Skip to main content Skip to search
01 Sep 2018
2 min 18 sec
Video Overview
Creators: 
Norzin Lhamo

This old Boedra song "Choe Pharley Yongmi" was sung by group of women from Samdrupling village in Rubesa Gewog (county) in Wangdiphodrang Dzongkhag (district). The lyrics speak the pain you feel when someone who you deeply loved leaves you behind. Even if you don’t stay forever, remain faithful. 

 

གླུ་གཞས་ཁྱོད་ཕར་ལས་འོང་མི་ཟེར་མི་འདི་ དབང་འདུས་རྫོང་ཁག་རུས་སྦིས་ས་རྒེད་འོག་ བསམ་གྲུབ་གླིང་གཡུས་ཚན་ལས་ ཨམ་སྲུ་སྡེ་ཚན་ཅིག་གི་འཐེན་ཡོདཔ་ད་ འདི་གཡུས་ཚན་སོ་སོར་ཅིག་ལས་ མི་གཅིག་ལུ་དགའ་བའི་དགའ་གླུ་ཨིན་མས། གླུ་གཞས་འདི་ དང་ཕུའི་བོད་སྒྲའི་ཚུལ་སྦེ་ ཁོ་རའི་ གནམ་མེད་ས་མེད་དགའ་སྟེ་ བཀོ་བཞག་སོང་དང་གཅིག་ཁར་ དུས་ཨ་རྟག་ར་གཅིག་ཁར་སྡོད་མ་ཚུགས་རུང་ ཇ་གདོང་ཅིག་་སྐོར་རྐྱབ་འཐུང་གེ་ཟེར་ སེམས་འཁྲུལ་བའི་ཐོག་ལས་འཐེནམ་ཨིན་མས། 

 

Transcript search
No results found for this search
0 of 0
  • བསམ་གྲུབ་གླིང་གི་ཨམ་སྲུ་གཉིས། Two women from Samdrupling
  • བསམ་གྲུབ་གླིང་གི་ཨམ་སྲུ་གཉིས། Two women from Samdrupling
    ཁྱོད་མར་ལས་སེམས་ཁར་མནོ་མི་འདི། །ཁྱོད་མནོ་མི་འདི་ང་མེན་ན། །ལམ་ཕར་ལས་འོང་མི་ག་ཨིན་ན། །སེམས་དགའ་བའི་ཆ་རོགས་མེད་ན་སྨོ། །ལམ་ཕར་ལས་འོང་མི་ག་ཨིན་ན། །སེམས་དགའ་བའི་ཆ་རོགས་མེད་ན་སྨོ། །
  • བསམ་གྲུབ་གླིང་གི་ཨམ་སྲུ་གཉིས། Two women from Samdrupling
    སེམས་དགའ་བའི་ཆ་རོགས་ཨིན་པ་ཅིན། །ཁྱོད་ན་ལུ་ཚར་ཅིག་བྱོན་གནང་མས། །ང་མེད་རུང་ཇ་ཆང་སྒྲིག་བཞག་གེ །སེམས་དགའ་བའི་ཇ་ཆང་བཞེས་པ་བྱོན། །ང་མེད་རུང་ཇ་ཆང་སྒྲིག་བཞག་གེ། །སེམས་དགའ་བའི་ཇ་ཆང་བཞེས་པ་བྱོན། །
  • བསམ་གྲུབ་གླིང་གི་ཨམ་སྲུ་གཉིས། Two women from Samdrupling
    བཀའ་དྲིན་ཆེ་ལགས། འ་ནེམ་ཅིག་ཨིན།