Video Overview
Jangchub Dema sings a Boedra song called "Azhey Nangsa", about a popular noble lady with the character of an angel. She is religious and wanted to practice dharma, yet was forced to marry a prince. This was prophesized in the past, as well as an evil women trying to attack her. Later she left for heaven, as per her prophecy, to attain enlightenment. The song urges listeners to choose to practice dharma.
བོད་སྒྲའི་གླུ་གཞས་ ཨ་ཞེ་སྣང་ས་ཟེར་མི་འདི་ བསམ་གྲུབ་ལྗོངས་མཁར་ཆ་འོག་ གསེར་ཐིག་རྒེད་འོག་ གཡུས་སྨན་ཇི་འུང་ལས་ བྱང་ཆུབ་སྒྲོལ་མ་གིས་འཐེན་ཏེ་འདུག ཨ་ཞེ་སྣང་ས་ཟེར་ ཡོངས་གྲགས་ཅན་སྦེ་ཡོད་པའི་ ཨ་ཞེ་སྣང་སའི་སྐོར་ལས་ཨིནམ་ད་ གླུ་གཞས་འདི་ནང་ མོ་ར་ཆོས་སེམས་ཅན་ཅིག་འབདཝ་ལས་ ཆོས་མཛད་པར་བྱོན་ནུག ཏེ་མོ་ཚར་ཅིག་རྒྱལ་པོའི་བཙུན་མོ་སྦེ་མངའ་གསོལ་མཛད་ཡོད་རུང་ ལུང་བསྟན་དང་འཁྲིལ་ཏེ་ ཤུལ་ལས་བདུད་ཀྱི་གནོདཔ་བཀལ་བའི་མཐའ་མ་ ཞིང་ཁམས་ནང་བྱོན་ཡོདཔ་ལས་ ད་ལྟོའི་གླུ་གཞས་འདི་ནང་ ཨ་ཞེ་སྣང་སའི་ངོ་རིས་དང་ མི་ཚེ་སྙིང་པོ་མེདཔ་ལས་ སངས་རྒྱས་ཀྱི་ཆོས་ཉམས་སུ་བླངས་ཟེར་བའི་དོན་ཨིན་མས།
- བྱང་ཆུབ་སྒྲོལ་མ་ Jangchub Demaཨ་ཞེ་སྣང་ས་དལ་ལ་འབྱོར་མི་ལུས་འབྱོར། །ཤར་ལ་སྤང་རི་ལོགས་ལ་བྱང་ཐང་ཏ་འདྲ། །ཤར་ལ་སྤང་རི་ལོགས་ལ་བྱང་ཐང་ཏ་འདྲ། །Queen Nangsa, oppurtune to have got human birth. It is like a far away look on the opposite side of pasture land in the east
- བྱང་ཆུབ་སྒྲོལ་མ་ Jangchub Demaབུ་མོ་ཨ་མའི་སྣང་བ་ལ་[ཞལ་ཞལ་?]འདུག །དབུ་སྐྲ་དམར་པོ་སྣང་བ་[ཞལ་ཞལ་?]འདུག །དབུ་སྐྲ་དམར་པོ་སྣང་བ་[ཞལ་ཞལ་?]འདུག །Girl Queen Nangsa has a brought vision, red coloured hair.
- བྱང་ཆུབ་སྒྲོལ་མ་ Jangchub Demaབུ་མོ་མི་གི་[དགྲ་ལ་ལ་ས་སྲུང་འདི། །མ་ལ་ལྷ་ཡི་ལྷ་ཆོས་སྦྱང་པ་དང་འདྲ། །མ་ལ་ལྷ་ཡི་ལྷ་ཆོས་སྦྱང་པ་དང་འདྲ། །?]Girl, enemy of people is land holder. It is like a mother practising dharma in the village.
- བྱང་ཆུབ་སྒྲོལ་མ་ Jangchub Demaའཇའ་ལ་ཁ་དོག་ཚོ་སྙིང་པོ་མེད། །སྙིང་པོ་དམ་པའི་ལྷ་ཆོས་[བྱང་ཐང་ཏ་འདྲ?]། །སྙིང་པོ་དམ་པའི་ལྷ་ཆོས་[བྱང་ཐང་ཏ་འདྲ?]།། འ་ནཱིམ་ཅིག་ཞུ་ནི་ཨིན།། །།There is no essence in the beauty if rainbow. It is like a essence of practising dharma. That is it.