Video Overview
གླུ་དབྱངས་འདི་ནི་འབྲོག་གི་ཡུལ་གྱི་ལྗོངས་ཀྱི་བཀོད་པ་དང་དེའི་ཐོག་ཏུ་འཚོ་བའི་རི་དྭགས་དང་ཆུ་གནས་འགའི་གནས་ཚུལ་བརྗོད་འདུག
གླུ་དབྱངས་འདི་ནི་འབྲོག་གི་ཡུལ་ལྗོངས་དང་དེའི་ཐོག་ཏུ་འཚོ་བའི་སྲོག་ལྡན་སེམས་ཅན་འགའི་གནས་ཚུལ་ཇི་མ་ཇི་བཞིན་དུ་བྲིས་ཡོད་དེ། སྟོད་ཀྱི་རི་བོ་མཐོ་ཞིང་བརྗིད་པ་དེ་ནི་རྭ་ཆེན་ཤྭ་བོའི་འདུག་གནས་དང་།བར་གྱི་རི་རྐེད་སྨུག་པ་ཅན་དེ་གེ་སེར་འབྲོང་གི་འདུག་གནས་ཡིན་ལ། སྨད་ཀྱི་མཚོ་མོ་ཁ་ཞེང་ཅན་དེ་ཉ་དང་སྲམ་གྱི་འདུག་གནས་ཡིན་པ་ཞིབ་བརྗོད་བྱས་ཏེ།འབྲོག་ལྗོངས་ཉམས་དགའ་བ་ཞིག་གི་སྣང་བརྙན་དེ་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་ཡོད།
This song extols the pastoral landscape, and some of the terrestrial and aquatic animals viewed as living within it.
这首民歌主要介绍了当地牧区的自然风景,野生动物和生活在这一带的一些水生动物。
这首民歌描述了牧区的自然风景,以及生活在那里的动物。山的上半部分是高高的,是华丽的,它为大角鹿之领地;山腰是格萨尔野牦牛的栖息之地;山下是开阔的海洋,是鱼和水獭的栖居地。这首歌精确地呈现了可爱的草原风光。
- ཐོགས་མེད།ངའི་རི་མགོ་ཤྭ་རྭ་དཀར་པོ་རེད།།
- རྭ་དཀར་པོ་འདབ་ལག་རྒྱས་ནས་ཡོད།།
- ངའི་རི་རྐེད་འབྲོང་རྭ་སྨུག་པོ་རེད།།
- རྭ་སྨུག་པོའི་ཐིག་ལེ་བབ་ཡོད་ཀི།
- ངའི་རི་ཞོལ་མཚོ་མོ་ཡར་འཁྱིལ་རེད།།
- མཚོ་ཡར་འཁྱིལ་ཉ་སྲམ་འཁོར་ཡོད་ཀི།