29 Dec 2015
3 min 51 sec
Video Overview
Creators:
Tibetan & Himalayan Library
This is a video of Shabo Tso from Khengya Village in Chentsa singing "A Song of Auspiciousness." This song is part of a series of folk songs from the Rebgong cultural area.
འདི་ནི་ཨ་མདོ་ས་ཁུལ་གྱི་དམངས་གླུ་ཞིག་སྟེ། སྟོན་མོ་དང་ལོ་སར་སོགས་ཀྱི་མཇུག་ཏུ་བཀྲ་ཤིས་འཇོག་པའི་གླུ་ཞིག་ཡིན།
མདོ་སྨད་ཀྱི་ས་ཁུལ་སོ་སོར་གླུ་ཆེས་ཐོག་མར་ལེན་པ་ལ་རྩེད་མགོ་རྩོམ་པ་ཟེར་བ་དང་། མཇུག་ཏུ་ལེན་པ་ལ་བཀྲ་ཤིས་འཇོག་པ་ཟེར། དུས་རྒྱུན་བཀྲ་ཤིས་འཇོག་སྐབས་ཐོག་མར་དགུང་སྔོན་གནམ་ལ་ཉི་ཟླ་སྐར་གསུམ་འཛོམས་པའི་བཀྲ་ཤིས་འཇོག་པ་དང་། བར་དུ་དོག་མོ་ས་ལ་ལོ་ལེགས་དང་རྩི་བཅུད་རྒྱས་པའི་བཀྲ་ཤིས་འཇོག མཐའ་མར་ཁྱིམ་ཚང་འདི་ལ་བཟའ་མགོ་ལུས་འཛོམས་པའི་བཀྲ་ཤིས་འཇོག་གོ།
- ༼ ཡེ་་་་་་ཡ་རེ་འགྲོ་བ་ཡ་རེ་ལེན་དགོ ངས་ཡ་རེ་ཟེར་ར་འགྲོ་བ་གླུ་ཞིག་ལེན། ༽
- ངས་བཀྲ་ཤིས་འཇོག་ན༼ འགྲོ་་་ ༽བཀྲ་ཤིས་འཇོག
- ངས་བཀྲ་ཤིས་དགུང་སྔོན༼ འགྲོ་་་ ༽གནམ་ལ་འཇོག
- དགུང་ཉི་ཟླ་འཛོམས་པའི་བཀྲ་ཤིས་འཇོག
- ངས་བཀྲ་ཤིས་འཇོག་ན༼ འགྲོ་་་ ༽བཀྲ་ཤིས་འཇོག
- ངས་བཀྲ་ཤིས་དོག་མོ༼འགྲོ་་་༽ས་ལ་འཇོག
- རྩྭ་རྩི་ཏོག་འཛོམས་པའི་བཀྲ་ཤིས་འཇོག ༼ཡེ་་་་༽
- ༼ ཡེ་་་་་་ཡ་རེ་འགྲོ་བ་ཡ་རེ་ལེན་དགོ ཞང་ཡ་རེ་ཟེར་ར་འགྲོ་བ་གླུ་ཞིག་ལེན། ༽
- ངས་བཀྲ་ཤིས་འཇོག་ན༼ཡང་་་༽བཀྲ་ཤིས་འཇོག
- ངས་བཀྲ་ཤིས་ཁྱིམ་ཚང༼ཡེ་་་་༽འདི་ལ་འཇོག
- བཟའ་མགོ་ལུས་འཛོམས་པའི༼ཡེ་་་་༽བཀྲ་ཤིས་འཇོག
- གླུ་ཤེས་ནི་མིན་ཡང་༼ཡེ་་་་༽དགའ་ནི་ཡིན།