Skip to main content Skip to search
20 Jun 2018
4 min 7 sec
Video Overview
Creators: 
Karma Yezor

This short video is an account of Tshangmo, including a few lines of Tshangmo by Dokami from Norbugang village in Punakha. He shares an experience of narrating Tshangmo when he was around thirty-two years old, while chatting with his neighbors. They decided to narrate Tshangmo after dinner while they removed maize kernels. A Tibetan woman tried to compete with Dokami.

ུསྤུན་ན་ཁ་རྫོང་ཁག་ ནོརཔ་སྒང་ལས་ རྡོ་བཀག་མི་གིས་ གློག་བརྙན་འདི་ནང་ རྩང་མོའི་བཤད་པ་རྐྱབ་དང་སྦྲགས་ཏེ་ རྩང་མོ་དག་པ་ཅིག་འཐེནམ་མ་ཚད་ ཁོ་གིས་ ཁོ་ར་ཆུང་ཀུ་སྦེ་སྡོད་པའི་ནམ་དུས་ལུ་ རྩང་མོ་སླབ་པའི་སྐོར་ལས་ ཉམས་མྱོང་ཚུ་བརྗེ་སོར་འབདཝ་ཨིན་པས། ཨཔ་རྡོ་བཀག་མི་གིས་ སྐྱེས་ལོ་ ༣༢ སྦེ་སྡོད་པའི་སྐབས་སུ་ ཁྱིམ་ཚང་ཚུ་དང་གཅིག་ཁར་ བཤད་རྟོགས་བཏང་སྦེ་སྡོདཔ་ད་ ཕྱི་རུའི་ལྟོ་བཟའ་ཚར་ཞིནམ་ལས་ གེ་ཟ་སྤོག་པའི་སྐབས་ རྩང་མོ་ཚུ་བརྗེ་སོར་འབདཝ་ད་ བོད་པའི་ཨམ་ཅིག་གིས་ ཁོ་དང་གཅིག་ཁར་ དོ་འགྲན་འབད་བའི་སྐོར་དང་ དང་ཕུགས་རྩང་མོའི་ལམ་སྲོལ་ འ་ནཱེ་སྦེ་ཡོད་པའི་སྐོར་ལས་ བསམ་འཆར་བརྗེ་སོར་འབདཝ་མས། 

Transcript search
No results found for this search
0 of 0
  • རྡོ་བཀག་མི
    ང་བཅས་རྟ་ལོག་ལུ་ ཏེ་ལོ་ཆུང་ཤོས་ཅིག་འབད་ ཡུདཔ་ཅིག་ལོ་སུམ་ཅུ་སོ་གཉིས་དེ་ཅིག་གི་དུས་སྦེ་འབད་བའི་བསྒང་ རྟ་ལོག་ལུ་གེ་ཟ་སྤོགས་ཏེ་སྦེ་ ཏེ་ཕྱི་རུ་ ཏེ་ང་བཅས་ར་བློ་རྐྱབ་སྦེ་འབད་ བཤད་ཐོ་གཏང་སྦེ་སྡོདཔ་ད་ ཏེ་ཆ་རོགས་ཚུ་གིས་ ཏེ་ད་དབའེ་ གཙང་མོ་ཚར་ཅིག་བཏབ་ཟེར་ ཏེ་དེ་ལས་གཙང་མོ་བཏབ།
  • རྡོ་བཀག་མི
    ང་བཅས་གྲས་ལུ་ ཏེ་བོདམོ་གཅིག་དང་ཨཔ་གཅིག་ཡང་ཡོདཔ་ཨིན། ཏེ་ཁོ་གཉིས་ཡང་བལྟ་སྦེ་འབད་ སྟབས་ཅིག་ཁར་འབད་བཏབ་བཏབ་ཨིན། ཏེ་དེ་ལས་གཙང་མོ་འདི་ང་གིས་ཡར་ལས་མར་ལུ་དང་མ(པ)།
  • རྡོ་བཀག་མི
    དགུང་དང་སྤྲིན་གྱི་མཚམས་ལུ། །འབྲུག་གི་ལ་སྒོང་རྡོག་འབུད་ཡོད། །འདི་གུ་ལག་པ་མ་འདོགས། །རིན་ཆེན་ལ་སྲོག་དང་འབྲལ་འོང་། །ཟེར་ ཏེ་ང་གིས་གཙང་མོ་འ་ནཱི་མགུ་བཙུགས་རྐྱབ་པའི་འཕྲོ་ལསན།
  • རྡོ་བཀག་མི
    ཏེ་ཡར་ལས་མར་གྱི་ཨམ་འདི་གིས་ང་འགྱིམ་ དབའེ་རྡོ་བཀག་མི་ཟེར་ཏེ་ དགུང་དང་སྤྲིན་གྱི་མཚམས་ལས། །འབྲུག་གི་སྒོང་རྡོག་འབུད། །འདི་གུ་ལག་པ་མ་འདོགས། །རིན་ཆེན་སྲོག་དང་འབྲལ་ཟེར་ གཙང་མོ་ལུང་པ་འདི་ལ་ག་བ་ཡོང་ཟེར་ ཏེ་ཨམ་འདི་གིས་ང་འགྱིམ་ ཧད་བཏགས་འཚོལ་ཏེ་ ཏེ་དེ་ལས་ང་གིས་ ཨ་མ་ག་དེ་སྦེ་ཨིན་ན་ཟེརཝ་ད་ ཁྱོད་ར་རྣམ་ཅོ་ཚུར་ཉོན་མ་རེད་རྡོ་བཀག་མི་ཟེར་ ཏེ་ང་འེང་ཟེར་སླབ་ད ཨམ་འདི་གིས།
  • རྡོ་བཀག་མི
    གནམ་དང་སྤྲིན་པའི་ཧང་ལྷ(བར་ལ)། །(བྱ་ས་ལ་འབྲུག་གི་སྤུང་ལ། །འབྲུག་གི་ཤེས་ཟེར་ན་ཞུ། །ལག་མོ་ཅིག་གི་ལ་འཁྱིལ་འདུག?) །ཟེར་ གནམ་དང་སྤྲིན་གྱི་བར་ལ། །བྱ་ཚང་འབྲུག་གི་སྒོ་ང་། །(གྲོགས་པའི་ཤེས་ཟེར་གནང་ད། །ལག་པ་ཚད་པའི་འཁྱིལ་འདུག?) །ཟེར་ བཤད་པ་འདི་འབྲུག་པའི་གཡུས་ཁ་རྐྱབ་མི་དགོ (ཕོ་ཤེས་པ་བཏང་ན་རྩོད་པ་གང་དྲག་ཡིན་ཟེར།?)
  • རྡོ་བཀག་མི
    ཏེ་དེ་ལས་འདི་གི་སྦོ་ལོགས་ཨམ་འདི་གི་ ཏེ་ཕོ་རྒས་བོདཔ་ཅིག་ཡོདཔ་ཨིན། སྤ་འདི་གིས་ ད་རེས་འབདན་ངེའི་ཨམ་འདི་གིས་གཙང་མོ་ཅིག་ (སྐད་ཅིག་ཟེར་ཅིག་?)བཏང་ཡི་ས་ ཛའི་་་་་ མོ་གཙང་མོ་འདི་(ཡོ་ཁག་ཀྲ་?)ཡོད་ཟེར།
  • རྡོ་བཀག་མི
    མི་ཁྱོད་རང་ཁ་བཙུམ་སྡོད་ཅིག་ བྱིནམ་ཐག་འདི་སྤུ་ར་(ག་ར་)སྤུ་གིས་གང་ མི་ཁྱོད་བཟོ་བལྟ་འདི་ ངེའི་གཙང་མོ་སྐྱོན་ཁྱོད་བཏགས་མི་དགོ་ཟེརཝ་ད་ ཏེ་དེ་ལས་ ང་བཅས་ཀྱིས་ཨ་མ་ ད་དེ་སྦེ་མ་འབད་ ད་རུང་ཡང་གཅིག་གཏང་གནང་ཟེརཝ་ད་ ཏེ་དེ་ལས་མོ།
  • རྡོ་བཀག་མི
    ལྕང་མོ་ཡར་ར་ལ་ཡར་ཤོག །ལྕང་རྟ་མར་ར་ལ་མར་ཤོག །ལྕང་པ་ལྕང་རྟ་ཕར་ལ། །བྱི་ཅུང་ལས་ཀྱིས་ལ་འཁོར་ཡོང་། །ཟེར་ ལྕང་མོ་ཡར་ར་ཡར་ར། །ལྕང་རྟ་མར་ར་མར་ར། །ལྕང་པ་ལྕང་རྟ་ཕར་ལ། །བྱི་ཅུང་ལས་ཀྱིས་འཁོར་ཡོང་། །ཟེར་ མོ་འ་ནཱི་བཤད་པ་རྐྱབ་སྦེ་ཤུལ་ལསན།
  • རྡོ་བཀག་མི
    ཏེ་དེ་ལས་ མོ་གི་བུ་གཅིག་ཡོདཔ་ཨིན། བུ་འདི་གིས་ ཨ་་་་ ད་རེས་རོགས་ནཱ་ཁོང་འབྲུགཔ་འཛོམས་ས་ལུ་ ཁྱོད་ཀྱི་བཤད་པ་དེམ་གཏང་མི་དགོ་ཟེརཝ་ཅིག་ ཏེ་དེ་ལས་ ཏེ་ཨཔ་འདི་ཙིགཔ་ཟ་ དབའི་ད་ལྟོ་ང་བཅས་བཤད་ཐོ་བཏངམ་མ་གཏོགས་ ང་ཁྱོད་ཨམ་ལུ་ཕོག་པའི་ལོ་རྒྱུས་ག་ནི་ཡང་མ་སླབ་ཟེར།
  • རྡོ་བཀག་མི
    ཁྱོད་དཔེ་ཆ་ལྟ་ཟེརན་ སྤུ་ནས་གཞུངམ་འབད་སྤུ་ནས་མི་ལྟ་མི་ཁྱོད་བཟོ་འདི་གིས་ཟེར་ ཁོ་རང་གཡུས་བསྐོར་རང་རྐྱབ་ བཤལ་ཏེ་རང་སྡོད་དེ་ དཔེ་ཆ་ལྟ་ཟེར་ སྤུ་ནས་མི་ལྷབ་ ཏེ་ལྟ་ཟེརན་ མར་ཁྱིམ་ནང་འོང་སྟེ་དུམ་གྲ་ཅིག་ལས་ལྟ་ནི་མེད་ འདི་ཡང་ཁ་རྒོལ་ (མིག་ཏོ་གེ་བ་དེམ་གྲལ་དགོ?)
  • རྡོ་བཀག་མི
    (ཁ་གི་ནང་ལོག་རུང་ལོག་ཕར་ལོག་རུང་སྒོ་ཤར་ནུབ་རུང་འགྱོ་ཚད་སྤུ་ནས་གུ་པ་མེད་མས།?) དྲན་པ་བཏོན་ཤིག་ ང་བཅས་ད་རེས་ནཱ་ མི་འཛོམས་ས་ང་བཅས་ར་གཙང་མོ་བཏབ་དགོ་པས་ཟེར་ བཤད་པ་བཏངམ་མ་གཏོགས་ཅིག་པོ་ལུ་ ང་བཅས་འཐབ་ནི་གི་ལོ་རྒྱུས་ག་ནི་ཡང་མེད་ཟེར།
  • རྡོ་བཀག་མི
    ཏེ་དེ་ལས་ ཨཔ་འདི་གིས་ ཏེ་ད་རུང་ཡང་ ད་ང་བཅས་ད་རེས་ཙིགཔ་ཟ་ཡང་མི་དགོ་པས། ད་ང་བཅས་ར་བཤད་ཐོ་ཚར་ཅིག་བརྡུང་ ཁམས་པའི་གླུ་ཅིག་ཕུལ་གེ་ ཟེར་བའི་ཤུལ་ལསན།
  • རྡོ་བཀག་མི
    ཕག་རི་ཡར་ལུང་པའི་ཞིང་ཁམས་བོད་ཁམས་མདོ་རེ་ལོ། །ཕག་རི་ཡར་ཤེས་ཟེར་ན་རང་གི་ཁྱིམ་ལུ་རེ་ལོ། །(སྤག་པའི་ཟེར་?) ང་བཅས་བོད་ལུང་པ་འབདན་ཁམས་པའི་གླུ་འདི་འ་ནཱི་(བགྱངམ་?)ཨིན་ཟེར།། །།