Video Overview
Tsoklo from Gartsé village in Tsekhok tells several riddles that describe nomadic life.
འབྲོག་པའི་འཚོ་བའི་ཁྲོད་ཀྱི་རྒྱུན་སྤྱོད་ཀྱི་ཁེད་འགའ་ཀློག་བདེ་ཡིད་འཛིན་སླ་བའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་བཀོད་ཡོད།
བརྙན་འདིར་འབྲོག་པའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་བྱ་དངོས་ཏེ་དཔེར་ན་འབྲོག་པའི་སྦྲ་དང་། སྒོ་ཕྱུག་འདོགས་བྱེད། རྩི་ཤིང་བཅས་ཀྱི་ཁེད་དང་ཁེད་ལན་འགའ་བཀོད་ཡོད་ལ། ཁེད་ནི་རྩེད་མོ་སོགས་ཀྱི་མདུན་ནས་བཞད་གད་སློང་བའི་ཆེད་དང་། གབ་པའི་ཚིག་དེ་ཕན་ཚུན་གསང་གཏམ་གྱི་ཚུལ་ཏུ་སྨྲ་བ་དང་ཡང་ན་རང་དང་མི་མཐུན་པའི་ཕ་རོལ་པོ་རྣམས་མགོ་རྨོངས་པར་བྱེད་པའི་ཕྱིར་དུ་གབ་བྱ་སྣ་ཚོགས་ལ་གབ་བྱེད་སྣ་ཚོགས་སྦྱར་ཏེ་སྟོན་པ་ཞིག་ཡིན་ལ། འདིར་ཡང་ཚིག་བདེ་ཞིང་གོ་སླ་བའི་ཚིག་གི་སྦྱོར་བ་ལ་བསྟེན་ནས་འཚོ་བའི་ཉམས་མྱོང་རྣམས་ཕྱོགས་བསྡུས་བྱས་ཡོད་པའི་ཁེད་འགའ་བརྗོད་ཡོད་།
谜语是用简短易懂的文句来暗示事物的词句。这段视频举例了牧区日常生活中的几则谜语。
本视频讲了牧区的日常生活中的几则谜语,用简短易懂的文句来表达。谜语也是藏族传统文化中的一个重要的组成部分,在日常生活的经验中所归纳,为了娱乐和消遣而编制的简短的语句。
- ཞི་མོ་རིང་བ་རིང་བ་དང་གློ་ཅ་མང་བ་མང་བ།
- དེ་ཅི་ཁེད་ཟེར་ན།
- དེ་ཟོག་འདོགས་བྱེད་ཀྱི་གདེང་རེད།
- དེར་མ་ཟད།
- དབྱར་གྱི་དུས་སུ་མར་ཁུ་རིལ་བུ་འདྲ།
- སྟོན་ཁའི་དུས་སུ་ནང་ནས་དུ་བ་ཐོན།
- ཁ་ཏོག་སེར་ལ་དབྱིབས་ནི་སྣག་ཚ་འདྲ།
- དེ་ནི་རྒན་མོ་ཅ་ཏོ་རེད།
- དེ་ནས་ཁྲི་མ་འབུམ་གསུམ་ཟེར་བ་ནི།
- མ་ནེ་དབྱུག་རིས་ཡན་ཆད་ན་ལྕེ་དལ་མེད་བཤད་ཚད་སྒོ་ཁྲི་མ་འབུམ།
- རྣ་ཁུང་ཕྲ་མོའི་ཡན་ཆད་ན་མིག་ཕྲ་རིས་ལྡེབ་ཙམ་ཁྲི་མ་འབུམ།
- ཐོད་པའི་རི་མོའི་ཡན་ཆད་ན་སྐྲ་ནག་པོ་སྐྱེ་སྟངས་ཁྲི་མ་འབུམ།
- དེའི་འཕྲོར།
- ཁྲི་མ་འབུམ་མེད་པ་འདྲ།
- གཡག་རྒན་མ་འགུལ་ནང་སོ་འགུལ་ཟེར་བ་རེད།
- དེ་ཅི་ཁེད།
- དེ་ནི་སྦྲ་རེད།
- ཁོག་ནས་མི་འགུལ་བ་རེད།
- གཡག་རྒན་མ་འགུལ་སོས་ཁ་འགུལ།
- དེ་ཅི་རེད་ཟེར་ན། ཁ་ཅོང་བསྲེས་ནོ་རེད།
- འབྲི་གཅིག་ཐག་པ་བརྒྱ་ཡིས་བཏགས།
- དེ་ཅི་རེད་ཟེར་ན། སྦྲ་རེད།
- འབྲི་བརྒྱ་ཐག་པ་གཅིག་གིས་བཏགས། དེ་ཕྲེང་བ་རེད།
- འདི་ཁ་སང་བཤད་ཟིན། ད་མེད་དོ།