Skip to main content Skip to search
20 Jun 2018
2 min 39 sec
Video Overview
Creators: 
Monika Subba, Kencho Wangmo

Karabir Pradhan from Saduzhima village in Samtse district narrated this proverb, in Lhotshamkha (Southern Bhutanese dialect). Proverbs are normally used while speaking with elders, to speak poetically and for (informal) educational purposes. If a person is skilled at using proverbs while speaking, most people will consider him or her sophisticated. In this video, Karabir Pradhan shared three different proverbs.

བསམ་རྩེ་རྫོང་ཁག་ ས་དུ་ཞི་མ་གཡུས་ཚན་ནང་ལས་ ཀ་ར་བིར་པར་དན་གྱིས་ ལྷོ་མཚམས་ཀྱི་ཁ་སྐད་ཐོག་ལས་ དཔེ་གཏམ་བཤད་དེ་ཡོདཔ་ཨིན། དཔེ་གཏམ་འདི་ བློ་སླབ་པའི་སྐབས་ལུ་ བློ་ཚུ་ཧན་ཏོང་ཏོ་སྦེ་གོ་ནི་དང་ བློ་གིས་དོན་དག་ཚུ་ གསལ་ཏོག་ཏོ་སྦེ་གོ་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན། གལ་སྲིད་ བློ་སླབ་པའི་སྐབས་ ཐོག་ཆགས་མེད་པར་ དཔེ་གཏམ་ཚུ་ལག་ལེན་འཐབ་སྟེ་ སླབ་ཚུགས་པ་ཅིན་ མི་འདི་ གོ་ཤེས་ཅན་དང་ ཉམས་མྱོང་ཅན་ཅིག་སྦེ་བརྩི་སྟེ་ མི་ཚུ་གིས་ དགའ་ཚོར་བསྐྱེད་དོ་ཡོདཔ་ཨིན། ཨ་ནཱི་གློག་བརྙན་འདི་ནང་ ཀ་ར་བིར་པར་དན་གྱིས་ ལྷོ་མཚམས་པའི་ཁ་སྐད་ཐོག་ལས་ དཔེ་གཏམ་མ་འདྲཝ་གསུམ་བཤད་དེ་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • མོན་བཱ་དུར་པར་དཱཎ
    ལཱ་བསགས་བཞག་པ་ཅིན་རང་ལུ།། བཞེས་སྒོ་བསགས་བཞག་པ་ཅིན་རོགས་ལུ།། ཟེར་སླབ་མི་འདི་ ལཱ་འདི་ཚུ་མ་འབད་བར་བཞག་པ་ཅིན་རང་ལུ་ དེ་ལས་བཞེས་སྒོ་འདི་གོ་ལེ་འབད་བཟའ་དགོ་པས་ཟེར་བ་ཅིན་ ཆ་རོགས་ཅིག་འོང་སྦེ་ དེ་ལས་ཁོ་གིས་ཡང་བཟའ་ད། བཞེས་སྒོ་བསག་པ་ཅིན་རོགས་ལུ་ ཟེར་མི་འདི་ཨིན།
  • མོན་བཱ་དུར་པར་དཱཎ
    ལཱ་འབད་ས་ཕྱོགས་ཅིག་ཁར།། འགྱོ་ས་ཕྱོགས་གཞན་ཁར།། ཟེར་མི་འདི་ ལཱ་འབད་ས་འདི་ཕྱོགས་ཅིག་ཁར་ དེ་ལས་རང་འགྱོ་ས་འདི་གཞན་ཁར་ལས་ཕར། ལཱ་འབད་ས་ཕྱོགས་ཅིག་ཁར།། འགྱོ་ས་ཕྱོགས་གཞན་ཁར།། རང་གིས་མནོ་ས་ལས་ཕར་མེན་པར་གཞན་ཅིག་ཁར་འགྱོ་མི་འདི་ལུ་སླབ་ཨིན།
  • མོན་བཱ་དུར་པར་དཱཎ
    དེ་ལས་ ལྷབ་སྟེ་འབད་རུང་ལྷག་དེབ།། གླང་རྨོ་སྟེ་བཟའ་དགོ་པས།། ཟེར་སླབ་མི་འདི་ཡང་ དཔེ་ཆ་ལྷབ་སྟེ་ལཱ་འབད་མ་བཟའ་ དེ་སྦེ་རང་སྡོད་སྦེ་གླང་རྨོ་སྟེ་ལཱ་འབད་བཟའ་ཟེརཝ་ཨིན་མས།
  • མོན་བཱ་དུར་པར་དཱཎ
    གཏམ་གཞན་ ཤེས་མི་ལུ་ཏམ་ཁུ།། (ཤིག་རཱེཊ)མ་ཤེས་མི་ལུ་ཤིང་གི་དུམ།། ལོ་བཅུ་གཉིས་དེ་སླབ་རུང་དོན་ཤེས་མ་ཚུགས།། ཟེར་སླབ་མི་འདི་ ཤེས་མི་ལུ་ཏམ་ཁུ་མས། མ་ཤེས་མི་ལུ་འདི་ ཤིང་དུམ་ཨིན་མས། འདི་བཟུམ་སྦེ་རང་ ག་དེམ་ཅིག་རང་ཀི་དེབ་ལྷབ་རུང་རང་ འདི་གི་དོན་དག་ཤེས་མ་ཚུགས་པ་ཅིན་ ལྷབ་ལྷབ་ད་མ་ལྷབ་ཅོག་འཐད་ཟེར་ཨིན་མས། འདི་འབད་ནི་འདི་གིས་ ག་དེམ་ཅིག་ལྷབ་རུང་དོན་དག་ཤེས་ནི་མེད་མི་འདི་ལུ་སླབ་ཨིན།། །།