29 Aug 2018
4 min 10 sec
- ཉིམ་རྡོ་རྗེ་ Nim Dorji Nim Dorji: ཉིམ་རྡོ་རྗེ་རི་ཨ་གསལ་མར་གསལ་གསལ་ཡི་རི། །རི་ཨ་མཐོང་མི་མཐོང་མཐོང་མི་རི། །
- ཉིམ་རྡོ་རྗེ་ Nim Dorji Nim Dorji: ཉིམ་རྡོ་རྗེ་མར་མཐོང་མི་རི་ལས་མ་ལྟ་ཚེ། །མར་རྒྱ་ནག་གསེར་ཁྲི་གྱལ་ཁར། །
- ཉིམ་རྡོ་རྗེ་ Nim Dorjiབུམོ་བརྒྱ་བཟའམ་འདྲ་ཅིག་ཐགས་ཐག་དེས། །ཐགས་འཐག་པ་རྒྱ་ནག་ཡུལ་ལུ་ཐག །
- ཉིམ་རྡོ་རྗེ་ Nim Dorjiགཏམ་རྒྱ་བོད་འུར་གྲགས་བོད་ལུ་གོ །ཐགས་ཤིང་གཡས་པ་གསེར་གྱི་ཁྲི། །
- ཉིམ་རྡོ་རྗེ་ Nim Dorjiཐགས་ཤིང་གཡོན་པ་དངུལ་གྱི་ཁྲི། །བར་ན་ལག་ཐགས་དུང་གི་ཁྲི། །
- ཉིམ་རྡོ་རྗེ་ Nim Dorjiགསེར་གྱི་ཁྲི་གི་གུ་ལུ། །རྒྱ་ཡི་རྨ་བྱ་མདོངས་སྒྲོ་ཆགས། །
- ཉིམ་རྡོ་རྗེ་ Nim Dorjiདངུལ་གྱི་ཁྲི་གི་གུ་ལུ། །བོད་ཀྱི་ཁུ་བྱུག་སྔོན་མོ་ཆགས། །
- ཉིམ་རྡོ་རྗེ་ Nim Dorjiདུང་གི་ཁྲི་གི་གུ་ལུ། །ལྷོ་པའི་ཤང་ཤང་ཕད་ཀོ་ཆགས། །
- ཉིམ་རྡོ་རྗེ་ Nim Dorjiངེའི་མིང་བུམོ་རྒྱ་བཟའ་མ་བྱོནམ་ལས། །བྱ་འདི་ཚུ་ཁ་མཐོ་མི་འགྱོ་བས་སྦ། །
- ཉིམ་རྡོ་རྗེ་ Nim Dorjiབུམོ་རྒྱ་བཟའ་དགུང་ཇ་རནམ་ད། །བྱ་འདི་ཚུ་ཁ་མཐོ་འགྱོཝ་མས། །
- ཉིམ་རྡོ་རྗེ་ Nim Dorjiརྒྱ་ཡི་རྨ་བྱ་གདོངས་སྒྲོ་གིས། །ད་གོས་ཆེན་རྒྱ་ལས་ཐོན་མི་ལོ། །
- ཉིམ་རྡོ་རྗེ་ Nim Dorjiཇ་ཕུད་རྒྱ་ལུ་དྲང་དགོ་ལོ། །བོད་ཀྱི་ཁུ་བྱུག་སྔོན་མ་གིས། །
- ཉིམ་རྡོ་རྗེ་ Nim Dorjiཆོས་དམ་ཆོས་བོད་ལས་བའི་ལོ། །ཇ་ཕུད་བོད་ལུ་དྲང་དགོ་ལོ། །
- ཉིམ་རྡོ་རྗེ་ Nim Dorjiལྷོ་པའི་ཤང་ཤང་ཕོད་ཀོ་གིས། །ཆོས་དམ་ཆོས་བོད་ལས་དར་རུང་། །
- ཉིམ་རྡོ་རྗེ་ Nim Dorjiའཁྲུངས་སའི་ལྷོ་པའི་གཡུས་ཁ་ཨིན། །ད་གོས་ཆེན་རྒྱ་ལས་ཐོན་རུང་། །
- ཉིམ་རྡོ་རྗེ་ Nim Dorjiགྱོན་ས་ལྷོ་པའི་གཡུས་ཁ་ཨིན། །ལྷོ་ངག་དབང་རྣམ་རྒྱལ་ཇ་ཕུད་བཞེས་ཟེར། །
- ཉིམ་རྡོ་རྗེ་ Nim Dorjiརྒྱ་རྡོ་རྗེ་གླིང་གི་ཀ་ཀུ་རུ། །སོན་སྐྱེས་བ་ཀ་ལི་ཕུག་ལུ་སྐྱེས། །
- ཉིམ་རྡོ་རྗེ་ Nim Dorjiཨུ་ཐག་རྡོ་སྐྱོང་ལ་ཁ་མནར། །མེ་ཏོག་ལ་ཡག་གླིང་གཞི་ཤར། །
- ཉིམ་རྡོ་རྗེ་ Nim Dorjiརྡོག་མ་དགར་ས་རྫོང་ནང་བཏགས། །བྱེམ་སྤུ་ན་རྫོང་ནང་མི་ཕོག་ག། །
- ཉིམ་རྡོ་རྗེ་ Nim Dorjiབྱེམ་སྤུན་ན་རྫོང་ན་ཕོགན། །གཏམ་ལོ་རྒྱུས་ག་དེ་སྦེ་སླབ་ནི་སྨོ་ལགས། །
- ཉིམ་རྡོ་རྗེ་ Nim Dorjiགངས་ལྷ་ཤིང་བཤུག་པའི་མགུ་ལྡན་ལྡན། །མགུ་ལྡན་པའི་ཕྱོགས་སུ་མ་བུ་གཡུར་དྲང་། །
- ཉིམ་རྡོ་རྗེ་ Nim Dorjiརྩ་བོ་ར་པ་གཉིས་ལུ་འཁྱེག་བཏགས་ཏེ། །མགུ་ལྡན་པའི་ཕྱོགས་སུ་བུ་གཡུར་འདི། །
- ཉིམ་རྡོ་རྗེ་ Nim Dorjiདཔོན་ཁྲི་གདུགས་ཤར་ཏེ་བཞུ་ཡི་སྦ། །རྩ་བོ་ར་པ་གཉིས་ཀྱི་འཁྱེག་ད་འདི། །
- ཉིམ་རྡོ་རྗེ་ Nim Dorjiདཔོན་ཁྲི་གདུགས་ཤར་རུང་བཞུ་མ་བཏུབ། །ནཱ་རྐང་མི་གཉིས་ལུ་འཁྲུལ་སྣང་ལང་། །
- ཉིམ་རྡོ་རྗེ་ Nim Dorjiགོ་རས་ཀྱི་མཐའ་མར་སྒྲིལ་ཅུང་དང། །གོ་རས་ཀྱི་མཐའ་མའི་སྒྲིལ་ཅུངའདི། །
- ཉིམ་རྡོ་རྗེ་ Nim Dorjiཆུ་སྤོས་དཀར་གཟར་གྱི་གཟར་ཁ་ལས། །ཆུ་རྦལ་ཟིམ་གཅིག་གིས་དག་བཅུག་རུང་། །
- ཉིམ་རྡོ་རྗེ་ Nim Dorjiནཱ་ཕངས་པའི་ཧིང་གི་འཁྲུལ་སྣང་འདི། །རྩིས་གདོང་སྐོར་རྐྱབ་རུང་སངས་མ་ཚུགས། །
- ཉིམ་རྡོ་རྗེ་ Nim Dorjiད་ ནཱ་ལས་ ཆུམོ་གངས་ལས་འབབ་པའི་ཤང་ཤང་འདི། །ཤང་ཤང་གངས་ལས་འབབ་ཚེ་ལེགས་མི་ལེགས། །
- ཉིམ་རྡོ་རྗེ་ Nim Dorjiཤར་ཤར་མཚོ་ལུ་འཁྱིད་ཚེ་འཇའ་མི་འཇའ། །རྦལ་ཟིམ་རླུང་གིས་གཡབ་ཚེ་བསིལ་མི་བསིལ། །
- ཉིམ་རྡོ་རྗེ་ Nim Dorjiགནགཔ་རྫ་པ་ཚེ་ཕངས་མི་ཕངས། །གནགཔ་རྫ་པ་ཐིམ་རུང་ཕངས་མི་ཕོག །
- ཉིམ་རྡོ་རྗེ་ Nim Dorjiདངུལ་དཀར་བུམ་པའི་ནང་ལུ། །ཁྲུས་ཆུ་གསར་རྙིང་སོར་བ། །
- ཉིམ་རྡོ་རྗེ་ Nim Dorjiཆུ་གཙང་ཆུ་ང་ར་དགོ་ནི། །ང་ལོག་ནི་མེན་པའི་གཙང་ཆ་མེན། །
- ཉིམ་རྡོ་རྗེ་ Nim Dorjiཤར་ནི་ཡོད་མི་ཁྲི་གདུགས་ཨིན། །
- ཉིམ་རྡོ་རྗེ་ Nim Dorjiགཞན་ཁར་ཞིང་ལས་ཀྱི་ཚིག་ཁར། །ནག་ཞིང་ལས་ཀྱི་མཐའ་མར། །
- ཉིམ་རྡོ་རྗེ་ Nim Dorjiནོར་བ་ནོར་མང་ས་ཕརཝ་དོ་མས། །ཡང་འཕར་བའི་གསང་ལམ་བཀག་དགོ་པས།
- ཉིམ་རྡོ་རྗེ་ Nim Dorjiཡངན་བུ་ཅུང་སྒོ་རས་རྐྱབ་དགོ་པས། །འཕར་བའི་གསང་ལམ་བཀག་པ་འདི། །
- ཉིམ་རྡོ་རྗེ་ Nim Dorjiརོགས་དཔལ་ལྡན་ལྷ་མོའི་ཤ་ཁྱི་མས། །ང་བུ་ཅུང་སྒོ་རས་རྐྱབ་དགོ་པས་ལོ། །
- ཉིམ་རྡོ་རྗེ་ Nim Dorjiཤིང་བྱི་རུང་ཤིང་ཅིག་བྱི་ཤིང་། །ཤིང་བྱི་རུ་ཤིང་གི་རྩེ་མོ་ལས། །
- ཉིམ་རྡོ་རྗེ་ Nim Dorjiབྱ་ཆེ་བ་འཁོར་ཅིག་ཆུང་མ་འཁོར། །ཆེ་བ་ལྷ་བྱ་གོངམ་འཁོར། །
- ཉིམ་རྡོ་རྗེ་ Nim Dorjiཆུང་མ་བྱི་ཅུང་རང་ཡང་འཁོར། །རོགས་ལྷ་བྱ་གོང་མའི་ལུས་ཤོང་མ། །
- ཉིམ་རྡོ་རྗེ་ Nim Dorjiང་བྱི་ཅུང་གཅིག་གི་སེམས་མ་ཤོང་། །སེམས་མ་ཤོང་ཙམ་ཅིག་རྒྱ་གཡུས་བསྐོར། །
- ཉིམ་རྡོ་རྗེ་ Nim Dorjiརྒྱ་གཡུས་བསྐོར་སའི་ལམ་ཁར་ལུ། །ཡོདཔ་ཚད་པ་འགོར་འདི་མི་ཤི་ཡོད །
- ཉིམ་རྡོ་རྗེ་ Nim Dorjiཡོདཔ་ཚད་པ་དགོ་འདི་ཤི་ཟེརན། །གཏམ་ལོ་རྒྱུས་ག་དེ་སྦེ་སླབ་ནི་སྨོ་ལོ། །
- ཉིམ་རྡོ་རྗེ་ Nim Dorjiཁྱོད་གླང་ཅུང་ལྦ་ག་བཀྲ་ཤིས་འདི། །རྩ་རི་ནག་ཚལ་ལས་ཟ་ཟེར་བ། །
- ཉིམ་རྡོ་རྗེ་ Nim Dorjiཡར་དཀར་པོའི་གོང་ལུ་འཛེག་སར་ནུག །ཡར་དཀར་པོའི་གོང་ལུ་འཛེག་ཚརན། །
- ཉིམ་རྡོ་རྗེ་ Nim Dorjiམཐོཝ་རི་ནག་དཔོན་པོའི་མ་ཚོར་ག །མཐོཝ་རི་ནག་དཔོན་པ་མ་ཚོརན། །
- ཉིམ་རྡོ་རྗེ་ Nim Dorjiཁྱོད་གླང་ཅུང་བཟའ་བར་བཟའ་གེ །མཐོཝ་རི་ནག་དཔོན་པ་ཚོརན། །
- ཉིམ་རྡོ་རྗེ་ Nim Dorjiཁྱོད་གླང་ཅུང་ས་ཐག་བཅད་འོང་མས། །
- ཉིམ་རྡོ་རྗེ་ Nim Dorjiལམ་དགུང་ལྟག་ལ་མོའི་ལ་གུ་ལས། །མདེཝ་རྒྱ་ཡི་དབྱངས་དཀར་འཁྲུངས་ནུག་ལོ། །
- ཉིམ་རྡོ་རྗེ་ Nim Dorjiཡར་འཁྲུངས་ནུག་ཟེར་རུང་བདེན་འཛིན་འོང་། །ཡར་ལ་གུ་མཐོ་བ་ཨིན་མས། །
- ཉིམ་རྡོ་རྗེ་ Nim Dorjiམདའ་མཇུག་ལྕགས་ཀྱིས་རྒྱན། །མདའ་བར་དར་གྱི་རྒྱན། །
- ཉིམ་རྡོ་རྗེ་ Nim Dorjiམདའ་མགུ་སྒྲོ་གིས་རྒྱན། །ཨམ་ཅེམ་ཅེ་བཟང་མོའི་ཕོ་བྲང་ནང་། །
- ཉིམ་རྡོ་རྗེ་ Nim Dorjiམཇུག་ཕྱེད་ཀྲམ་བཙོང་རུང་ཡང་ང་མི་སླབ། །འཕྲལ་ལྕམ་ད་དགོ་ཟེར་ཡང་རང་མི་སླབ། །
- ཉིམ་རྡོ་རྗེ་ Nim Dorjiརྒྱུ་ཆ་དང་གཡང་བརྐུ་ཆེ་གེ་ལོ། །