Skip to main content Skip to search
25 Aug 2018
5 min 37 sec
Video Overview
Creators: 
Penchela

Karma Lhendup from Ura Gewog (county), located in Bumthang district, sings a local song called "Achela Bumpa Joenla Zheypay". The song first welcomes a local deity, Ache Bumpa, to the land of the gods and expresses the wish to build her a heavenly castle. Secondly the deity is welcomed to the land of the Nagas (subterranean serpent-like creatures) and the song wishes to build her a Naga castle. Finally the deity is welcomed to the land of the spirits and again a spirit castle is to be built for her. This welcome song is performed during special occasions in the Bumthang district. It is not popular in other regions.

 

༉  བུམ་ཐང་རྫོང་ཁག་ཨུ་ར་རྒེད་འོག་ལས་ ཨ་རྒས་ཀརྨ་ལྷུན་གྲུབ་ཀྱིས་ གླུ་གཞས་ཨ་ལྕེ་ལ་བུམ་པ་བྱོན་ལ་ཞེས་པའི་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་ཡང་ གཡུས་ལྷ་ཨ་ལྕེ་བུམ་པ་ཟེར་མི་འདི་བསུ་བ་འབདཝ་ཨིན་མས། འདི་ནང་དང་པ་ར་ གཡུས་ལྷ་ཨ་ལྕེ་བུམ་པ་འདི་ ལྷའི་གཡུས་ཁ་ལུ་གདན་འདྲེན་ཞུ་སྟེ་ མོ་ལུ་ལྷའི་ཕོ་བྲང་བཞེངས་ཕུལཝ་ཨིནམ་ད་ དེ་བཟུམ་སྦེ་ར་ འོག་ཕྱོགས་ཀླུའི་གཡུས་ལུ་དང་བར་ཕྱོགས་བཙན་གྱི་གཡུས་ལུ་གདན་འདྲེན་ཞུ་སྟེ་ཕོ་བྲང་ཚུ་བཞེངས་ཕུལ་དོ་ཡོདཔ་མས། གླུ་གཞས་འདི་ བུམ་ཐང་ལུ་ དུས་སྟོན་ཁག་ཆེ་ཏོག་ཏོ་ཚུའི་སྐབས་རྐྱབ་དོ་ཡོདཔ་ད་ རྫོང་ཁག་གཞན་ཁ་ལས་ཕར་ཡོངས་གྲགས་མེད་མི་གླུ་གཞས་ཅིག་ཨིན་པས།

Transcript search
No results found for this search
0 of 0
  • ཀརྨ་ལྷུན་གྲུབ་
    ལགས་སོ་ ཨ་ལྕེ་ལ་བུམ་པ་བྱོན་ལ་ཞེས་པའི། །ཨ་ལྕེ་ལ་བུམ་པ་བྱོན་ལ་ཞེས་པའི། །སྭོ་སྟེང་ཕྱོགས་ལྷ་ལ་བྱོན་སོང་། །སྭོ་སྟེང་ཕྱོགས་ལྷ་ལ་བྱོན་སོང་། །
  • ཀརྨ་ལྷུན་གྲུབ་
    སྟེང་ཕྱོགས་ལྷ་ལ་བྱོན་ལ་ཞེས་པའི།། སྟེང་ཕྱོགས་ལྷ་ལ་བྱོན་ལ་ཞེས་པའི། །སྭོ་ལྷ་དར་དཀར་པོ་འཕྱར་ཡོད། །སྭོ་ལྷ་དར་དཀར་པོ་འཕྱར་ཡོད། །
  • ཀརྨ་ལྷུན་གྲུབ་
    ལྷ་དར་དཀར་པོ་འཕྱར་ལ་ཞེས་པའི། །ལྷ་དར་དཀར་པོ་འཕྱར་ལ་ཞེས་པའི། །སྭོ་་་ལྷ་ཡི་ཕོ་བྲང་བཞེངས་ཡོད། །སྭོ་་་ལྷ་ཡི་ཕོ་བྲང་བཞེངས་ཡོད། །
  • ཀརྨ་ལྷུན་གྲུབ་
    ལྷ་ཡི་ཕོ་བྲང་བཞེངས་ལ་ཞེས་པའི། །ལྷ་ཡི་ཕོ་བྲང་བཞེངས་ལ་ཞེས་པའི། །སྭོ་་་སྟེང་ཕྱོགས་ལྷ་ལ་བྱོན་ཡོད། །སྭོ་་་སྟེང་ཕྱོགས་ལྷ་ལ་བྱོན་ཡོད། །
  • ཀརྨ་ལྷུན་གྲུབ་
    སྟེང་ཕྱོགས་ལྷ་ལ་བྱོན་ལ་ཞེས་པའི། །སྟེང་ཕྱོགས་ལྷ་ལ་བྱོན་ལ་ཞེས་པའི། །སྭོ་་་ཨ་ལྕེ་སྐལ་པ་བཟང་སོང་། །སྭོ་ཨ་ལྕེ་བསྟན་པ་དར་སོང་། །
  • ཀརྨ་ལྷུན་གྲུབ་
    ཏེ་འ་ནཱི་འདི་ཡར་ སྟེང་ལྷ་ལུ་ཏེ་ ཏེ་བྱོན་པའི་ བྱོན་ལུགས་ཨིན་པས་ལགས། དེ་ལས་ཏེ་ མར་འོག་ཕྱོགས་ ཀླུ་ལུ་འགྱོ་དགོ་ལགས།
  • ཀརྨ་ལྷུན་གྲུབ་
    ཨ་ལྕེ་ལ་བུམ་པ་བྱོན་ལ་ཞེས་པའི། །ཨ་ལྕེ་ལ་བུམ་པ་བྱོན་ལ་ཞེས་པའི། །སྭོ་་་འོག་ཕྱོགས་ཀླུ་ལ་བྱོན་སོང་། །སྭོ་་་འོག་ཕྱོགས་ཀླུ་ལ་བྱོན་སོང་། །
  • ཀརྨ་ལྷུན་གྲུབ་
    འོག་ཕྱོགས་ཀླུ་ལ་བྱོན་ལ་ཞེས་པའི། །འོག་ཕྱོགས་ཀླུ་ལ་བྱོན་ལ་ཞེས་པའི། །སྭོ་་་ཀླུ་དར་སྔོན་མོ་འཕྱར་སོང་།། སྭོ་་་ཀླུ་དར་སྔོན་མོ་འཕྱར་སོང་། །
  • ཀརྨ་ལྷུན་གྲུབ་
    ཀླུ་དར་སྔོན་མོ་འཕྱར་ལ་ཞེས་པའི། ། ཀླུ་དར་སྔོན་མོ་འཕྱར་ལ་ཞེས་པའི། །སྭོ་ཀླུ་ཡི་ཕོ་བྲང་བཞེངས་ཡོད། །སྭོ་ཀླུ་ཡི་ཕོ་བྲང་བཞེངས་ཡོད། །
  • ཀརྨ་ལྷུན་གྲུབ་
    ཀླུ་ཡི་ཕོ་བྲང་བཞེངས་ལ་ཞེས་པའི། ། ཀླུ་ཡི་ཕོ་བྲང་བཞེངས་ལ་ཞེས་པའི། །སྭོ་ཀླུ་དར་སྔོན་མོ་འཕྱར་ཡོད། །སྭོ་ཀླུ་དར་སྔོན་མོ་འཕྱར་ཡོད། །
  • ཀརྨ་ལྷུན་གྲུབ་
    ཀླུ་དར་སྔོན་མོ་འཕྱར་ལ་ཞེས་པའི། ། ཀླུ་དར་སྔོན་མོ་འཕྱར་ལ་ཞེས་པའི། །སྭོ་་་་་ཨ་ལྕེ་སྐལ་པ་བཟང་སོང་། །སྭོ་་་་ཨ་ལྕེ་བསྟན་པ་དར་སོང་། །
  • ཀརྨ་ལྷུན་གྲུབ་
    འ་ནཱི་ འོག་ཕྱོགས་ཀླུ་གི་ཨིན་ལགས། ད་བར་ཕྱོགས་བཙན་ལུ་ཅིག་ཞུ་གེ། རག་ཀ་རོག་ཀ་ཅིག
  • ཀརྨ་ལྷུན་གྲུབ་
    ཨ་ལྕེ་ལ་བུམ་པ་བྱོན་ལ་ཞེས་པའི།། ཨ་ལྕེ་ལ་བུམ་པ་བྱོན་ལ་ཞེས་པའི། །སྭོ་་་་བར་ཕྱོགས་བཙན་ལ་བྱོན་སོང་། །སྭོ་་་་བར་ཕྱོགས་བཙན་ལ་བྱོན་སོང་།།
  • ཀརྨ་ལྷུན་གྲུབ་
    བར་ཕྱོགས་བཙན་ལ་བྱོན་ལ་ཞེས་པའི།། བར་ཕྱོགས་བཙན་ལ་བྱོན་ལ་ཞེས་པའི། །སྭོ་་་་བཙན་དར་སྔོན་མོ་འཕྱར་སོང་། །སྭོ་་་བཙན་དར་དམར་མོ་འཕྱར་སོང་།།
  • ཀརྨ་ལྷུན་གྲུབ་
    བཙན་དར་དམར་མོ་འཕྱར་ལ་ཞེས་པའི།། བཙན་དར་དམར་མོ་འཕྱར་ལ་ཞེས་པའི། །སྭོ་་་བཙན་གྱི་ཕོ་བྲང་བཞེངས་ཡོད། །སྭོ་་་བཙན་གྱི་ཕོ་བྲང་བཞེངས་ཡོད།།
  • ཀརྨ་ལྷུན་གྲུབ་
    བཙན་གྱི་ཕོ་བྲང་བཞེངས་ལ་ཞེས་པའི།། བཙན་གྱི་ཕོ་བྲང་བཞེངས་ལ་ཞེས་པའི། །སྭོ་ཨ་ལྕེ་སྐལ་པ་བཟང་སོང་། །སྭོ་ཨ་ལྕེ་སྐལ་པ་དར་སོང་། ། འ་ནཱེམ་ཅིག་ཨིན་ལགས།