Skip to main content Skip to search
15 Dec 2011
4 min 2 sec
Rating
0
No votes yet
Video Overview
Creators: 
Unknown

Drolkar discusses her flight from Lhasa to America.

Show More

  • བསོད་ནམས་ལགས
    དེ་རིང་རང་གནམ་གྲུའི་ནང་དཀའ་ལས་ཁག་མ་བྱུང་ངས།
  • སྒྲོལ་དཀར་ལགས
    ཨོའོ་ཙམ་༿ཙ༾།
  • བསོད་ནམས་ལགས
    འོང་་་ལྷ་ས་ནས་པེ་ཅིང་བར་དུ་གནམ་གྲུའི་ནང་ག་ཚོད་འགོར་གྱི་རེད།
  • སྒྲོལ་དཀར་ལགས
    འོང་དེ་རེད་ཤག་་་་ལྷ་ས་ནས་གྲང་ཏུ་བར་དུ་ཆུ་ཚོད་གཉིས་བྱས།
  • བསོད་ནམས་ལགས
    འོང་འོང་། ཨ་ལས་་་་་ གྲང་ཏུ་ནས་བརྗེ་པོ་རྒྱག་དགོས་རེད་པས།
  • སྒྲོལ་དཀར་ལགས
    འོང་། བརྗེ་པོ་མ་རྒྱག་ནའི་འགྲིག་གིས་ཡང་་་་
  • བསོད་ནམས་ལགས
    ཁ་ཐུག་ཡོད་རེད་པས།
  • སྒྲོལ་དཀར་ལགས
    གནམ་གྲུ་ཁ་ཐུག་འདུག
  • སྒྲོལ་དཀར་ལགས
    ལྷ་ས་ནས་གྲང་ཏུ་འོང་་་པེ་ཅིང་བར་དུ་ཆུ་ཚོད་གསུམ། གསུམ་ཙམ་༿ཙ་༾ཅིག་མིན་འགྲོ།
  • བསོད་ནམས་ལགས
    གསུམ་ལས་མང་བ་འགྲོ་དགོས་མ་རེད་པས།
  • སྒྲོལ་དཀར་ལགས
    གསུམ་དང་ལྷག་ཙམ་༿ལྷག་ཙ་༾ཅིག
  • སྒྲོལ་དཀར་ལགས
    གསུམ་དང་ལྷག་ཙམ་༿ལྷག་ཙ་༾ཅིག་ལས་འགོར་གྱི་མིན་འདུག
  • བསོད་ནམས་ལགས
    ཨ་ནི་ད་ཨོའོ་ཙ་་་་་་།
  • སྒྲོལ་དཀར་ལགས
    གྲང་ཏུ་ནས་འོང་་་པེ་ཅིང་བར་དུ་ཆུ་ཚོད་གཅིག་དང་ལྷག་ཙམ་༿ལྷག་ཙ་༾རེད་འདུག་ག
  • བསོད་ནམས་ལགས
    འོང་འོང་་་་་་།
  • སྒྲོལ་དཀར
    ལྷ་ས་ནས་དེ་བར་དུ་གྲང་ཏུ་བར་དུ་ཆུ་ཚོད་གཉིས་རེད་པ།
  • བསོད་ནམས་ལགས
    འོང་འོང་།
  • སྒྲོལ་དཀར་ལགས
    འོང་དེ་༿ཨེ་༾འདྲས་ཅིག་ལས་འགོར་གྱི་མིན་འདུག
  • སྒྲོལ་དཀར་ལགས
    གསུམ་དང་ལྷག་ཙམ་༿ལྷག་ཙ་༾ལས།
  • བསོད་ནམས་ལགས
    ཨ་ནི་་་་ པེ་ཅིང་ནས་ད་ལྟ་ཨ་རི་བར་དུ་ག་ཚོད་འགོར་གྱི་འདུག ཁ་སང་གནམ་གྲུ་དང་པོ་བརྗེ་པོ་བརྒྱབ་ས་དེར།
  • སྒྲོལ་དཀར་ལགས
    འོང་་་་དེ་རེད་ཤག་ཞོགས་ཀས་ཆུ་ཚོད་བཅུ་དང་སྐར་མ་བཞི་བཅུ། བཞི་བཅུ་ཙམ་༿ཙ་༾མིན་འགྲོ
  • སྒྲོལ་དཀར་ལགས
    དེ་༿ཨེ་༾འདྲས་་་་ ཅིག་ལ་ཡ་ཡོང་པ་རེད་པ།
  • སྒྲོལ་དཀར་ལགས
    ཨ་ནི་་་་ མཚན་གཅིག་གནམ་གྲུའི་ནང་ལ་ཡོང་པ་རེད་པ།
  • བསོད་ནམས་ལགས
    བྱས་ན་ཆུ་ཚོད་བཅུ་པར་བསྡད་བཅུ་བྱས། ཆུ་ཚོད་བཅུ་བཅུ་གསུམ་ཙམ་ཅིག་འགོར་པ་རེད་པ། ཨ་ནི་་་་་སང་ཉིན་་་་་
  • སྒྲོལ་དཀར་ལགས
    སང་ཉིན་ཁོང་ཚོའི་འདིའི་ཆུ་ཚོད་བཅུ་དང་སྐར་མ་ག་ཚོད་རེད་གཅིག་ལ་འདིར་༿འདའི་༾ལུང་པ་འདིར་འབྱོར་གྱི་འདུག་ག ཨ་རིའི་ས་མཚམས་དེར།
  • བསོད་ནམས་ལགས
    འོང་འོང་།
  • བསོད་ནམས་ལགས
    ཨ་ནི་་་་ ག་རེ་རེད་་ གནམ་གྲུའི་ནང་ལ་ཡ་ཁ་ལག་དང་དེ་ཚོ་ཡག་པོ་འདུག་གས།
  • སྒྲོལ་དཀར་ལགས
    ཁ་ལག་ཡག་པོ་འདུག ད་ད་ག་རེ་ཟེར་དགོས་རེད།
  • སྒྲོལ་དཀར་ལགས
    ཁོང་ཚོའི་དེར་ཚལ་རྗེན་པ་ཞེ་པོ་འདུག་ག
  • བསོད་ནམས་ལགས
    འོང་རེད།
  • སྒྲོལ་དཀར་ལགས
    ཚལ་རྗེན་པའི་བཟོ་འདྲ་༿བཟོ་ར་༾དེ་འདྲས་མང་པོ་ཞེ་དྲག་༿རྒྱའུ་༾བསྟེར་གྱི་འདུག་ག
  • བསོད་ནམས་ལགས
    རེད། དེ་བྱས་ཨ་ནི་་་་ སྐད་མ་ཤེས་སྐབས་དུས། ཏོག་ཙམ་༿ཏིག་ཙ་༾དཀའ་ལས་ཁག་པོ་མ་བྱུང་ངས།
  • སྒྲོལ་དཀར་ལགས
    ཁག་པོ་འདྲ་༿ར་༾ཅིག་འདུག ག་རེ་རེད་ཟེར་ན།
  • སྒྲོལ་དཀར་ལགས
    ཁོང་ཚོས་ཅིག་འཐུང་ཡས་བཟོ་འདྲ་དེ་འདྲས་གཅིག་སྐྱེལ་གར་ཡོང་དུས།
  • སྒྲོལ་དཀར་ལགས
    གཅིག་འཐུང་འདོད་ཡོད་པ་༿འཐུང་སྙིང་འདོད་པ་༾ཡིན་ནའི་ཡང་ འཐུང་ཡས་མིན་འདུག་ག
  • བསོད་ནམས་ལགས
    འོང་འོང་།
  • སྒྲོལ་དཀར་ལགས
    སྐད་མ་ཤེས་པ་རེད་པ།
  • བསོད་ནམས་ལགས
    ཨ་ནི་་་་་ ལས་ཀ་བྱེད་མཁན་དེ་ཚོ་ཡག་པོ་འདུག་གས།
  • སྒྲོལ་དཀར་ལགས
    ཡག་པོ་འདུག ཡག་པོ་འདུག་དེ་ཁོང་ཚོས་ག་རེ་འཐུང་གག་ཟེར་གྱི་འདུག་ག
  • སྒྲོལ་དཀར་ལགས
    ཨ་ནི་་་ མི་མདུན་དེ་བར་ལ་མིས་ལབ་མཁན་དེ་ཚོའི་སྐད་ཆ་ཨམ་ཅོག་ཉན། ག་རེ་ཟེར་གྱི་འདུག་བལྟས།
  • བསོད་ནམས་ལགས
    ཧ་་་་ཧ་་་།
  • སྒྲོལ་དཀར་ལགས
    དེ་འདྲས་ཟེ་༿ཨེ་འདྲས་ཟེ་༾བྱས་ཨ་ནི་་་་འཐུང་།
  • བསོད་ནམས་ལགས
    ཨ་ལས།
  • སྒྲོལ་དཀར་ལགས
    སྤྲད་ཀྱིས།
  • བསོད་ནམས་ལགས
    ཨ་ནི་འོང་་་་ནམ་གྲུའི་ནང་ལ་ལས་ཀ་བྱེད་མཁན་རྒྱ་མི་མིན་འདུག་གས
  • སྒྲོལ་དཀར་ལགས
    རྒྱ་མི་འདུག
  • བསོད་ནམས་ལགས
    རྒྱ་སྐད་བརྒྱབ་ཀྱི་མིན་འདུག་གས་ཁོང་ཚོས། རང་རྒྱ་སྐད་ཤེས་ཀྱི་རེད་པཱ
  • སྒྲོལ་དཀར་ལགས
    འོང་་་་ཁོང་རང་ཚོ་མར་འདོན་ཡོང་གི་མིན་འདུག་ག ཕྱི་རྒྱལ་གྱི་མི་མ་གཏོགས་༿གཞི་༾།
  • བསོད་ནམས་ལགས
    ཨ་ལས།  ག་རེ་ཡིན་ན།
  • སྒྲོལ་དཀར་ལགས
    སྦུག་ཡར་བར་ལ་ལས་ཀ་བྱེད་ཀྱི་མེད་འགྲོ སྦུག་ལ་ལས་ཀ་བྱེད་ཀྱི་ཡོད་པ་འདྲ།
  • བསོད་ནམས་ལགས
    ཨ་ནི་་་་་ རང་གནམ་གྲུ་བརྗེ་པོ་བརྒྱབ་དུས་གང་འདྲས་བྱས་པཱ།
  • སྒྲོལ་དཀར་ལགས
    གནམ་གྲུ་བརྗེ་པོ་བརྒྱབ་དུས་དེ་བྱས་པ་རེད་འོང་་་
  • སྒྲོལ་དཀར་ལགས
    ཆུ་ཚོད་བཞི་བཞི་བཞི་ཙམ་ཅིག་སྒུག་དགོས་ཀྱི་འདུག་ག
  • བསོད་ནམས་ལགས
    ཨ་ལས།
  • སྒྲོལ་དཀར་ལགས
    ཕ་གིར་ཡ།
  • བསོད་ནམས་ལགས
    འོང་འོང་།
  • སྒྲོལ་དཀར་ལགས
    གནམ་གྲུའི་ད་ལྟའི་་་་ཨ་རེའི་དེའི་གཅིག་ཡོད་རེད་པཱ་་་ ས་མཚམས་དེར་སླེབས་ནས།
  • བསོད་ནམས་ལགས
    ཨ་ནི་་་འོང་ག་རེ་རེད་་་་ཁོང་ཚོས་ཅིག་ལམ་ཡིག་སྤྲད་དུས་གའི་ཟེར་གྱི་མི་འདུག་གས་༼འཆན་ཀྲངས།་་་་་་་འདི་རྒྱ་སྐད་ཡིན། བོད་སྐད་ལ་ལམ་ཡིག༽
  • བསོད་ནམས་ལགས
    ལམ་ཡིག
  • སྒྲོལ་དཀར་ལགས
    འཆན་ཀྲངས་ག་གི
  • བསོད་ནམས་ལགས
    ད་ལྟ་ག་རེ་རེད་ཨ་རི་ལ་བསྡད་ཆོག་པའི་་་་།
  • སྒྲོལ་དཀར་ལགས
    འོང་འོང་།
  • བསོད་ནམས་ལགས
    རྒྱུན་་རིང་ལོས་་་་་།
  • སྒྲོལ་དཀར་ལགས
    ཨ་ལས་འོང་༼ཧད་ཀོན་ འདི་ནི་རྒྱ་སྐད་ཡིན། བོད་སྐད་ལ་འགག་སྒོ༽ནས།
  • སྒྲོལ་དཀར་ལགས
    ཧད་ཀོན་དེ་རེད་པ།
  • བསོད་ནམས་ལགས
    འོང་། འགག་སྒོ
  • སྒྲོལ་དཀར་ལགས
    འགག་སྒོ་ཟེར་གྱི་ཡོད་རེད་པས།
  • སྒྲོལ་དཀར་ལགས
    འགག་སྒོ་ནས་དེ་༿ཨེ་༾འདྲས་ཟེ་ག་ཚོད་བསྡད་མཁན་ཡིན་པཱ་ཟེར།
  • བསོད་ནམས་ལགས
    འོང་འོང་།
  • སྒྲོལ་དཀར་ལགས
    ཨ་ནི་ངས་ཟེར་ན་ཟླ་བ་ཟླ་བ་དྲུག་བསྡད་ཀྱི་ཡིན་ཟེར་ལབ་པ་ཡིན་པ།
  • བསོད་ནམས་ལགས
    འོང་འོང་།
  • སྒྲོལ་དཀར་ལགས
    ཨ་ནི་་་ ཁོང་ཚོས་ཟེར་ན་རང་༼པོ་པོ་་་་་འདི་རྒྱ་སྐད་ཡིན་༽ནང་ལ་དངུལ་ག་ཚོད་འཁྱེར་ཡོད་ཟེར།
  • བསོད་ནམས་ལགས
    ཧ་་་ཧ་་་།
  • སྒྲོལ་དཀར་ལགས
    དངུལ་སྒོར་མོ་བཅུ་ལས་མེད་ལབ་པ་ཡིན་པ།
  • བསོད་ནམས་ལགས
    འོང་།
  • སྒྲོལ་དཀར་ལགས
    བཅུ་ང་རང་ཚོ་ཀྲུང་གོའི་དངུལ་རེད་ཨ་རིའི་དངུལ་རེད་ཟེར་གྱི་འདུག་ག
  • སྒྲོལ་དཀར་ལགས
    ཨ་ནི་ཨ་རེའི་དངུལ་རེད་བྱས་པ་ཡིན།
  • སྒྲོལ་དཀར་ལགས
    ཨ་རེའི་དངུལ་སྒོར་མོ་བཅུ་ལས་མེད་བྱས་པ་ཡིན།
  • བསོད་ནམས་ལགས
    ཨ་ནི་་་་།
  • བསོད་ནམས་ལགས
    ཨ་ནི་་་་ལམ་སེང་པ་སེ་སྤྲད་སོང་ངས།
  • སྒྲོལ་དཀར་ལགས
    ཨ་ནི་་་་པ་སེ་སྤྲད་སོང་།
  • བསོད་ནམས་ལགས
    ཨ་ནི་འོང་རང་གི་ཅ་ལག་དེ་ཚོ་གང་འདྲས་བྱས་སོང་ཚུར་བཏང་དུས།
  • སྒྲོལ་དཀར་ལགས
    ཅ་ལག་གའི་བལྟས་མ་སོང་།
  • བསོད་ནམས་ལགས
    བལྟས་མ་སོང་ངས།
  • སྒྲོལ་དཀར་ལགས
    ག་གའི་བལྟས་མ་སོང་།
  • བསོད་ནམས་ལགས
    ག་རེ་རེད་་་གློག་གི་དེའི་ནང་ལ་བཏང་སོང་ངས་བཏང་ཡས་་
  • སྒྲོལ་དཀར་ལགས
    བཏང་ཡས་བཏང་སོང་སྟེ་གའི་འཁྱེར་ཡོད་པས་ཟེར་༿ཟག་༾རེད་པ།
  • བསོད་ནམས་ལགས
    འོང་
  • སྒྲོལ་དཀར་ལགས
    ཅ་ལག་ག་གའི་མེད་བྱས་པ་ཡིན་་་ཨེ་འདྲས།
  • བསོད་ནམས
    འོང་།
  • སྒྲོལ་དཀར་ལགས
    ཨ་ནི་་་ཕ་ཚོ་ག་རེ་རེད་ཟེར་༿ཟག་༾ཨ་ནི་་་ ཕ་གིའི་ནང་གི་དེ་ཚོ་ནང་ལ་བསྒྲིག་ཡས་དེ་འདྲས་རེད་ཟེར་ལབ་པ་ཡིན།
  • བསོད་ནམས་ལགས
    འོང་འོང་།
  • སྒྲོལ་དཀར་ལགས
    ནང་ལ་འདུག་ཟེ་བསྒྲིག་བཞག་ཡས་དེ་འདྲས།
  • བསོད་ནམས་ལགས
    གཞན་དག་བསྔོགས་ཡོད་མ་རེད་པ།
  • སྒྲོལ་དཀར་ལགས
    བསྔོགས་མ་སོང་།
  • བསོད་ནམས་ལགས
    ཨ་ནི་་་ཤ་སྐམ་པོ་ཐར་འདུག་གོ་བྱས་ཙང་།
  • སྒྲོལ་དཀར་ལགས
    ཤ་སྐམ་པོ་ཐར་པ་རེད།
  • བསོད་ནམས་ལགས
    ང་ཤ་སྐམ་པོ་འོང་་་་རས་ཁུག་དྲུག་་་དྲུག་འཁྱེར་སོང་ངཱ་་་ནང་ནས་ཟླ་ཉིན།
  • སྒྲོལ་དཀར་ལགས
    འོང་རེད་པ།
  • བསོད་ནམས་ལགས
    འགང་ག་དབྱུགས་དགོས་འཁེལ་པ་རེད་ད།
  • བསོད་ནམས་ལགས
    ཁོང་ཚོས་ཕར་ནས་འཕྲོགས་༿འཕོགས་༾སོང་ང་།
  • སྒྲོལ་དཀར་ལགས
    འོང་། ཨ་ལས།
  • བསོད་ནམས་ལགས
    ཨ་ནི་དེ་བྱས་་་་ཨ་ནི་་་བྱས་ན་གནམ་གྲུ་བརྗེ་པོ་བརྒྱབ་དུས། མིས་རོགས་པ་བྱེད་མཁན་བྱུང་པ་རེད་པཱ།
  • སྒྲོལ་དཀར་ལགས
    འོང་རོགས་པ་བྱེད་མཁན་བྱུང་མི་རིགས་ནག་པོ།
  • བསོད་ནམས་ལགས
    འོང་་་་འོང་།
  • སྒྲོལ་དཀར་ལགས
    མི་རིགས་ནག་པོ་ཟེར་དགོས་རེད་པ་ད།
  • སྒྲོལ་དཀར་ལགས
    ཁོང་ཚོས་རོགས་བྱས་བྱུང་།
  • བསོད་ནམས་ལགས
    ཨ་ལས།
  • སྒྲོལ་དཀར་ལགས
    ག་རེ་རེད་ཟེར་ན་དེའི་ཤོག་བུ་༿ཤུག་གུ་༾དེའི་སྒང་ལ་ཡ་མི་ལ་ཡ་དེ་བྱེད་ཡས་བྲིས་ཡོད་རེད་པཱ། ང་དབྱིན་ཇི་ཤེས་ཀྱི་མེད་ཟེར།
  • སྒྲོལ་དཀར་ལགས
    ཁྱེད་རང་ཚོས་རོགས་པ་བྱེད་རོགས་བྱེད་ཟེར།
  • སྒྲོལ་དཀར་ལགས
    འོང་དེ་བསྟན་བྱས་ཨ་ནི་་་རོགས་པ་བྱས་སོང་།