Skip to main content Skip to search
01 Sep 2018
6 min 1 sec
Rating
0
No votes yet
Video Overview
Creators: 
Norzin Lhamo

The song called "Damo Ngarang Kaysa" revolves around the arrow. Arrows are made from a species of bamboo. The arrow head is made from iron and is fixed to the bamboo shaft. The arrow is normally fletched with a pheasant’s feather. Just above the fletching and below the nock, the shaft is held stable with several rounds of strong thread of different colours to give it a pleasing aesthetic. Men normally play archery, while women usually partake in dancing and encourage the players.  

 

Show More

  • ཕྱག་རྡོར་/ Chador
    སང་རེད་ལ། ཨོཾ་མཆོག་ས་ལ་མ་ནི་པདྨེ་ཧཱུཾ། །གསུང་ཡིག་ས་ལ་མ་ནི་པདྨེ་ཧཱུཾ། །
  • ཕྱག་རྡོར་/ Chador
    སང་རེད་ལ། མདའ་མོ་ང་རང་སྐྱེས་ས་བཤད་མི་དགོ །མདའ་མོ་ང་རང་སྐྱེས་ས་བཤད་ཙ་ན། །
  • ཕྱག་རྡོར་/ Chador
    སང་རེད་ལ། མདའ་མོ་ང་རང་སྐྱེས་ས་བཤད་ཙ་ན། །མདའ་མོ་ང་རང་ཙཱ་རི་བྲག་ལུ་ཨིན། །
  • ཕྱག་རྡོར་/ Chador
    སང་རེད་ལ། མདའ་མོ་བཅད་ཡང་གཞོན་མི་(པའི་)ལགཔ་གིས་བཅད། །མདའ་མོ་ཕྲང་ཡང་གཞོན་མི་(པའི་)ལགཔ་གིས་ཕྲང་། །
  • ཕྱག་རྡོར་/ Chador
    སང་རེད་ལ། མདའ་མོ་ང་ལུ་ལྟོང་ཅིག་བཏོན་ཙ་ན། །་་་་་་གི་ཀ་ཆེན་གནམ་ལུ་ལྷོང་མོ་(བ་)འདྲ། །
  • ཕྱག་རྡོར་/ Chador
    སང་རེད་ལ། མདའ་མོ་ང་ལུ་སྒྲོ་གཅིག་བཞོན་ཙ་ན། །གངས་སྟོད་ཡས་ལུ་ལྷ་དར་འཕྱར་བོ་(བ་)འདྲ། །
  • ཕྱག་རྡོར་/ Chador
    སང་རེད་ལ། མདའ་མོ་ང་ལུ་སྒྲོ་གཉིས་བཞོན་ཙ་ན། །ནགས་ཀྱི་བྱ་མདངས་ཕང་ཀོ་ལྡིང་མོ་(བ་)འདྲ། །
  • ཕྱག་རྡོར་/ Chador
    སང་རེད་ལ། མདའ་མོ་ང་ལུ་སྒྲོ་གསུམ་བཞོན་ཙ་ན། །གངས་སྟོད་ཡས་ལུ་གུར་ཆེན་སྤུབས་པོ་(པ་)འདྲ། །
  • ཕྱག་རྡོར་/ Chador
    སང་རེད་ལ། མདའ་མོ་ང་ལུ་དཔང་ཅིག་དཀྱིས་ཙ་ན། །གནམ་མཁའ་དབྱིངས་ལུ་འཇའ་རིས་སྤུབས་པོ་(པ་)འདྲ། །
  • ཕྱག་རྡོར་/ Chador
    སང་རེད་ལ། མདའ་མོ་ང་ལུ་ལྕགས་ཅིག་གདབས་ཙ་ན། །[སྒོམ་ཆེན་རྔ་བུབ་གཅིག་གི་སྤང་བཀབ་?]འདྲ། །
  • ཕྱག་རྡོར་/ Chador
    སང་རེད་ལ། མདའ་མོ་ཕར་རྐྱབ་འབའ་མོའི་རྒྱན་ཆ་ཨིན། །མདའ་མོ་[ཐད་བཀོད་?]འབའ་མོའི་སྐེད་པར་འབྱོན། །ཟེར་བཞག་གེ་ད་ ཨ་ནཱི་ཁ་ལས།། །།