Skip to main content Skip to search
23 Aug 2018
3 min 14 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཀུན་བཟང་དབང་མོ་ Kuenzang Wangmo
    གཙང་མོ་གཙང་ནས་ལ་ཡོང་དུས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    གཙང་མོ་ལ་ལྷ་དང་ལ་འདྲ་སོང་།
  • ཀུན་བཟང་དབང་མོ་ Kuenzang Wangmo
    འགམ་པ་ལ་ལ་སླེབས་ཚེ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    གཙང་མོ་སྤྲེའུ་ལ་(འགྱུར་སོང་)།སྐད་ཨ་ཙི་ཅིག་གཏུ་ཕེ་ཕེ་སྦེ་ཡར་སོང་ནུག་ད་ག་དེ་སྦེ་འབད་ན།ཧ་ཧ་(speaker laughs)
  • ཀུན་བཟང་དབང་མོ་ Kuenzang Wangmo
    དཀར་ཡོལ་དཀར་སངས་ལ་གཅིག་ལ། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    རི་མོ་བཀྲ་ཤིས་ལ་རྟགས་བརྒྱད། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    དཀར་ཡོལ་ཀྲུམ་ན་མ་གཏོགས། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    རི་མོ་ལ་ཡལ་ས་མིན་འདུག །
  • ཀུན་བཟང་དབང་མོ་ Kuenzang Wangmo
    བྱ་འདི་ལ་སྐལ་བཟང་ལ་འཁྲུངས་བྱུང་།
  • ཀུན་བཟང་དབང་མོ་ Kuenzang Wangmo
    སྐུ་ལུས་ཕྱེ་ཀ་ལ་བྱས་ན།
  • ཀུན་བཟང་དབང་མོ་ Kuenzang Wangmo
    རང་གི་ཆུང་འདྲིས་བྱམས་པ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    སེམས་པ་ལ་གཅིག་ཁར་ཕྱེ་ན།ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྩང་མོ་གི་གདངས་ག་དེམ་ཅིག་ཡོད་ག་ལགས་མ་པ་གདངས་སོ་སོ་སོ་སོ་འབད?
  • ཀུན་བཟང་དབང་མོ་ Kuenzang Wangmo
    གདངས་འདི་ཏེ་ལ་ལུ་ཅིག་གིས་ སྨོ་ཡ་ཟེར་འཐེན་མས་ལ་ལུ་གིས་ ཨ་ནཱི་སྦེ་འཐེན་མས་སྨོ་ལ་ལུ་ཅིག་གིས་ ག་དེ་སྦེ་སྨོ་ད་ མི་ཤེས་པས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྩང་མོ་གི་གདངས་ངོ་མ་འ་ནཱི་ཨིན་ཟེར་ ཡོད་ག་ལགས་ ངོས་འཛིན་འབད་དེ?
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་སྦེ་ར་འཐེན་མས་ཧེ་མ་ང་བཅས་ཀྱིས་ཚོརཝ་ད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མང་ཤོས་རང་ད་ལྟོ་བཟུམ་ཅིག་འཐེན་མས་ཡ?
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    སྨོ་ཡ་ སྨོ་ཡ་ཟེར་ཡང་འཐེན་འོང་ག་འཐེན་ནི་འདི?
  • ཀུན་བཟང་དབང་མོ་ Kuenzang Wangmo
    འཐེན་མས་ སྨོ་ཡ་ཟེར་ཡང་འཐེན་མས་ སྨོ་ཡ་ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ ད་རུང་ཡོད་ག་ལགས་ (Laughs) དག་པ་ཅིག?
  • ཀུན་བཟང་དབང་མོ་ Kuenzang Wangmo
    དག་པ་ཅིག་འཐེན་བཏུབ་མིན་འདུག་ ག་ར་སླ་བསྲེས་འགྱོ་སྟེ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཁྱོད་ནི་རྒྱ་མཚོའི་ཕར་ཁར་སྨོ་ཡ། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    ང་ནི་རྒྱ་མཚོའི་ཚུར་ཁར་སྨོ་ཡ།།ཟེར་ཡང་འཐེན་མས་མེན་ན་ལགས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ལས་དང་སྨོན་ལམ་ཡོད་ན་སྨོ་ཡ།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    རྒྱ་མཚོའི་སྦུག་ལ་འཛོམས་ཤོག་སྨོ་ཡ། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཁྱོད་ནི་ལ་མོའི་ཕར་རི་སྨོ་ཡ། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    ང་ནི་ལ་མོའི་ཚུར་རི་སྨོ་ཡ། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    ལས་དང་སྨོན་ལམ་ཡོད་ན་སྨོ་ཡ། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    ལབ་རྩའི་སྦུག་ལ་འཛོམས་ཤོག་སྨོ་ཡ།།ཟེར་འཐེནམ་མས་འ་ནཱི་སྦེ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཁྱོད་ནི་སྤང་མའི་ཕ་རི་སྨོ་ཡ། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    ང་ནི་སྤང་མོའི་ཚུར་རི་སྨོ་ཡ། །
  • ཀུན་བཟང་དབང་མོ/Kuenzang Wangmo:ལས་དང་སྨོན་ལམ་ཡོད་ན་སྨོ་ཡ། །
  • ཀུན་བཟང་དབང་མོ/Kuenzang Wangmo:སྤང་གི་སྦུག་ལ་འཛོམས་ཤོག་སྨོ་ཡ།།ཟེར་འ་ནེམ་ཅིག་ཨིན་རྩང་མོ་འདི་ལོགས་སུ་སྦེ་ ག་ཅི་འོང་པ་ཏེ་ཁོང་རའི་འཇའ་ཧིང་དང་འཁྲིལ་ཏེ་འཐེན་མས་མེན་ན་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ནཱ་བུམ་ཐང་པའི་ཁ་སྐད་ནང་སྦེ་ཡང་འཐེན་ནི་ཡོད་ག་ལགས་ རྩང་མོ་ཁྱེ་ཕྱེ་ནི?
  • ཀུན་བཟང་དབང་མོ་ Kuenzang Wangmo
    བུམ་ཐང་པའི་ཁ་སྐད་ནང་འདི་ མི་འཐེན་མས་མེན་ན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ནཱ་སྟང་ལུ?
  • ཀུན་བཟང་དབང་མོ་ Kuenzang Wangmo
    མི་འབད། དེ་སྦེ་འདི་མི་འཐེན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ང་བཅས་ཁེངས་ཀྱི་ནང་འབད་བ་ཅིན་ རང་རང་སོའི་ ཁ་སྐད་ནང་སྦེ་ཡང་བརྩམས་ཏེ་ རང་གི་རིག་པ་གི་ཐོག་ལས་འབད་བརྩམས་ཏེ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་ དེ་སྦེ་འདི་མི་འཐེན་མས་ བོད་ཁ་དང་ རྫོང་ཁ་ནང་མ་གཏོགས་ འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ འ་ནེམ་ཅིག་ཨིནམ་འོང་ད་?
  • ཀུན་བཟང་དབང་མོ་ Kuenzang Wangmo
    ལགས་སོ། ་