Video Overview
The narration of Lozey (Ballad) has long been popular among Layaps, who have made several recordings aimed to preserve this tradition. Ballads are normally performed between groups or as a competition between genders, for leisure or during the construction of traditional houses. Though Pema Yangchen is a lone participant here, her ballad include both antagonizing and befriending lyrics of the ballad, demanding reponses from her opponent. Hence, the lyrics of the ballad antagonizes the opponent for their defeat.
བློ་ཟེ་འདི་ མ་འོངས་པའི་དོནལ་ུ་ མི་ཉམས་པར་སྲུང་སྐྱོབ་འབད་ཐབས་ལུ་ ཧེ་མ་ལས་ར་ ངོ་ཚབ་དག་པ་ཅིག་གིས་ སྒྲ་བཟུང་འབད་ཡོདཔ་ལས་ ལ་ཡག་ཚུ་གི་དོན་ལུ་ བློ་ཟེ་འགྱུར་ནི་འདི་ དང་ཕུག་ལས་ར་ ཡོངས་གྲགས་ཅན་ཅིག་ཨིནམ་ད་ བློ་ཟེ་ངོ་མ་ར་ རང་ལུགས་ཀྱི་ཁྱིམ་རྐྱབ་པའི་སྐབས་དང་ དལ་ཁོམ་རེ་ཐོནམ་ད་ སྡེ་ཚན་གཉིས་སྦེ་ བཟོ་ཞིནམ་ལས་འགྱུར་སྲོལ་ཡོདཔ་མ་ཚད་ ཕོ་དང་མོ་གི་བར་ན་ཡང་ འགྲན་བསྡུར་འབད་ནི་ཡོད། བློ་ཟེ་འདི་ པདྨ་དབྱངས་ཅན་གྱིས་ མོ་ར་རྐྱངམ་ཅིག་སྦེ་འགྱུརཝ་ཨིན་རུང་ འདི་ནང་ དགྲ་གླུ་དང་ སྙན་གླུ་ཆ་ར་བཙུགས་ཡོདཔ་ད་ བློ་ཟེའི་ཚིག་ནང་ བྱང་ཕྱད་ལས་ལན་དགོཔ་སྦེ་ཨིནམ་ད་ བློ་ཟེ་འདི་ནང་ བྱང་ཕྱད་ལུ་ དགྲ་གླུ་དང་ ཕམ་ཁའི་སྐོར་ལས་ སླབ་ཨིན་པས།
- Gasa
- Laya
- པདྨ་དབྱངས་ཅན།སྤུ་ན་གསེར་ཁྲི་རྩཝ་ལས་ཡར་བལྟ་ཚེ།།
- པདྨ་དབྱངས་ཅན།པདྨ་ཨིན་དཱ་འདྲ་བའི་གཟི་བརྗིད་འདུག།
- པདྨ་དབྱངས་ཅན།(ང་གསེར་གཟར་རི་གི་དུས་ལས་ཨོམ་རེ་ཞུ།།?)
- པདྨ་དབྱངས་ཅན།(བྱི་ལི་གངས་དང་དུང་དཀར་གཡས་འཁྱིལ་འདྲ།།?)
- པདྨ་དབྱངས་ཅན།ལམ་ཐར་པའི་ལམ་དང་ཐུབ་པའི་ལམ།།
- པདྨ་དབྱངས་ཅན།དཔོན་ཨ་རྟག་འབྱོན་པའི་བྱོན་ལམ།།
- པདྨ་དབྱངས་ཅན།སྒརཔ་འཁྲུལ་སྣང་ཅན་གྱི་བྱོན་ས་ཨིན།།
- པདྨ་དབྱངས་ཅན།(གསུངས་གཞི་སྡེ་འབྱུང་ས།།?)
- པདྨ་དབྱངས་ཅན།(སངས་རྒྱས་ཡབ་ཀྱི་མཇལ་བས།།?)
- པདྨ་དབྱངས་ཅན།འབྱོན་ཤོག་ལོག་ཤོག་ས།།
- པདྨ་དབྱངས་ཅན།གཞོནམ་གྲོགས་སྐལ་ཐུགས་ལུ་བབས་པས། །
- པདྨ་དབྱངས་ཅན།(བཟའ་བར་བཟའ་ཁུ་མེད་རུང་།།?)
- པདྨ་དབྱངས་ཅན།རང་ལྟོ་རས་དཀར་ཅུང་ལོག་འབག་ཤོག།
- པདྨ་དབྱངས་ཅན།ཨ་ཁོ་རེད་ཨིན་རུང་ཁོ་རེད།།
- པདྨ་དབྱངས་ཅན།ཨ་ཁོ་རེད་སྟག་ཤར་གཞོན་མ་ལོ།།ཧུ་ཧུ་ཧུ་་་་་་
- པདྨ་དབྱངས་ཅན།གངས་ཀྱི་ཨེ་ཏོག་མེ་ཏོག།
- པདྨ་དབྱངས་ཅན།ཡར་གངས་ཀྱི་རྒྱན་ཆ་བཏུབ་པས།།
- པདྨ་དབྱངས་ཅན།མར་ལྡུམ་རའི་གསེར་ཤོག་མེ་ཏོག།
- པདྨ་དབྱངས་ཅན།ཉིནམ་ཨ་རྟག་གངས་ར་ཤར་བས།།
- པདྨ་དབྱངས་ཅན།ཉིནམ་ཨ་རྟག་གངས་ར་ཤར་ཚེ།།
- པདྨ་དབྱངས་ཅན།ཡར་གངས་ཀྱི་རྒྱན་ཆ་བཏུབ་པས།།
- པདྨ་དབྱངས་ཅན།ཨ་ཁོ་རེད་ཨིན་རུང་ཁོ་རེད།།
- པདྨ་དབྱངས་ཅན།ཨ་ཁོ་རེད་སྟག་ཤར་གཞོན་མ་ལོ།།
- པདྨ་དབྱངས་ཅན།སེམས་དགའ་བའི་ཡུལ་ལས་མེད་ན།།
- པདྨ་དབྱངས་ཅན།སེམས་དགའ་བའི་ཡུལ་ཨིན་ཟེརནི།།
- པདྨ་དབྱངས་ཅན།(ཡངན་བཟའ་བར་བཟའ་ཁུ་མེད་རུང་།།?)
- པདྨ་དབྱངས་ཅན།ལྟོ་རས་དཀར་ཅུང་ལོག་འབག་ཤོག་ལོ།།
- པདྨ་དབྱངས་ཅན།བྲག་རྡོ་རྗེ་བྲག་གི་སྐེད་པ་ལས།།
- པདྨ་དབྱངས་ཅན།ནོརབུ་གསེར་གྱིས་བཞེངས་པའི་མཆོད་རྟེན་འདུག།
- པདྨ་དབྱངས་ཅན།ཕྱི་གཡུ་དང་བྱི་རུ་པ་ཏྲ།།
- པདྨ་དབྱངས་ཅན།ནང་རྫོང་ཆེན་བཀའ་འགྱུར་བསྟན་འགྱུར།།
- པདྨ་དབྱངས་ཅན།གཡས་དཔལ་ལྡན་ལྷོ་མོའི་བཞུགས་ཁང་།།
- པདྨ་དབྱངས་ཅན།ང་ཚེས་བརྒྱད་དང་བཅོ་ལྔ་གནམ་སྒང་གསུམ།།
- པདྨ་དབྱངས་ཅན།ཡར་སྤོས་དང་མར་མེ་འབག་སྟེ།།
- པདྨ་དབྱངས་ཅན།ཡར་ལྷ་ཁང་མཇལ་ཤོག་ཟེརཝ་མས།།
- པདྨ་དབྱངས་ཅན།ཡར་ལྷ་ཁང་མཇལ་བར་རང་མ་སྟེར།།
- པདྨ་དབྱངས་ཅན།(བཟང་མར་དགའ་བའི་དམར་ཤེལ་ཡོད།།?)
- པདྨ་དབྱངས་ཅན།ཡར་ལྷ་ཁང་མཇལ་བར་ལྷོདནི།།
- པདྨ་དབྱངས་ཅན།(ད་བཟང་མར་དགའ་བའི་དམར་ཤེལ་ཡོད། །?)
- པདྨ་དབྱངས་ཅན།(ཞེནམ་བས་དགའ་བའི་སྒོ་ལྕགས་ཡོད།།?)
- པདྨ་དབྱངས་ཅན།(བཟངམོ་བྱེ་ཁར་ཨིན་རུང་བཏང་བཞག་གེ།།?)
- པདྨ་དབྱངས་ཅན།ཨ་ཁོ་རེད་ཨིན་རུང་ཁོ་རེད།།
- པདྨ་དབྱངས་ཅན།ཨ་ཁོ་རེད་སྟག་ཤར་གཞོན་མ་ལོ།།ཧུ་ཧུ་ཧུ་་་་་
- པདྨ་དབྱངས་ཅན།(ཁེན་ཇ་ཡེ་ཤེས་གནག་ཀུ།།?)
- པདྨ་དབྱངས་ཅན།(ཚུར་གྱི་མི་གཅིག་འཐུ་སོང་། །?)
- པདྨ་དབྱངས་ཅན།ལྷ་ཅུང་སྤང་གི་མེ་ཏོག།
- པདྨ་དབྱངས་ཅན།སྐྱོཝ་དང་མི་སྐྱོ་མིན་འདུག།
- པདྨ་དབྱངས་ཅན།ལས་དང་སྨོན་ལམ་ཡོདན།།
- པདྨ་དབྱངས་ཅན།རྒྱ་མཚོ་སྦུག་ལུ་འཛོམས་གེ།།
- པདྨ་དབྱངས་ཅན།ཨ་ཁོ་རེད་ཨིན་རུང་ཁོ་རེད།།
- པདྨ་དབྱངས་ཅན།ཨ་ཁོ་རེད་སྟག་ཤར་གཞོན་མ་ལོ།། །།