Skip to main content Skip to search
25 Aug 2018
2 min 35 sec
Video Overview
Creators: 
Dawa Tshering, Tseten Tshering

Rinzin Dorji of Bongo Gewog (county), located in Chunkha district, sings an old Boedra song called "Bja Maja Gangney Yong" (Where Did the Peacock Come From?). The song is about a peacock which is said to be coming from the east. Therefore along with the peacock, the Eastern Vajrasattva, one of the five aspects of the Buddha, is also welcomed in the song. It has a long tune and is performed in a circular formation. It can be performed in any special celebrations, ceremonies and gatherings. The origin and composer of the song are unknown.

 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་ རིན་འཛིན་རྡོ་རྗེ་གིས་ བྱ་རྨ་བྱ་གང་ནས་ཡོང་ཟེར་བའི་བོད་སྒྲའི་གླུ་གཞས་འདི་འཐེན་ནི་འདུག གླུ་གཞས་འདི་ ཤར་ལྷོ་ནུབ་བྱང་བསྐོར་ར་རྐྱབ་སྟེ་འཐེན་ནི་ཡོདཔ་ཨིན་རུང་ རིན་འཛིན་རྡོ་རྗེ་གིས་ ཤར་གྱི་འདི་རྐྱངམ་ཅིག་འཐེནམ་ཨིན་པས། གླུ་གཞས་ཀྱི་ཚིག་དང་འཁྲིལ་བ་ཅིན་ དྲི་བ་དྲིས་ལན་འཚམས་ཅིག་ཨིན་མས། དེ་ཡང་ རྨ་བྱ་ག་ལས་ཡོང་ཡོང་། །ཉི་མ་ཤར་ལས་ཡོང་། །ཉི་མ་ཤར་ལས་ཡོང་ན། །ཤར་རྡོ་རྗེ་སེམས་དཔའ་མཇལ་ཤོག་ཟེར་ དེ་སྦེ་བསྐོར་ར་རྐྱབ་སྟེ་འཐེན་སྲོལ་ཡོདཔ་ཨིན། ཤར་ལས་འོང་པའི་སྐབས་ ཤར་རྡོ་རྗེ་སེམས་དཔའ་ཡང་བསུ་བ་འབད་ནུག མ་གཞི་གླུ་གཞས་འདི་ རྡོ་རྗེ་སེམས་དཔའ་བྱོན་ཞུ་འབད་བའི་གླུ་གཞས་ཅིག་ཨིན་མས། གླུ་གཞས་ཀྱི་གདངས་དབྱངས་རིངམ་ཡོདཔ་དང་ སྒོར་སྒོརམ་འབད་ཁྲབ་ཨིན་མས། གླུ་གཞས་འདི་ དུས་སྟོན་དང་ དགའ་སྟོན་ག་བཟུམ་ཅིག་ནང་ཡང་ཁྲབ་ཨིན་རུང་ གླུ་གཞས་འདིའི་ འབྱུང་ཁུངས་དང་ རྩོམ་པ་པོ་འདི་མ་ཤེསཔ་ཨིན་མས།

Transcript search
No results found for this search
0 of 0
  • རིན་འཛིན་རྡོ་རྗེ/ Rinzin Dorji: བྱ་རྨ་རྒྱ་གང་ནས་ཡོང་ཡོང་།། བྱ་རྨ་རྒྱ་གང་ནས་ཡོང་ཡོང་།། བྱ་རྨ་རྒྱ་གང་ནས་ཡོང་།། ཉི་མའི་ཤར་ནས་ཡོང་།། བྱ་རྨ་རྒྱ་གང་ནས་ཡོང་།། ཉི་མའི་ཤར་ནས་ཡོང་།།
  • རིན་འཛིན་རྡོ་རྗེ/ Rinzin Dorji: ཉི་མའི་ཤར་ལས་ཡོང་ཡོང་།། ཉི་མའི་ཤར་ལས་ཡོང་ཡོང་།། ཤར་རྡོ་རྗེ་སེམས་དཔའ་འབྱོན་ཤོག། ནང་ལ་ཕྱུང་སེ་ཡོང་།། ཤར་རྡོ་རྗེ་སེམས་དཔའ་འབྱོན་ཤོག། ནང་ལ་ཕྱུང་སེ་ཡོང་།།