Skip to main content Skip to search
23 Aug 2018
1 min 48 sec
Video Overview
Creators: 
Penchela, Yeshi Wangchuk

Kuenzang Wangmo discussed riddles. She is not sure where these riddles originated. In the past, during big gatherings such as festivals, meetings or gatherings of cow herders, people used to tell riddles in order to check one's wisdom and knowledge. Today, such practices are decling at an alarming rate. Whenever people gathered, for instance during new year, festivals, at the workplace, during leisure times, and most commonly between cow herders, people would tell riddles. One examle of such a riddle is: "a big red cow is sleeping in cave, what is it?" The answer is "our tongue." If the other party cannot answer the riddle, he or she has to give a dzong (fortress) as a punishment.

 

ཀུན་བཟང་དབང་མོ་གིས་ གབ་ཚིག་འདི་གིས་སྐོར་ལས་ བཤད་འདི་ཡོདཔ་ཨིན་མས། དེ་འབདཝ་ད་ འབྱུང་ཁུངས་ཚུ་སྐོར་ལས་ མེད་ཤེད་དོ་ཡོདཔ་ཨིན་མས། ཧེ་མ་འབད་བ་ཅིན་ ང་བཅས་ར་འཛོམས་འདུ་འབད་བའི་བསྒང་དང་ དེ་ལས་དུས་སྟོན་སྐབས་ དེ་ལས་ནོར་རྫིབ་ཚུ་ འཛོམས་པའི་སྐབས་ གཅིག་གིས་གཅིག་ལུ་ ཡོན་ཏན་བལྟ་ནི་དོན་ལུ་ བཤད་དོ་ཡོདཔ་ཨིན་མས། ད་རེས་ནང་པ་འབདཝ་ད་ ན་གཞོན་ཚུ་གིས་ སྤྲོ་བ་སྐྱེད་མི་མེདཔ་ལས་བརྟེན་ ཉམས་འགྱོ་དོ་ ཡོདཔ་ཨིན་མས། ཁོ་གིས་གབ་ཚིག་འདི་ འབད་བའི་སྐབས་ དཔེ་འབད་བ་ཅིན་ བྱག་ཕུག་སྦོམ་ཅིག་གིས་རྩ་བ་ སེམས་ཅན་ཅིག་ རྩ་བཟའ་སྡོད་ནུག་ཟེར་ འབྲི་བ་ བཀོད་བའི་སྐབས་ ག་གིས་ལན་ཕོག་མི་ལུ་ རྫོང་བྱིན་དོ་ཡོདཔ་ཨིནམ་དང་ དེ་ལས་ ལན་མ་ཕོག་བ་ཅིན་ ཉེས་ཁྲིམས་ཕོག་དོ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཆུམ་སྤར་རི་གཉིས་བླུགས་ནུག་ འདི་ག་ཅི་ཨིན་ན་ཟེར་སྨོ?
  • ཡེ་ཤེས་དབང་ཕྱུག་/Yeshi Wangchuk: འ་ནཱི་བཟུམ་ཅིག་དག་པ་ཅིག་ དཔེ་དག་པ་ཅིག
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ འདི་ལུ་ང་བཅས་རའི་ སོ་ལུ་སླབ་ཨིན་ཟེར་ ཨིན་པས་མེན་ན་ ཆུམ་སྤར་རི་གཉིས་བླུགས་ནུག་ཟེར།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ མིག་མཐོང་ཁ་མཐོང་མཉམ་མཉམ་པ་ཟེར་སླབ་ད་ལུ་ ཆ་རོགས་ཀྱིས་ མཉམ་མཉམ་ཟེར་སླབ་འོང། ཏེ་ ག་ཏེ་གུ་ཏེ་ བྱག་ཕུག་ཅིག་གི་ནང་ གླང་དམརཔོ་གཅིག་ཉལ་ཏེ་འདུག་ ག་ཅི་ཨིན་པས་གོ་ཟེར?
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ ལན་སླབ་མ་ཚུགས་པར་སྡོད་འོང་ ཏེ་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ ལྕེ་ལུ་སླབ་ཨིན་པས། ལྕེ་ལུ་འོང་།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ མིག་མཐོང་མཉམ་མཉམ་པ་ཟེར་ དེ་ལས་ རོགས་ཀྱིས་མཉམ་མཉམ་ཟེར་སླབ་འོང་ དེ་ལས་ ཁྱོད་ཀྱིས་ལྟཝ་ད་ལུ་ ཏེ་ ག་ཏེ་གུ་ཏེ་ཅིག་ གི་ཁུག་ཅིག་ནང་ ཤ་མུ་སྐྱེས་ནུག་ག་ཅི་ཨིན་པས་ཟེར?
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཤ་མུ་ཟེར་ སླབ་མ་ཤེས་པར་སྡོད་འོང་ ཨ་ལོ་འདི་ཚུ་གིས་ ཤ་མུ་སླབ་མ་ཤེས་པར་སྡོད་འོང་ ཏེ་ ཨ་ནཱི་ང་བཅས་རའི་རྣམ་ཅོ་ལུ་ ཤ་མུ་ཟེར་སླབ་འོང་ ཤ་མུ་རྣམ་ཅོ་ཨིན་པས་ཟེར།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཧི་ཧི་་་(speaker laughs) འ་ནཱི་བཟུམ་ཅིག་བཤད་ནི་འདུག་ མིག་མཐོང་ཁ་མཐོང་མཉམ་མཉམ་པ་ཟེར་ ཏེ་ མཉམ་མཉམ་ཟེར་བ་ཅིན་ཏེ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ ག་ཏེ་གུ་ཏེ་ཅིག་ ཚལ་མ་གནམ་མེད་ས་མེད་ཚལ་མ་སྦོམ་ཅིག་འདུག་ ག་ཅི་ཨིན་པས་གོ་ཟེར་ དེ་ལས་ འདི་ཚལ་མ་ག་ཏེ་སྨོ་ཟེར་དྲིཝ་ད་ ཚལ་མ་སླབ་མ་ཤེས་པར་སྡོད་འོང་ ཆ་རོགས་འདི་ཚུ་གིས་ ཏེ་ ང་བཅས་ཀྱི་སྐྱ་ལུ་སླབ་མས་མེན་ན་ སྐྱ་ལུ་ཚལ་མ་ཨིན་པས་ཟེར།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ འ་ནཱི་བཟུམ་ཅིག་བཤད་ནི་འདུག་སྨོ? དེ་ལས་ མིག་མཐོང་ཁ་མཐོང་མཉམ་མཉམ་པ་ཟེར་ མཉམ་མཉམ་ཟེར་བ་ཅིན་ སྒང་ཏོ་ཅིག་གི་རྩ་བ་ལུ་ བྱ་ཕུག་གཉིས་འདུག་ འདི་ག་ཅི་སྨོ? ཟེར་དྲིཝ་ད་ལུ་ ཏེ་ འདི་ང་བཅས་ཀྱི་ ལྷ་པ་ཨིན་མས་སྨོ་ འ་ནཱི་སྦེ་སླབ་མས་ཏེ་ ཧེ་མ་གི་ དཔེར་གཏམ་འ་ནཱི་བཟུམ་ཅིག་བཤདཔ་མས་ཏེ་ གཞན་ག་ཅི་ཤེསཔ་འོང་ནི་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མ་ཤེས་པ་ཅིན་་་་??? Video got cut