Skip to main content Skip to search
01 Sep 2018
3 min 54 sec
Video Overview
Creators: 
Yeshi Wangchuk

People of Kheng Buli in Zhemgang district perform a song called "Aa La La Ho" during the time of the Chodpa offering celebration. The lyrics of this song were said to be composed by a Khenchen called Rinzin Dorji and the tune was said to be composed by Dasho Ugyen Nima. The song is dedicated to all the local deities and the spirits of Buli village and it is said that the song is performed only during the Chodpa festival and other important occasions of Buli village. According to Mindu, one of the villagers of Buli, the village youths are not interested to learn this song and it is probable to disappear soon.

 

གཞལམ་སྒང་རྫོང་ཁག ཁེངས་བུ་ལིའི་མི་སེར་ཚུ་གིས་ མཆོད་པའི་དུས་སྟོན་གྱི་སྐབས་སུ་ གླུ་གཞས་ཨ་ལ་ལ་ཧོ་ཟེར་མི་འདི་ཕུལཝ་ཨིནམ་ད་ གླུ་གཞས་འདི་མཁན་ཆེན་རིག་འཛིན་རྡོ་རྗེ་ཟེར་མི་གིས་བརྩམས་ཏེ་ ཞབས་བྲོའི་མདངས་འདི་ དྲཤོས་ཨུ་རྒྱན་ཉི་མ་གིས་བཟོ་ཡོདཔ་སྦེ་མས། ཞབས་བྲོ་འདི་བུ་ལིའི་གཡུས་ལྷ་དང་ གཞི་བདག་ཆ་མཉམ་ལུ་དགོངས་ཏེ་ཨིནམ་ད་ བུ་ལིའི་མཆོད་པའི་སྐབས་དང་ གཞན་ཡང་བུ་ལི་ལུ་ དུས་སྟོན་ཁག་ཆེ་ཏོག་ཏོ་ཚུ་འབད་བའི་སྐབས་ རྐྱབ་སྲོལ་ཡོདཔ་སྦེ་མས། གཡུས་ཁའི་ཨམ་སྨིན་དྲུག་དང་འཁྲིལ་བ་ཅིན་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ ཞབས་བྲོ་འདི་ལྷག་ནི་གི་སྤྲོ་བ་མེདཔ་ལས་ ཉམས་འགྱོ་ནིའི་ཉེན་ཁག་འདུག་ཟེར་མས། 

 

Transcript search
No results found for this search
0 of 0
  • བུ་ལི་གི་གཡུས་མི་ Villagers of Buli
    ཨ་ལ་ལ་ཧོ། ལེགས་པའི་རྟེན་འབྲེལ་འཛོམས་པ། །གནས་གཡུས་བུ་ལི་གནས་སུ། །
  • བུ་ལི་གི་གཡུས་མི་ Villagers of Buli
    ཨ་ལ་ལ་ཧོ། བཤད་གྲུབ་བསྟན་པ་དར་བ། །ཨ་ལ་ལ་སྟི་(?)དགའ་བ། །དགའ་བ་ལས་ཀྱང་དགའ་བ། བསྟན་པ་དར་བ་དགའ་བ། །
  • བུ་ལི་གི་གཡུས་མི་ Villagers of Buli
    ཨ་ལ་ལ་ཧོ། རྒྱབ་ན་ལྷ་ཁང་བཞེས་པ། །དགེ་འདུན་སྡེ་ཡི་གང་སོང་། །
  • བུ་ལི་གི་གཡུས་མི་ Villagers of Buli
    ཨ་ལ་ལ་ཧོ། འོག་ན་གཡུས་ཆུང་མཛེས་པ། །ལྷ་དང་ལྷ་མོའི་གང་སོང་། །དགའ་བ་ལས་ཀྱང་དགའ་བ། ། བདེ་སྐྱིད་འཛོམས་པ་དགའ་བ། །
  • བུ་ལི་གི་གཡུས་མི་ Villagers of Buli
    ཨ་ལ་ལ་ཧོ། ལྷ་སྡེ་མི་སྡེ་དབུ་ན། །མཁྱེན་ཆེན་དགའ་རབ་བཞུགས་ཡོད། །
  • བུ་ལི་གི་གཡུས་མི་ Villagers of Buli
    ཨ་ལ་ལ་ཧོ། བདེ་ཆེན་རི་འདི་བཟང་སོང་། །སྐུ་ཚེ་ཞབས་པད་བརྟན་ཤོག །དགའ་བ་ལས་ཀྱང་དགའ་བ། ། བླ་མ་བཞུགས་པ་དགའ་བ། །
  • བུ་ལི་གི་གཡུས་མི་ Villagers of Buli
    ཨ་ལ་ལ་ཧོ། རྒྱབ་རི་ལྷ་བཙན་དཀར་པོ། །མདུན་སུ་ཨ་མ་སྨན་མོ། །
  • བུ་ལི་གི་གཡུས་མི་ Villagers of Buli
    ཨ་ལ་ལ་ཧོ། བར་ལ་བཟོ་ལ་ར་སྐྱིད། །ཆོས་སྐྱོང་སྲུང་མའི་གང་སོང་། དགའ་བ་ལས་ཀྱང་དགའ་བ། ཆོས་སྐྱོང་བཞུགས་པ་དགའ་བ། །
  • བུ་ལི་གི་གཡུས་མི་ Villagers of Buli
    ཨ་ལ་ལ་ཧོ། ཆོས་སྲིད་བསྟན་པ་དར་བ། །ཕ་ཡུལ་བུ་ལི་གནས་སུ། །
  • བུ་ལི་གི་གཡུས་མི་ Villagers of Buli
    ཨ་ལ་ལ་ཧོ། གནས་སྐབས་ཐར་ཐུག་བདེ་བ། །སངས་རྒྱས་ཞིང་ཁམས་ཡིན་ནོ། །དགའ་བ་ལས་ཀྱང་དགའ་བ། ། སྐྱིད་བུ་ལས་ཀྱང་སྐྱིད་བུ། །