Skip to main content Skip to search
01 Sep 2018
3 min 24 sec
Video Overview
Creators: 
Duptho, Chimi Wangmo

Tashi Dema sings a song called "Alo Mitang", which she learned from her sister. She says the youth are lacking interest in traditional songs and are more drawn towards modern music. This sad song is performed at a time of departure of lamas and high dignitaries.

༉  བཀྲ་ཤིས་གཡང་རྩེ་སྤང་ལས་ བཀྲ་ཤིས་སྒྲོལ་མ་གིས་ཡོངས་གྲགས་ཅན་གྱི་ཤར་ཕྱོགས་པའི་ཨ་ལོ་འདི་འཐེན་ཏེ་འདུག འདི་བཟུམ་གྱི་གླུ་གཞས་འདི་ སྐྱོ་གླུ་ཅིག་འབད་ནི་དེ་གིས་ དང་ཕུ་འབད་བ་ཅིན་ ཐག་རིང་སར་འགྱོ་བའི་སྐབས་ལུ་ ཁྱིམ་ནང་ལས་ལམ་ཁར་ཞབས་བསྐྱལ་འབད་དེ་ ཕམ་སྤུན་ཆ་གཉེན་ཉེཝ་ཚུ་ཁ་འབྱལ་འགྱོ་བའི་སྐབས་ལུ་ འབྱོན་བཞུགས་འབད་བའི་ཚུལ་སྦེ་འཐེནམ་ཨིན། ཨིན་རུང་ འདི་བཟུམ་གྱི་ལམ་སྲོལ་ཚུ་ཡང་ ཡར་རྒྱས་གོང་འཕེལ་གྱི་འགྱུར་བ་ལས་བརྟེན་ཏེ་ ད་རེས་ནངས་པར་ སྣུམ་འཁོར་ལམ་གྱི་མཐུན་རྐྱེན་ཚུ་ཡང་ཁྱིམ་གྱི་སྒོ་ཁར་རང་ལྷོད་ནི་དེ་གིས་ ཞབས་བསྐྱལ་ལ་སོགས་པའི་ལམ་སྲོལ་ཚུ་ཡང་ཉམས་ཏེ་ཡོདཔ་བཞིན་དུ་ སྐྱོ་གླུ་འཐེན་ནི་གི་དུས་ཚོད་ཡང་མེདཔ་ལས་ འདི་བཟུམ་གྱི་སྐྱོ་བའི་གླུ་གཞས་འཐེན་ནི་ཡང་མར་ཉམས་ཏེ་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • བཀྲ་ཤིས་སྒྲོལ་མ Tashi Dema
    ང་གི་མིང་བཀྲ་ཤིས་སྒྲོལ་མ་ཨིན་ལགས། ད་དང་ཕུག་གི་གླུ་གཞས་ཨ་ལོ་འདི་ ཨ་ལོ་འཐེན་ནི་ལགས།
    My name is Tashi Dema. Now going to sing an old song called Alo.
  • བཀྲ་ཤིས་སྒྲོལ་མ Tashi Dema
    ཨའི་ཨ་ལོ་ལ་མི་གཏང་ཟེར་ན། །
    Alas! I thought of not singing the Alo song.
  • བཀྲ་ཤིས་སྒྲོལ་མ Tashi Dema
    ཨའི་ལས་དང་སྐྱོ་མོས་ལ་མ་བཞག །
    But the fate and sorrowness did not leave me.
  • བཀྲ་ཤིས་སྒྲོལ་མ Tashi Dema
    ཨའི་ཨ་ལོ་ལ་གཏང་གེ་བསམ་ན། །
    When I think of singing the Alo song
  • བཀྲ་ཤིས་སྒྲོལ་མ Tashi Dema
    ཨའི་ཏོང་ཏོང་ལ་ལྐོད་མ་(མས་)ལ་མ་བཏུབ། །
    My throat did not work.
  • བཀྲ་ཤིས་སྒྲོལ་མ Tashi Dema
    ཨའི་ཁྲི་གདུགས་ལ་ཕ་རི་སོང་ཚེ། །
    When the sun sets beside the hills
  • བཀྲ་ཤིས་སྒྲོལ་མ Tashi Dema
    ཨའི་གྱིབ་མ་ལ་ཚུར་རི་ལ་ལོག་དོ། །
    The shadows comes hither side of the hills
  • བཀྲ་ཤིས་སྒྲོལ་མ Tashi Dema
    ཨའི་ལོག་ན་ལ་ཁྲི་གདུགས་ལོག་ཤིག(ལོག་ཤོག) །
    If it returns let it be the sun
  • བཀྲ་ཤིས་སྒྲོལ་མ Tashi Dema
    ཨའི་གྱིབ་མ་ལ་ལོག་པ་ལ་མི་དགོ །
    And shadows shall not return.
  • བཀྲ་ཤིས་སྒྲོལ་མ Tashi Dema
    ལགས་སོ་བཀྲིན་ཆེ་ལགས།། །།
    Okey. Thank you.