསོན་ལ་སོ་སོ་དེ་ནང་འབད་བ་ཅིན་ གུ་རུ་རིན་པོ་ཆེ་ལུ་བསྟོད་པ་ཕུལ་དོ་ཡོདཔ་ད་ ད་རུང་གཞན་མི་ཅིག་ནང་འབད་བ་ཅིན་ ཆོས་རྒྱལ་ནོར་བཟང་དང་བཙུནམོ་ཡིད་འཕྲོག་ལྷ་མོ་ལུ་བསྟོད་པ་ཕུལ་ནི་འདུག

Transcript search
No results found for this search
0 of 0
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    [ཨོཾ་ཅིག་གསོན་ལ།?] དལ་འབྱོར་མི་ལུས་ཐོབ་པ་ལ་ནི་ཤིན་ཏུ་བཀའ་དྲིན། །སྙིང་པོ་ལྷ་ཆོས་འཛོམས་ན་ཡ་ལ་སེམས་ཉིད་དགའ། །
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    [ཨོཾ་ཅིག་གསོན་ལ།?] རིག་དྲུག་དམྱལ་བའི་ཡུལ་དུ་ལ་ནི་བདེ་སྐྱིད་མེད་ལ། །ད་ལྟ་རང་དབང་ཡོད་དུས་ཡ་ལ་མ་ཎི་དྲན། །
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    [ཨོཾ་ཅིག་གསོན་ལ།?] [མི་གཞན་ཁ་ཅན་ནང་དུ་ལ་ནི་ཆོས་ལ་མཐོང་ན། །ཕྱི་མ་ངན་སོང་མ་འཐུ་ཡ་ལ་འདྲེན་ས་མེད། །?]
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    [ཨོཾ་ཅིག་གསོན་ལ། མི་གཞན་ཁ་ཅན་ནང་དུ་ལ་ནི་ཆོས་ལ་མཐོང་ན། །ཕྱི་མ་དག་པའི་ཞིང་དུ་ཡ་ལ་ཐུགས་རྗེ། །?]
  • རྟེན་འབྲེལ་བཟང་མོ་ Tendi Zangmo
    [ཨོཾ་ཅིག་གསོན་ལ།?] རང་མགོ་རང་གིས་ཤེས་ན་ལ་ནི་སྐྱིད་པའི་དུས་ལ། །བདེ་སྐྱིད་ཕུན་སུམ་ཚོགས་པ་ཡ་ལ་བཀྲ་ཤིས་ཤོག། །།