Skip to main content Skip to search
15 Dec 2011
3 min 40 sec
Rating
0
No votes yet
Video Overview
Creators: 
Unknown

Two women discuss a recent dispute between two managers in the Lhasa Drama Troupe office.

Show More

  • འདིའི་བཞུགས་གས༼གམ༽
  • ཨོའོ་རེད།
  • ཁ་ས་ང་ཚོའི་ལས་ཁུངས་ཀྱི་རྒན་ལགས་ཁོང་གཉིས་རྒྱག་རེས་ཤོར་ཤག་ཟར༼ཟེར༽། ཨཱ་ཧ་གོ་བྱུང་གས༼གམ༽།
  • འོ། ཨེ་འདྲས་འདྲ་ཅིག་ཟར༼ཟེར༽། ང་ལའི་ཨེ་འདྲས་འདྲ་ཅིག་གོ་བྱུང་། 
  • བྱས་ཙང་། རྒྱག་རེས་ཞེ་པོ་ཤོར་སོང་ཟར༼ཟེར༽།
  • སུའི་དོན་དག་ཡིན་ནམ། 
  • རིག་འཛིན་དོན་དག་རེད་འདུག་ག
  • ཨ་ལས།
  • རིག་འཛིན་གས༼གིས༽ཨ་ལས་དེ་འདྲས་བྱས་པ་རེད་ཟར༼ཟེར་༽རེད་པ།
  • དོན་དག་འདྲ་དེ་བྱས་ན། རྒན་དེ་བློ་བཟང་ལགས་གས༼གིས༽རྒན་དེ་རྡོ་རྗེ་ལགས་གས་༼གིས༽ཧ་མ་གོ་པ་བྱས། ཧ་མ་གོ་པ་ཟེར་ནའི་ལས་ད་ཁོང་རང་མེད་པ་ཡིན་ནམ་ག་རེ་ཡིན་ནམ།
  • གྲོས་བསྡུར་བྱས་བྱས། རིག་འཛིན་ཉེས་ཆད་བཏང་འདུག་ག
  • ཨོའོ་འོང་།
  • ཨ་ནི་རྒན་རྡོ་རྗེ་ལགས་ཀྱིས་མཁྱེན་འདུག་གང་།
  • ཨ་ནི་རྒན་རྡོ་རྗེ་ལགས་ནམ་རྒྱུན།
  • རིག་འཛིན་དང་མི་འཆམ་པོ་འདྲ་ཅིག་རེད་པ་མི།
  • འཆམ་པོ་འདྲ་ཅིག་རེད་པ།
  • རེད་རེད།
  • ཨོའོ་དེས་རྒན་ལགས་སྐུ་རླུང་རྒྱ་བོ་བཞངས་འདུག་ག
  • ཕར་ཕྱིན་བྱས་ང་མེད་པ་བྱས་ང་ཧ་མ་གོ་པ་ག་རེ་རས༼རེད༽ཟེར།
  • རྒྱག་རེས་རྒྱ་བོ་བསྐྱོན་འདུག་ག
  • ཨ་ལས།
  • སྙིང་རྗེ། ཁོང་གཉིས་རྒྱག་རེས་ཞེ་པོ་ཤོར་སོང་ཟར༼ཟེར༽།
  • ང་ཚོའི་ལས་ཁུངས་ཁོང་ཚོ་ཁག་ཤས་ཀྱི་ཧ་གོ་འདུག་ག
  • བྱས་ཙང་ང་ལའི་ཨེ་འདྲས་ཟེར་མཁན་འདྲ་ཅིག་གོ་བྱུང་། རྒན་ལགས་ཁོང་གཉིས་རྩོད་པོ་ཞེ་པོ་ཅིག་བསྐྱོན་སོང་ཟེར།
  • འོང་། 
  • ང་ནི་ག་རེའི་དོན་དག་འདྲ་ཅིག་ཡིན་ནམ་བསམས་། ད་བྱེད་དུས་རིག་འཛིན་དོན་དག་ཡིན་པ་རེད། ཨ་ནི་གཞུག་གུ་གང་འདྲས་བྱས་སོང་།
  • ཨ་ནི་གཞུག་གུ་དེ། དང་པོ་བྱས་ན་རྒན་རྡོ་རྗེ་ལགས་རྒྱ་བོ་ངར་ཤག་ཟར༼ཟེར༽།
  • འོང་།
  • ཨ་ནི་གཞུག་གུ་རྒན་བློ་བཟང་ལགས་ཀྱིས་མི་ཨེ་འདྲས་ཟེར་གྱི་ཟར༼ཟེར༽ད། ད་དེང་སང་ཁ་སིང་རིག་འཛིན་གས༼གྱིས༽མིའི་མགོ་སྒང་ལ་ཤེལ་དམ་བཞུད།
  • ཨ་ལས། ཨོའོ་རེད་རེད། ཏག་ཏག་རེད། མིའི་མགོ་སྒང་ལ་ཤེལ་དམ་བཞུད། མིའི་ནང་མིས་འཚལ་ག་ཡོང་པ་རེད་། རེད་པ།
  • ནང་མིས་འཚལ་ག་ཡོང་ཨ་ནི་པུ་གུ་༼ཕྲུག་གུ་༽དེ་སྨན་ཁང་ལ་ལས༼ལུས་༽པ་རེད་ཟར༼ཟེར༽རེད་ད།
  • ཨ་ཙི་ལ།
  • ཨ་ནི་དེའི་ག་རེ་ཟར༼ཟེར༽སྨན་རིན་དང་གང་ག་སྤྲད་དགོས་རེད་ཟེར་གྱི་ཟར༼ཟེར༽། 
  • ཨ་ནི་མི་ཡའི་ལས་ཁུངས་ལ་འཚལ་ག་སླེབས་སོང་ཟར༼ཟེར༽རེད་པ།
  • ཨ་ནི་དེའི་སྔན་ལ་ནམ་རྒྱུན་ད་ཆང་རྒྱ་བོ་འཐུང་གི་རེད་པ།
  • རེད། ནམ་རྒྱུན་ནས་ཆང་འཐུང་ཡས་ལ་དགའ་པོ་རྒྱ་བོ་བྱས། དགོང་དག་ཅིག་དག་སྔ་ཙི་མ་ལོག་བྱས་ཨེ་འདྲས་བྱེད་ཀྱི་འདུག་ག
  • ཨེ་འདྲས་བྱེད་ཀྱི་འདུག་ག ཨ་ནི་ལས་ཁུངས་ལ་ནམ་རྒྱུན་རྟག་པར་རེ་ཞིག་ཕྱི་འབྱོར་ལས༼ལུས༽། མཚམས་མཚམས་མ་ཡོང་པ་བྱས། ཨ་ནི་དེའི་སྔོན་ལ་རྒན་ལགས་ཀྱིས་ཟེར་ན།
  • རྒན་རྡོ་རྗེ་ལགས་ཀྱིས་ཕལ་ཆེར་ཨེ་འདྲས་ཟེར་གྱི་ཡོད་པ་འདྲ། ཁྱེད་རང་ཚོ་ལམ་སང་ད་ག་ཨེ་འདྲས་ཟེར་ཐག་གཅོད་བྱས་བྱས་ཟེར།
  • ཨ་ནི་སློབ་གསོ་ག་རེ་རྒྱག་དགོས་དེ་རྒྱག་དགོས་རེད་གསུངས་ཀྱི་ཡོད་པ་འདྲ་འདུག་ག
  • ཨ་ནི་མི་སློབ་གསོ་ཆོབ་དོ་བརྒྱབ་ཚར་པ་རེད། རེད་པ། 
  • ཚར་པ་རེད་པ། དེ་ང་ཚོས་ཧ་གོ་གི་རེད་པ། ཁ་སང་ཚོགས་ཆེན་ཁོ་རའི་སྒང་ལ་ཡ་་ཨ་ལས་མིང་གཅིག་འབོད་པ་རེད་ད། རེད་པ།
  • རེད་རེད། ཏག་ཏག་རེད། ང་ཡོད།
  • རེད་པ།
  • ཨ་ནི་དེ་དུས་ད་དུང་རྒན་ལགས་རྒྱ་བོ་གསུངས་སོ་ག དེ་ད་སློབ་གསོ་ཟེར་ནའི་ད་དེ་ད་ཉེས་ཆད་སྤྲད་རྒྱུ་རེད་པ། ད་ཁ་སང་ཨེ་འདྲས་བྱེད་དུས་སྒང་ནས་མི་ཕྱི་ལོགས་ལ་ཡ་བག་ཆགས་སྡུག་ཅག་ཞེ་པོ་འདུག་ཟར༼ཟེར༽རེད་པ།
  • རེད།
  • ཨ་ནི་ཨེ་འདྲས་ཟེར་བྱས། ཁོང་ཚོས་ཐག་བཅད་འདུག་ག ཉེས་ཆད་བཏང་ད་སྨན་རིན་དང་གང་ག་ལོགས་མོ་རང་སོ་སོ་གླ་ནས་བཅག་རྒྱུ་བྱས་ཨེ་འདྲས་བྱས་འདུག་ག
  • ཨེ་འདྲས་བྱས་ན་ཏག་ཏག་རེད། ཞིང་མ་ཞིང་རྟག་པར་ཨེ་འདྲས་སློབ་གསོ་རང་སློབ་གསོ་རྒྱག་གི་བསྡད་ན་ཉན་ཡས་ཞེ་དྲག་མི་འདུག་ག
  • ཉན་ཡས་ཁོ་ར་མི་འདུག
  • ཨ་ནི་གཞུག་གུ་རྒན་ལགས་ཁོང་གཉིས་གང་འདྲས་བྱས་པ་ཡིན་ནམ།
  • ཨ་ནི་རྒན་ལགས་གཞུག་གུ་མི། ཡང་མི་རྒན་རྡོ་རྗེ་ལགས་ཀྱིས་གནས་ཚུལ་དེ་ཧ་ཁོ་ར་གོ་མི་འདུག་ག
  • ཨ་ནི་རྦད་དེ་རིག་འཛིན་གསལ་པོ་མ་བཤད་པ་འདྲ་འདུག་ག དེ།
  • ཨ་ལས༎
  • ཨ་ནི། ང་ཨེ་འདྲས་བྱས་བྱུང་ཟེར་ཡས་འདྲ་་ཅིག་མ་ཞིང། རྒན་ལགས་ལ་དེ་བཤད་མི་འདུག་ག
  • ཨ་ལས།
  • ཨ་ནི་རྒན་རྡོ་རྗེ་ལགས་སྔོན་ལ་ཧ་མ་གོ་པ་བྱས། རྒན་ལགས་དང་པོ་རྒྱ་བོ་ངར་བྱས་ཡོང་། གཞུག་གུ་དེ་ཧ་གོ་དུས་གནས་ཚུལ་ད་དེ་གས་ཧ་གོ་དུས་ཨ་ནི་རྒན་ལགས་བཤད་ཡས་གའི་མི་འདུག་ཟར་༼ཟེར༽།
  • རེད།
  • རེད་པ། ད་ཐག་གཅོད་ཏིག་ཙ༼ཙམ༽ཏིག་ཙ༼ཙམ༽མ་བྱས། རྟག་པར་རྟག་པར་དེ་འདྲས་བྱས་ན་སྐྱག་ལང་ཤོར་གྱི་རེད་པ།
  • རེད། རྟག་པར་ཨེ་འདྲས་བྱས་ན་སྐྱག་ལང་ཤོར་གྱི་རེད། རིན་འཛིན་མོ་རང་དེ་བྱེད་པོ་འདུག
  • སློབ་གསོ་རྟག་པར་ཨེ་འདྲས་བརྒྱབ་ནའི་ལས། ག་རེ་སེམས་ལ་ཉར་ཡས་མེད་པའི་བཟོ་འདྲ་ཅིག་
  • མི་འདུག བྱས་ཙང་།
  • རྟག་པར་དགོང་དག་དེ་འཁྱམས་ག་ཕྱིན། ཨ་ནི་སྦི་ཆུ་འཐུང་བྱས་བསྡད།
  • ཨ་ནི་ལས་ཀ་ཡག་པོ་བྱས་མ་ཡོང་པ་བྱས། ད་ཁ་སིང་སློབ་གསོ་ད་ཆོབ་དོ་བརྒྱབ་ཚར་པ་རེད། ད་ཨེ་འདྲས་བྱས་ནའི་ཡག་པོ་ཡོའོ་རེད་། རེད་པ།
  • རེད།
  • ད་རེས་མོ་རང་ལ་སྣ་སུན་ཅིག་རེད་ད་རེད་པ།
  • རེད། ཨེ་འདྲས་ཟེར་ཏིག་ཙ༼ཙམ༽ཏིག་ཙ་༼ཙམ༽་འདུག་བཟོ་མ་བྱས་ན། ཡང་དེ་བྱེད་ཡས་ཡོའོ་མ་རེད། རྗེས་མ་ཡང་ད་ག་བྱེད་ཀྱི་རེད། རེད་པ།
  • རེད་ཤག མོ་རང་ཡང་རྒན་རྡོ་རྗེ་ལགས་དང་འཆམ་པོ་ཡོད་ཙང་དེའི་བློ་ཤེས་འདྲ་ཅིག་བྱེད་ག་བྱེད་ཀྱི་འདུག་ག
  • ཨ་ལས།
  • ནམ་རྒྱུན་ནས་དེ་འདྲ་འདྲ་ཅིག་རེད་ཤག དེ་འདྲས་བྱས་ནའི་ཡག་པོ་ཡོའོ་མ་རེད་པ།
  • རེད། ཨེ་འདྲས་བྱས་ནའི་ཡག་པོ་ཡོའོ་མ་རེད།
  • ད་དེ་རིང་བྱས་ཙང་རིག་འཛིན་ཁོང་ཚོ་ཅིག་དག་སླེབས་མི་འདུག་ག
  • སླེབས་མི་འདུག བྱས་ཙང་ང་རིག་འཛིན་སླེབས་མི་འདུག་ག་རེ་འདྲ་ཅིག་བྱས་ཡིན་ན་བསམ་བྱུང་། དེ་དུས་རིག་འཛིན་དོན་དག་ཡིན་པ་རེད།
  • རེད། དོན་དག་རེད་ཤག
  • འོང་འོང་། དེ་འདྲས་ཡིན་པ་རེད། ད་ང་གཉིས་ཕར་ཐད་གས༼གམ༽།
  • རེད།
  • ཡང་ད་ལྟ། ང་གཉིས་གོ
  • ལགས་སོ། ད་ཨ་ལས་ང་གཉིས་དེ་ནས་མར་འཕྱམ་འཕྱམ་ཅིག