Video Overview
The term Tshangmo has three different meanings: first, it is said to be a secret divination; second, it is a divination using a thorn; and finally, it is a poem which originated in Tshang, Tibet. Tshangmo is sung to express emotions to convey inner warmth and affection to another person through lyrical melodies. There are several categories of Tsangmo per the Bhutanese cultural typology; the present one is a befriending Tshangmo. It expresses to the listener that they are fated to be together. The author wanted to meet her destined lover in the ocean, as they are separated by the body of water. Other metaphors are also used to express similar sentiments.
- Loong-Go
- Laya
- Gasa
- དབང་རྒྱལ་དང་སྡེ་ཚན་ཁམ་ཤིང་ཁ་ལ་ལ་ཞིམ་པས།།
- དབང་རྒྱལ་དང་སྡེ་ཚན་མེ་ཏོག་མིག་ལ་ལ་མཛེས་པས།།
- དབང་རྒྱལ་དང་སྡེ་ཚན་ཁམ་ཤིང་དེ་གི་རྩ་བ།།
- དབང་རྒྱལ་དང་སྡེ་ཚན་ཞག་གཅིག་སྡོད་རུང་ལ་དགའ་བས།།
- དབང་རྒྱལ་དང་སྡེ་ཚན་དགུང་དང་སྤྲིན་གྱི་ལ་མཚམས་ལུ།།
- དབང་རྒྱལ་དང་སྡེ་ཚན་ཆུང་རུང་མཆོད་རྟེན་ལ་བཞེངས་ཡོད།།
- དབང་རྒྱལ་དང་སྡེ་ཚན་ཉིམ་དང་ཟླཝ་གིས་མེན་པ།།
- དབང་རྒྱལ་དང་སྡེ་ཚན་སུ་དང་གང་གིས་ལ་མ་ཤེས།།
- དབང་རྒྱལ་དང་སྡེ་ཚན་དཀར་ཡུལ་བཅག་ན་ལ་བཅག་ཤོག།
- དབང་རྒྱལ་དང་སྡེ་ཚན་འབྲུག་རིས་ཡལ་ན་ལ་ཡལ་ཤོག།
- དབང་རྒྱལ་དང་སྡེ་ཚན་རྫབ་ཕྱི་ཕོར་པའི་ཕྱི་ལས།།
- དབང་རྒྱལ་དང་སྡེ་ཚན་དངུལ་ཤན་ལས་ཀྱིས་ལ་འཁོར་འོང་།།
- དབང་རྒྱལ་དང་སྡེ་ཚན་བྱ་གཅིག་སྤང་ན་ལ་ཁྱུ་(མཆོང་)ཡོད།།
- དབང་རྒྱལ་དང་སྡེ་ཚན་བྱ་གཉིས་མཚོ་ལུ་ལ་ཁྱུ་(མཆོང་)ཡོད།།
- དབང་རྒྱལ་དང་སྡེ་ཚན་བྱ་གཅིག་ཐད་རི་བ་རི།།
- དབང་རྒྱལ་དང་སྡེ་ཚན་སྒོ་ར་སྒོ་ལུ་ལ་ཁྱུ་(མཆོང་)ཡོད།།
- དབང་རྒྱལ་དང་སྡེ་ཚན་རྟ་གི་རྟེའུ་ཅུང་ལ་གཅིག་གིས།།
- དབང་རྒྱལ་དང་སྡེ་ཚན་ཤ་སྲང་ལ་ར་བརྒལ་ཡི།།
- དབང་རྒྱལ་དང་སྡེ་ཚན་རྐང་མའི་བརླད་དོ་གཅིག་གིས།།
- དབང་རྒྱལ་དང་སྡེ་ཚན་དམངས་ཀྱི་ལྟོ་ཅིག་ལ་བཀལ།།
- དབང་རྒྱལ་དང་སྡེ་ཚན་ལྷ་སའི་སྦ་སྒོའི་ལ་ནང་ལས།།
- དབང་རྒྱལ་དང་སྡེ་ཚན་ཤ་གཅིག་ཉོ་དགོ་ལ་བསམ་པ།།
- དབང་རྒྱལ་དང་སྡེ་ཚན་ཤ་ལ་ཚིལ་ལས་མེད་པ།།
- དབང་རྒྱལ་དང་སྡེ་ཚན་གོང་ལ་ཧམ་པ་ལ་མཐོ་སོང་།།
- དབང་རྒྱལ་དང་སྡེ་ཚན་ཁམ་ཤིང་ཁ་ལ་ལ་ཞིམ་པས།།
- དབང་རྒྱལ་དང་སྡེ་ཚན་མེ་ཏོག་མིག་ལ་ལ་མཛེས་པས།།
- དབང་རྒྱལ་དང་སྡེ་ཚན་ཁམ་ཤིང་དེ་གི་རྩ་བ།།
- དབང་རྒྱལ་དང་སྡེ་ཚན་ཞག་གཅིག་སྡོད་རུང་ལ་དགའ་བས།།
- དབང་རྒྱལ་དང་སྡེ་ཚན་དར་ལ་གཅིག་འཕྱར་ལ་གཉིས་འཕྱར།།
- དབང་རྒྱལ་དང་སྡེ་ཚན་ཤོག་གི་དར་ཅིག་ལ་འཕྱར་སོང་།།
- དབང་རྒྱལ་དང་སྡེ་ཚན་ལས་དང་སྨོན་ལམ་ཡོད་ན།།
- དབང་རྒྱལ་དང་སྡེ་ཚན་རི་མོ་ལས་ཀྱིས་ལ་འཁོར་སོང་།།
- དབང་རྒྱལ་དང་སྡེ་ཚན་ཞྭམོ་ཅུང་རྒྱ་ཞྭ་ལ་བཙུགས་མི།།
- དབང་རྒྱལ་དང་སྡེ་ཚན་བརྒྱ་དང་སྟོང་ར་ལ་ཨིན་མས།།
- དབང་རྒྱལ་དང་སྡེ་ཚན་ཞྭམོ་ཅུང་དབུ་ཞྭ་བཙུགས་མི།།
- དབང་རྒྱལ་དང་སྡེ་ཚན་གཡུས་ཕྱོགས་འདི་ལུ་ལ་མིན་འདུག།
- དབང་རྒྱལ་དང་སྡེ་ཚན་ཁན་ཇ་ཡེ་ཤེས་ལ་གནག་ཀུ།།
- དབང་རྒྱལ་དང་སྡེ་ཚན་ཚུ་ཀི་མི་གཅིག་ལ་འཐུ་སོང་། །
- དབང་རྒྱལ་དང་སྡེ་ཚན་ཐོར་ཅུང་སྤང་གི་མེ་ཏོག།
- དབང་རྒྱལ་དང་སྡེ་ཚན་བཅགཔ་དང་མ་བཅགཔ་ལ་མིན་འདུག།
- དབང་རྒྱལ་དང་སྡེ་ཚན་[ཕར་རི་གཞུ་ཅུང་?]ལ་བསྒུག་བསྒུག།
- དབང་རྒྱལ་དང་སྡེ་ཚན་[ཚུར་རི་ནོར་རིགས་?]ལ་བསྒུག་བསྒུག།
- དབང་རྒྱལ་དང་སྡེ་ཚན་བསྒུག་ན་མཉམ་ཅིག་བསྒུག་གེ།
- དབང་རྒྱལ་དང་སྡེ་ཚན་མ་བསྒུག་རང་སར་ལ་སྡོད་གེ།
- དབང་རྒྱལ་དང་སྡེ་ཚན་ཁྱོད་ནི་རྒྱ་མཚོ་ལ་ཕར་ཁར།།
- དབང་རྒྱལ་དང་སྡེ་ཚན་ང་ནི་རྒྱ་མཚོ་ལ་ཚུར་ཁར།།
- དབང་རྒྱལ་དང་སྡེ་ཚན་ལས་དང་སྨོན་ལམ་ཡོད་ན།།
- དབང་རྒྱལ་དང་སྡེ་ཚན་རྒྱ་མཚོ་སྦུག་ལུ་ལ་འཛོམས་གེ།
- དབང་རྒྱལ་དང་སྡེ་ཚན་ལགས་སོ་ལགས།། །།