Video Overview
The term Tshangmo has three different meanings: a secret divination, a divination using a thorn, and a potem originally from Tshang, Tibet. Tshangmo expresses various emotions toward others through poetic and lyrical melodies. Amongst several categories of Tsangmo in the Bhutanese cultural typology, the present one contains both befriending and antagonizing themes. The authors also narrate words of supplication with the use of different metaphorical phrases.
རྩང་མོ་ཟེར་ མི་ལ་ལུ་ཅིག་གིས་འབད་བ་ཅིན་ རྩང་གི་ཐོག་ལས་སྦེ་ མོ་བཏབ་ནི་ལས་རྟ་དྲངས་ཏེ་ སླབ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ གཙང་མོ་འདི་ བོད་ཀྱི་ཆོས་རྒྱལ་ཆེན་མོ་ རྟ་ལི་བླ་མ་སྐུ་ཕྲེང་ ༦ པ་ རིག་འཛིན་ཚངས་དབྱངས་རྒྱ་མཚོའི་སྐབས་སུ་ གཙང་ལས་བྱུང་ཡོདཔ་ལས་བརྟེན་ གཙང་མོ་ཟེར་ བཤདཔ་ཨིན་རུང་ ཤུལ་ལས་ ད་རུང་ མི་ལ་ལུ་ཅིག་གིས་ རྩང་མོ་འདི་སླབ་པའི་སྐབས་སུ་ མི་རེ་རེ་ལས་ ཅ་ལ་ཚུ་སྦུག་ནང་བཙུགས་ཐོག་ལས་ གནམ་བསྐོས་སྐྱུར་མི་ལུ་ཡང་ སླབ་དོ་ཡོདཔ་ལས་ བཤད་ཚུལ་མ་འདྲཝ་གསུམ་དེ་ཅིག་འདུག། རྩང་མོ་ཟེར་མི་འདི་ རང་གི་ནང་ལུ་མནོ་བའི་ ཚོར་སྣང་ཚུ་ཕྱི་ཁ་བཏོན་ཏེ་ གདངས་རིགས་མ་འདྲཝ་གི་ཐོག་ལས་སྦེ་ སླབ་མི་ཅིག་ལུ་ སླབ་ཨིནམ་ད་ གཙང་མོའི་དབྱེ་རིགས་མ་འདྲ་སྦེ་ཡོད་ས་ལས་ ད་ལྟོ་གི་འདི་ འབྲུག་གི་ལམ་སྲོལ་གྱི་དབྱེ་རིགས་ལས་ དགྲ་གླུ་དང་གཉེན་གླུ་གི་གྲལ་ཁར་ཚུགཔ་ཨིནམ་ད་ རྩང་མོ་འདི་ནང་ རྩམ་པ་པོ་གིས་ འཕྲལ་འཕྲལ་སྐབས་ དགྲ་གླུའི་ཐོག་ལས་སྦེ་ ཕྱོགས་གཞན་མི་འདི་ལུ་ ཟུར་བཙུགསཔ་ཨིནམ་ད་ འཕྲའ་འཕྲལ་སྐབས་གཉེན་གྲུ་ འདི་ལས་འཕྲལ་འཕྲལ་སྐབས་ མཚུངས་དཔེ་ཚུའི་ཐོག་ལས་སྦེ་ བསྟོད་ཚིག་ཚུ་སླབ་ཨིན་པས།
- Khubji
- Punakha
- སངས་རྒྱས་དང་ཆ་རོགས་ཕར་རི་སྤང་གི་སྦུག་ལུ།།
- སངས་རྒྱས་དང་ཆ་རོགས་གུར་ཅིག་སྤུབས་དགོ་ལ་མནོ་ཚེ།།
- སངས་རྒྱས་དང་ཆ་རོགས་(དགུང་དང་འདབ་མ་གཟེར་ཅུང་།།?)
- སངས་རྒྱས་དང་ཆ་རོགས་སྤུབས་དགོ་ལ་འདྲཝ་ར་མིན་འདུག།ལོ་
- སངས་རྒྱས་དང་ཆ་རོགས་མཆོད་རྟེན་མི་བཞེངས་ལ་གུ་བཞེངས།།
- སངས་རྒྱས་དང་ཆ་རོགས་བྲག་གི་སྐེད་པ་ལ་བཞེངས་སོང་།།
- སངས་རྒྱས་དང་ཆ་རོགས་བསྐོར་ར་རྐྱབ་དགོ་ལ་མནོ་བ།།
- སངས་རྒྱས་དང་ཆ་རོགས་གནས་ལམ་བྲག་གིས་ལ་བཅད་ཆི།།ལོ་
- སངས་རྒྱས་དང་ཆ་རོགས་ཆུ་ཅིག་ཁ་ལས་ལ་དབོག་པ།།
- སངས་རྒྱས་དང་ཆ་རོགས་ཧུ་མ་གཏིང་ལས་ལ་ལོངམ་མས།།
- སངས་རྒྱས་དང་ཆ་རོགས་བླུགས་དགོ་བསམ་པ་ཡོད་ན།།
- སངས་རྒྱས་དང་ཆ་རོགས་ཁ་རྗེ་ལ་མེད་པ་བླུགས་མ་ཚུགས།།
- སངས་རྒྱས་དང་ཆ་རོགས་མེ་ཏོག་ལ་མི་ཤར་གུ་ཤར།།
- སངས་རྒྱས་དང་ཆ་རོགས་ཤིང་གི་རྩེ་མོ་ལ་ཤར་སོང་།།
- སངས་རྒྱས་དང་ཆ་རོགས་བཅག་ན་ལག་རི་(ལག་གིས་)ལ་མ་ལྷོད།།
- སངས་རྒྱས་དང་ཆ་རོགས་བཞག་ན་སེམས་པ་ལ་འཁྲུལ་སོང་།།ལོ་
- སངས་རྒྱས་དང་ཆ་རོགས་ཁམ་ཤིང་ཁྱོད་རའི་ལ་རྩཝ་ལུ།།
- སངས་རྒྱས་དང་ཆ་རོགས་སྒོམ་ཅིག་རྐྱབ་དགོ་ལ་རེ་ཡི(རེ་བ)།།
- སངས་རྒྱས་དང་ཆ་རོགས་ཁམ་རྡོག་ཁ་ལ་ཞིམ་པས།།
- སངས་རྒྱས་དང་ཆ་རོགས་མེ་ཏོག་ལ་མིག་ལ་མཛེས་པས།།ལོ་
- སངས་རྒྱས་དང་ཆ་རོགས་ལྷ་ས་པོ་ཏ་ལ་ཐོག་ལུ།།
- སངས་རྒྱས་དང་ཆ་རོགས་སྤྲུལ་པ་བརྒྱ་དང་ལ་སྟོང་ར།།
- སངས་རྒྱས་དང་ཆ་རོགས་རང་སེམས་དགའ་བའི་ལ་བྱང་སྤྲུལ།།
- སངས་རྒྱས་དང་ཆ་རོགས་གསེར་མའི་གསེར་ལས་ལ་སྐྱོན་མས།།ལོ་
- སངས་རྒྱས་དང་ཆ་རོགས་གཡུ་ཅིག་ཉོ་དགོ་ལ་མནོ་སྟེ།།
- སངས་རྒྱས་དང་ཆ་རོགས་(གཡུ་རི་བསམ་པ་ལ་ཡོད་ཚེ།།?)
- སངས་རྒྱས་དང་ཆ་རོགས་རང་གི་བླམ་དང་དཀོན་མཆོག།
- སངས་རྒྱས་དང་ཆ་རོགས་(འབྲུག་པ་དེ་དང་མཇལཝ་མས།།?)
- སངས་རྒྱས་དང་ཆ་རོགས་རྒྱ་ནག་གཏིང་ལས་ལ་འཐོན་མི།།
- སངས་རྒྱས་དང་ཆ་རོགས་ནོར་བུ་ལ་དུང་དཀར་ལ་གཡས་འཁྱིལ།།
- སངས་རྒྱས་དང་ཆ་རོགས་ཕྱི་ལ་དཀར་བཀྱག་ལ་དྭངས་མ(པ)།།
- སངས་རྒྱས་དང་ཆ་རོགས་ནང་ལ་གསུང་སྐད་ལ་ཧན་མས།།ལོ་
- སངས་རྒྱས་དང་ཆ་རོགས་དཀར་ཡོལ་དཀར་སངས་ལ་གཅིག་ལུ།།
- སངས་རྒྱས་དང་ཆ་རོགས་རི་མོ་བརྒྱ་དང་ལ་བཅོ་བརྒྱད།།
- སངས་རྒྱས་དང་ཆ་རོགས་ཡིད་བཞིན་ནོར་བུའི་ཕྱག་ལུ།།
- སངས་རྒྱས་དང་ཆ་རོགས་འབྲུག་རིས་ལ་ཡལ་ས་མིན་འདུག།
- སངས་རྒྱས་དང་ཆ་རོགས་ཕུག་ལ་གངས་རི་ལ་དཀར་སོང།།
- སངས་རྒྱས་དང་ཆ་རོགས་གདོང་ལས་མཆོད་རྟེན་ལ་དཀར་སོང་།།
- སངས་རྒྱས་དང་ཆ་རོགས་དཀར་བ་གཉིས་ཀྱི་བར་ལས།།
- སངས་རྒྱས་དང་ཆ་རོགས་ངེའི་སེམས་ཁྱོད་ལུ་ལ་དགའ་སོང་།།
- སངས་རྒྱས་དང་ཆ་རོགས་བྱ་གཅིག་གནམ་ལ་ལ་འཕུར་སོང་། །
- སངས་རྒྱས་དང་ཆ་རོགས་སྒོང་རྡོག་ས་ལ་ལ་ལུས་སོང་།།
- སངས་རྒྱས་དང་ཆ་རོགས་བྱ་མོ་དམ་ཚིག་ཡོད་ན།།
- སངས་རྒྱས་དང་ཆ་རོགས་སྒོང་རྡོག་ལ་གཡས་བསྐོར་རྐྱབ་ཤོག།
- སངས་རྒྱས་དང་ཆ་རོགས་ཁྱིམ་ཐོག་ལ་སྟེང་གི་ལ་མདའ་དར།།
- སངས་རྒྱས་དང་ཆ་རོགས་འགྲོ་དགོ་འགྲོ་དགོ་ལ་བསམ་པ།།
- སངས་རྒྱས་དང་ཆ་རོགས་ལས་ངན་དར་ཅུང་ཅིག་གིས།།
- སངས་རྒྱས་དང་ཆ་རོགས་བཏང་བཏང་འདྲཝ་ར་ལ་མིན་འདུག།ལོ་
- སངས་རྒྱས་དང་ཆ་རོགས་ཡར་ཡར་ལུང་པའི་ལ་ཕུག་ལུ།།
- སངས་རྒྱས་དང་ཆ་རོགས་ལྷ་བསང་གཏང་དགོ་ལ་མནོ་ཚེ།།
- སངས་རྒྱས་དང་ཆ་རོགས་དཔེ་ཆ་རླུང་གིས་དཀྲོགས་ཚེ།།
- སངས་རྒྱས་དང་ཆ་རོགས་གཏང་གཏང་ལ་འདྲཝ་ར་མིན་འདུག།
- སངས་རྒྱས་དང་ཆ་རོགས་དར་ཤིང་ཅིག་གི་སྦུག་ལུ།།
- སངས་རྒྱས་དང་ཆ་རོགས་མདའ་དར་དགུ་དགུ་ལ་འཕྱར་ཡོད།།
- སངས་རྒྱས་དང་ཆ་རོགས་མདའ་དར་དགུ་དགུ་ལ་འཕྱར་མི།།
- སངས་རྒྱས་དང་ཆ་རོགས་མཐོ་བའི་ལ་མོའི་ལ་དར་ཅུང་།།ལོ་
- སངས་རྒྱས་དང་ཆ་རོགས་ཁུ་བྱུག་མཇུག་སྒྲོ་ལ་རིང་རུང་།།
- སངས་རྒྱས་དང་ཆ་རོགས་མདའ་མོའི་མདའ་སྒྲོ་ལ་མི་བཏུབ།།
- སངས་རྒྱས་དང་ཆ་རོགས་བྱི་རུ་ཤིང་གི་ཟ་རུ།།
- སངས་རྒྱས་དང་ཆ་རོགས་ནོར་བུའི་བྱེ་བྲག་ལ་ཨིན་པས།།ལོ་
- སངས་རྒྱས་དང་ཆ་རོགས་ཞྭམ་ཅུང་ཆུང་མ་ལ་མང་རུང་།།
- སངས་རྒྱས་དང་ཆ་རོགས་བསིལ་ས་བགོ་གི་ལ་ཞྭམ་ཅུང་།།
- སངས་རྒྱས་དང་ཆ་རོགས་མི་ཅུང་ཆུང་མ་ལ་མ་མནོ།།
- སངས་རྒྱས་དང་ཆ་རོགས་སྒར་པའི་དུས་འགྱུར་ལ་ཨིན་པས།།ལོ་
- སངས་རྒྱས་དང་ཆ་རོགས་ཁམ་ཤིང་ཁྱོད་ར་ལ་བལྟ་ཚེ།།
- སངས་རྒྱས་དང་ཆ་རོགས་ཁམ་རྡོག་མངར་མངར་ལ་འདྲ་བས།།
- སངས་རྒྱས་དང་ཆ་རོགས་ཁམ་ཤིང་ཁྱོད་རའི་རྒྱབ་ལས།།
- སངས་རྒྱས་དང་ཆ་རོགས་(མི་སེམས་ལ་ཅི་འདྲ་མི་ཤེས།།?)
- སངས་རྒྱས་དང་ཆ་རོགས་(བྱི་དུག་ཁ་ལུ་ལ་བཞིམ་པ། །
- སངས་རྒྱས་དང་ཆ་རོགས་བྱི་རྩ་མིག་ལུ་ལ་མཛེས་པ།།
- སངས་རྒྱས་དང་ཆ་རོགས་བྱི་ཤིང་ལྡིང་རི་བལྟ་བ།།?)
- སངས་རྒྱས་དང་ཆ་རོགས་བགོམ་པ་ལན་གཅིག་ལ་རྐྱབ་གེ།
- སངས་རྒྱས་དང་ཆ་རོགས་སྟར་གོ་རྡོ་གཅིག་ལ་རྐྱབ་པ།།
- སངས་རྒྱས་དང་ཆ་རོགས་ཉི་ཤུ་ཐམ་པ་ལ་འབུདཝ་མས།།
- སངས་རྒྱས་དང་ཆ་རོགས་ང་ལ་གཅིག་བ་མི་དགོ།
- སངས་རྒྱས་དང་ཆ་རོགས་བཅུ་དགུ་ལ་གམ་སྦེ་འབུདཝ་སྨོ།།
- སངས་རྒྱས་དང་ཆ་རོགས་ཨོམ་ཆུ་བྱའོ་ཡོད་མི་བྱའོ།།
- སངས་རྒྱས་དང་ཆ་རོགས་མར་ཀྲིན་ང་ལུ་བྱའོ་ཡོད།།
- སངས་རྒྱས་དང་ཆ་རོགས་ཁ་ར་རུ་ཨིན་ཏེ་མ་བཞག།
- སངས་རྒྱས་དང་ཆ་རོགས་བ་ལས་བོའུ་ཅུང་ལ་བཏོན་གེ། །།